I. Publication details
Slob dpon Padma La (ed.). 1979. Bod kyi khrims yig chen mo zhal lce bcu drug. Blockprint. Thimphu: Kunsang Topgyel And Mani Dorji. http://purl.bdrc.io/resource/W26040
II. Table of Contents
1. Homage [fol. 2.1-3.4]
2. Table of contents (dkar chag) [fol. 3.4-4.3]
3. The life-stories of the lineage of the kings of Upper Tsang [fol. 4.3-21.3]
གཙང་སྟོད་རྒྱལ་པོའི་གདུང་རབས་ཀྱི་རྣམ་ཐར། / gtsang stod rgyal po'i gdung rabs kyi rnam thar
4. The Central Palace of the Successive Rulers of this Dynasty [fol. 21.3-25.2]
གདུང་རབས་འདི་ཉིད་རིམ་པར་བྱོན་པའི་ཕོ་བྲང་གི་ལྟེ་བ། / gdung rabs 'di nyid rim par byon pa'i pho brang gi lte ba
5. The system of their legal codes, final testaments, historical narratives, etc. [fol. 25.2-28.6]
བདེའི་བཀའ་ཁྲིམས་ཀྱི་ལུགས་དང་བཀའ་ཆེམས་གཏམ་རྒྱུད་སོགས། / de'i bka' khrims kyi lugs dang bka' chems gtam rgyud sogs
6. The Sixteen Major Rules of Conduct and the Historical Records, Ancient Legal Documents, and Associated Traditional Narratives that Support Them [fol. 28.6-36.2]
སྤངས་བླངས་ཆེན་པོ་བཅུ་དྲུག་དང་། བདེའི་ལུང་རྒྱབ་ཀྱི་ཁྲིམས་ཡིག་རྙིང་པོའི་ལོ་རྒྱུས་དང་གཏམ་བརྒྱུད་ཞར་བྱུང་རྒྱུད་པ་ལས། / spangs blangs chen po bcu drug dang/ de'i lung rgyab kyi khrims yig rnying po'i lo rgyus dang gtam brgyud zhar byung rgyud pa las
7. Zhal lce bcu drug
- dpa' bo stag gi zhal lce [fol. 36.2-51.6]
- rdar ma wa'i zhal che [fol. 52.1-54.1]
- rgyal po me long gdong gi zhal lce [fol. 54.1-56.5]
- zhu bzhes bden brdzun gyi zhal che [fol. 56.5-58.1]
- bzung bkyig khrims ra'i zhal che [fol. 58.1-59.1]
- nag chen khrag gcor gyi zhal che [fol. 59.1-60.1]
- dran 'dzin chad las kyi zhal che [fol. 60.1-64.4]
- hor 'dra za rkang gi zhal che [fol. 64.4-73.1]
- bsad pa stong gi zhal che [fol. 73.1-92.1]
- rmas pa khrag gi zhal che [fol. 92.1-96.5]
- bsnyen ham mna' dag gi zhal che [fol. 96.6-106.5]
- brkus pa mjal gyi zhal che [fol. 106.5-108.5]
- nye 'brel 'bral 'dum gyi zhal che [fol. 108.5-111.6]
- byi byas rin gyi zhal che [fol. 111.6-113.4]
- nam phar tshur gyi zhal che [fol. 113.4-116.2]
- kla klo mtha' 'khob kyi zhal che [fol. 116.3-124.6]
III. Transcription
Page 1
གཅིག་
༄༅ །བོད་ཀྱི་ཁྲིམས་ཡིག་ཅེས་བྱ་བ་བཞུགས་སོ། །
Page 2
༄༅༅། །གང་ཞིག་འཇིག་རྟེན་ཁམས་འདིར་ཕན་བདེའི་དཔལ། །རྒྱལ་ཁྲིམས་གསེར་གྱི་་་་
འཁོར་ལོ་རྩབིས་སྟོང་གི། །མཐའ་བཞི་རྣམས་མནན་ཆོས་ཀྱི་རྒྱལ་པོའི་སྡེ། །སྙན་པའབྲུག་ལྟར་ཆེ་བ་་
དེ་ལ་འདུད། །ཨེ་མ་ས་དབང་རྒྱལ་པོའི་སྲས། །ཕུན་ཚོགས་དགེ་ལེགས་ཀུན་གྱི་གཞི། །གྲངས་་་་
མེད་བསྐལ་པར་ཚོགས་གཉིས་བསྐྲུན། །མགོ་ནག་མི་ལ་སྒམ་བུ་ཕྱྭ། །གཉའ་རེངས་དགྲལ་ཤིན་རྗེ་་་་
Page 3
གཉིས་
༄༅། །འདྲ། །ཆོས་སྲིད་སྐྱོངས་ལ་འཇམ་དཔལ་དབྱངས། །མངའ་འབངས་རྣམས་ལ་་
ཡིད་བཞིན་ནོར། །མཚན་སྨོས་གཙང་སྟོད་རྒྱལ་པོ་ཡིན། དེ་ཡི་གདུང་རབ་རིན་ཆེན་ཕྲེང་བའི་རྒྱན། །
མཛེས་པར་ཐོད་དུ་བཅིངས་པའི་ངོ་མཚར་གྱི། །འདོད་དགུ་ཡིད་བཞིན་འབྱུང་བའི་བཀའ་དྲིན་གཏེར། །
མཁས་གྲགས་གནམ་གྱི་ཤེ་མོང་ཐོབ་པར་ཤོག །ཞེས་མཆོད་པར་བརྗོད་དེ། སྤེལ་སེར་གཏམ་རྒྱུད་་
Page 4
ལས། གཙང་སྟོད་རྒྱལ་པོའི་གདུང་རབས་ཀྱི་རྣམ་ཐར། དེའི་ཕོ་བྲང་དང་མངའ་ཁུལ་གྱི་ཆེ་བ། དེའི་བཀའ་ཁྲིམས་གྱི་ལུགས་དང་
བཀའ་ཆེམས། དེའི་སྤངས་བླངས་དོན་གོ་བའི་ཞལ་ལྕེ། དེ་རྣམས་ཀྱི་ལུང་རྒྱབ་ཏུ་ཞར་བྱུང་གི་དོན་གྱི་ཁྲིམས་ཡིག་དང་གཏམ་བརྒྱུད་་་་
ཁུངས་བཙུན་པ། ཡིག་རྙིང་དང་། རྣ་གཏམ་ཐོས་པ་རྣམས་ཀྱང་བསྒྲིགས་པ་ལས། ཐོག་མར་གདུང་རབས་ཀྱི་ལོ་རྒྱུས་ནི།
སྤྱིར་ན་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་ཞི་་་རྒྱས་དབང་་་དྲག་གི་རྣམ་པར་ཐར་པ་སོ་སྐྱེའི་བློའི་སྤྱོད་ཡུལ་ལས་འདས་ཤིང་ཟབ་པ་དང་རྒྱ་ཆེ་་
བའི་བློ་ཆུང་གིས་རྟོགས་པར་དཀའ་མོད་ཀྱི། དེ་མ་རྟོགས་ཤིང་རྨོངས་པའི་བློར་སྙན་ངག་དང་སྡེབས་སྦྱོར་ཚིག་བཅད་ཀྱི་རྐང་པ་ལྷུག་པའི་་་
བ་སྒྲིགས་བརྩོམ་རྣམས་མེད་པར་ལྷ་དགའི་གཏམ་བཞིན་བབ་ཅོལ་དུ་བྲིས་པ་འདི་ཉིད། རྣམ་དཔྱོད་ཅན་གྱིས་གཟིགས་ན་སེང་གེའི་གཡུ་རལ་
Page 5
གསུམ་
༄༅། །ལ་སྤྲེའུའི་ལག་རྩེད་བྱས་པ་ལྟར་བཞད་མོའི་གནས་སུ་འདུག་ཀྱང་རང་རང་གི་མོས་ངོར་ཤར་བ་ཅུང་ཟད་འབྲི་བར་་་
བྱ་སྟེ། དེ་ཡང་སྤྱིར་གྱི་བོད་ཁ་བ་ཅན་འདི་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་ཁམས་གང་ལ་གང་འདུལ་གྱི་སྤྲུལ་པ་་་་་
བསམ་གྱིས་མི་ཁྱབ་ཅིང་། ལྷག་པར་ཆོས་ཀྱི་རྒྱལ་པོ་མེ་དབོན་རྣམ་གསུམ་གྱི་བཀའ་དྲིན་ལ་བརྟེན་ནས། སངས་རྒྱས་བསྟན་པའི་དབུ་་་་་
བརྙེས་པ་དང་། བསྒྱུར་བ་དང་། དར་བར་མཛད་པ། ལུགས་གཉིས་ཀྱི་བཀའ་ཁྲིམས་བཟང་པོས་སེམས་ཅན་ཐམས་ཅད་བདེ་་་་
སྐྱིད་ལ་བཀོད། མངའ་འབངས་དར་རྒྱས་སུ་མཛད་ཅིང་བོད་ན་སྔ་དར་བར་དར་ཕྱི་དར་གསུམ་བྱས་ན་འདི་ཡན་སྔ་དར་རོ། །བར་དར་ནི་་་
དཔལ་ལྡན་ས་སྐྱ་པས་བོད་ཤིང་སྒོ་བཙུགས་པའི་རྒྱལ་པོ་མཛད་པ་དང་། སྡེ་སྲིད་རྣེའུ་གདོང་པའི་མཚན་དོན་རྡོ་དར་སྒང་བཞག་ཡན་དུ་འདུག་་
Page 6
ཅིང་། དེ་ནས་བར་གྱི་མཇུག་ཕྱི་མའི་འགོའི་བར་དེར། བོད་དབུས་གཙང་འདིར་གློ་བུར་གྱི་མི་རྒོད་འགའ་ཞིག་གིས་ཡུལ་གྱི་ས་སྣེ་་་་
རྣམས་སུ་རྫོང་བརྩིགས་ཡུལ་སོ་སོ་བདག་ཏུ་བཟུང་སྟེ། རང་རང་འདོད་པའི་འཁྲུལ་འཁོར་གྱིས་བསམ་སྦྱོར་མི་བསྲུན་པའི་དམག་མཚོན་་་
གྱི་བསྐལ་པ་དར་ཧོར་སོག་ཀླ་ཀློའི་དཔུང་ར་ཟླར་སྦྲན་ནས་ཡུལ་ཁམས་ཐམས་ཅད་འཇོམས་ཤིང་། སེམས་ཅན་ལ་བདེ་བའི་གོ་སྐབས་མེད་་་
པའི་སྐབས་དེར་སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོད་ཀྱི་སེམས་ཅན་ལ་ཐུགས་བརྩེ་བའི་དགོངས་པ་ཟབ་མི་ཆོས་དབྱིངས་རྒྱ་མཚོའི་་་
ཀློང་ནས་ཡེ་ཤེས་ཆེན་པོའི་གཟིགས་པ་དགོས་འདོད་ཡིད་བཞིན་ནོར་བུའི་འོད་ཟེར་འཕྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་་་་
མཛད་པ་ལས། གཙང་སྟོད་རྒྱལ་པོའི་ཆབ་སྲིད་ཀྱི་རྟེན་འབྲེལ་རང་བཞིན་ལྷུན་གྱིས་གྲུབ་སྟེ། ཕྱི་དར་གྱི་དབུ་ཚུགས་པ་ཡིན་ཞིང་།
Page 7
བཞི་
༄༅། །རྒྱལ་རབས་འདི་ནི་སྐུ་རུས་ནི་ཁྲི་སོང་ལྡེའུ་བཙན་ཡབ་སས་ཀྱི་རིང་ལ་རྡོ་རྗེ་ཐེག་པ་ལ་གྲུབ་པ་བརྙེས་པའི་སྐྱེས་ཆེན་་་
དམ་པ་མང་དུ་བྱོན་པའི་ནང་ནས། གཉགས་ཀུ་མར་ཞེས་པའདི་ཉིད་གྱི་ལོ་རྒྱུས་ཞིབ་པ་ཡིག་ཚང་ལ་གསལ་ཞིང་། དེའི་གདུང་རབས་སུ་སྐྱེས་བུ་དམ་པའི་རིགས་
སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་པ་དང་། ཆོས་བཞིན་སྐྱོང་བའི་རྒྱལ་པོདང་། ཡང་ཀུ་སུ་ལུའི་ཚུལ་དང་། སྦས་པའི་ཚུལ་སོགས་དོན་དུ་སྐྱེ་བོ་དཀྱུས་མ་ཡིན་
པའི་གདུང་རབས་ཀྱི་ཕྲིང་བ་རིགས་རུས་དང་ཆོ་འབྲང་མ་ཉམས་ཤིང་བརྒྱུད་ཀྱི་ལྷ་འགོ་བ་རིམ་བཞིན་ཟམ་མ་ཆད་པ་བྱོན་པའི་ནང་ནས། གནན་བསྐོས་ལྷའི་བུ་ཞིང་ཤག་
ཚེ་བརྟན་རྡོ་རྗེ་ཞེས་བསོད་ནམས་ཀྱིས་མངོན་པར་མཐོ་བ་འདི་ཉིད་ལས་རིམ་པར་བརྒྱུད་པའི་ལྷ་དང་། གེ་སར། ཀརྨ་པའི་ཆོས་སྐྱོངས་་
སོགས་ཀྱི་སྤྲུལ་པ་མེས་ཕོ་རྣམས་བྱོན་ཞིང་། དེ་དག་གིས་ཞི་རྒྱས་དབང་དྲག་གི་རྣམ་ཐར་དང་སྤྲུལ་པ་བསྐྱེད་པ་བསམ་གྱིས་མི་ཁྱབ་པ། ་་་
Page 8
བརྗོད་ཀྱི་མི་ལང་བ་འདུག་ཀྱང་འབྲི་བར་མི་ལངཞིང་ཟུར་ཙམ་ཞིག་བརྗོད་པ་ལས། གནམ་སྦྱིན་མིའི་དབང་པོ་ཞིང་ཤག་ཚེ་བརྟན་རྡོ་རྗེ་དེ་ཉིད་་
ལ༑ རྒྱལ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་། རྗེ་བཙུན་དམ་པ་ཀུན་དགའ་སྒྲོལ་མཆོག་གིས་དབུས་གཙང་ལ་མངའ་བསྒྱུར་བར་ལུང་བསྟན་་་
ནས་མཚན་དོན་གྱི་དབུ་བརྙེས་ལ། དེ་ལ་སྲས་དགུ་ཙམ་ཞིག་བྱུང་བ་ལས། ཡོངས་སུ་གྲགས་པ་བོད་ཆོས་རྒྱལ་གྱི་སྤྲུལ་པ་ཀརྨ་མཐུ་་་་་་
སྟོབས་རྣམ་རྒྱལ་བེར་ནག་ཅན་གྱི་སྤྲུལ་པ་ཀུན་སྤངས་ལྷ་དབང་རྡོ་རྗེ། གེ་སར་གྱི་སྤྲལ་པ་ཀརྨ་བསྟན་བསྲུང་དབང་པོ་གསུམ་བྱུང་བ་ལས།
སྤྲུལ་པའི་དཔོན་པོ་འདི་གསུམ་གྱིས་གཙང་སྟེད་དུ་གཞན་ཕྱོགས་མ་རུངས་པ་ཚར་བཅད། གར་ཆེན་ཀརྨ་པ་ཡབ་སྲས་སྤྱན་དྲངས་ནས་འབུལ་
ཞབས། དབུས་གཙང་གི་རང་སྲིད་ཆེ་ཆུང་རྣམས་ཁུར་སྐྱོངས་གནང་བ་སོགས་ཞི་རྒྱས་དབང་དྲག་གི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ལོ་་་་
Page 9
ལྔ་
༄༅། །རྒྱུས་གེ་སར་གྱི་སྒྲུངས་དང་མཚུངས་པ་འདུག་ཀྱང་འབྲིར་མནུས། འདི་གསུམ་གྱི་སྐུ་དྲིན་ལས་མཚན་དོན་གྱི་་་
གཞི་ཚུགས། དེ་གསུམ་གྱི་སྲས་ཀརྨ་ཕུན་ཚོགས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས། ཧོར་སོག་ཕས་ཀྱི་རྒོལ་བ་ཚར་་་་་་
གཅོད་པ་ལ་ཨུ་རྒྱན་པདྨའི་སྤྲུལ་པ་བཞིན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ལྕགས་ཁྱི་ལོ་ལ་རྒྱལ་ཁབ་བསམ་འགྲུབ་རྩེར་སྐུ་བལྟམས། མ་མའི་་་་་
ཚོགས་ཀྱི་སྐུའི་སྐྱེད་བསྲིངས། སྐུ་ཆུང་ངུ་ནས་ཐུགས་སྒམ་ཞིང་མཁྱེན་པ་རྒྱས་པ་མིའི་དབང་པོར་གྱུར་པ་ཞིག་ལགས་ཤིང་། སྐུ་གཞོན་་
ནུ་ནས་ཡབ་ཡུམ་གནམ་གྱི་དགུང་སྐས་ལ་གཤེགས་དགུང་ལོ་ཉི་ཤུ་རྩ་ལྔ་ཡན་ལ་དམག་དཔུང་ཡན་ལག་བརྒྱད་ལྡན་དང་བཅས་ཏེ་དབུས་སུ་ཕེུབས།
ཡར་རྒྱབ་དཔོན་ཆེན་སོགས་གཞན་ཕྱོགས་ཚར་བཅད། དབུས་ལྷོ་བརྒྱུད་རང་ཞབས་སུ་བཅུག དེ་ནས་དབུས་གཙང་གི་རྒྱལ་ཕྲན་གདུག་
Page 10
རྩུབ་ཅན་རྣམས་ཀྱང་ཚར་བཅད་དེ། བཀའ་ཁྲིམས་བཟང་པོར་རྒན་མོ་གསེར་ཁུར་གྱི་དུས་འཇམ་དར་ཡུག་གཅིག་ཏུ་བསྐྱངས་དེ་ནས་ས་་་་
ཕོ་རྟའི་ལོ་ཧོར་སོག་ཀླ་ཀློའི་དམག་ཚན་པོ་ཆེ་བོད་དུ་ལུད། བྱང་ཁམས་ཐམས་ཅད་དམག་གིས་བཅོམ། ལྷ་ས་གཙུག་ལག་ཁང་ཀྱང་ཧོར་
སོག་གིས་བཟུང་ནས་རྒྱུ་གར་གྱི་ཛོ་ཀི། མདོ་ཁམས་བྱར་དྭགས་ཀོང་གསུམ། དབུས་གཙང་་་སོགས་དད་ཆེན་གནས་བསྐོར་བརྣམས་
ཀྱང་ཇོ་བོ་ཤཱཀྱ་ལ་གསོལ་བ་རྒྱང་ནས་འདེབས་པ་མ་གཏོགས་བསྐོར་བ་སྨོན་ལམ་སོགས་དགེ་བའི་ལས་རྣམས་བགྱིད་མ་ཐུབ། ཤར་གྱི་ཇ་ལའི་་་
འགྲུལ་གྱི་གསེར་གཟམ་ཡང་ཆད་པ་སོགས་དུས་ཤིན་ཏུ་མ་བདེ་བས་མི་ཐམས་ཅད་ཨོ་རྒྱུན་གྱི་སྦས་ཡུལ་འབྲས་མོ་གཤོངས་ཀྱི་གནས་སྒོ་སྒུག་པ་
ལས་ཐབས་མ་རྙེད་པའི་སྐབས། ས་སྐྱོང་མིའི་དབང་པོ་ཕུན་ཚོགས་རྣམ་པར་རྒྱལ་བས་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་གཡུལ་ཆེན་པོ་་་་
Page 11
དྲུག་
༄༅། །གཤམས་ཏེ། དཔུང་ཚོགས་ཡན་ལག་བརྒྱད་ལྡན་སྟོད་ལུང་མདར་ཕབ། ལྷའི་དམག་ཚོགས་པ་ལ་་་་་
འཕོས་པ་ལྔ་བུའི་གཟི་བརྗིད་ཀྱིས་མཐའ་དམག་རྣམས་ཚར་བཅད། དབུས་གཙང་རུ་བཞི། མདོ་ཁམས་སྒང་གསུམ། ལྷོ་མོན་་་
ཁ་བཞི་སོགས་མདོར་ན་སྟོད་ཛ་ཏི་དབྱུག་པས་བརླུངས་པ་ནས། རྨད་རྒྱ་མོ་དར་ཐགས་ས་ཡན་རང་ཞབས་སུ་བཅུག །གཞིས་ཀ་་་
བསམ་འགྲུབ་རྩེས་གཙོསཔའི་རྫོང་ཆེན་བཅུ་བཞི། སའི་མི་རྩ་གནོན་པའི་རྫོང་ཕྲན་སོགས་ཞལ་འཛིན་གྱི་སྐྱོང་བ་རྣམས་མ་གཏོགས་རྫོང་
པ་བཙན་གྱི་རིགས་རྣམས་མ་འོངས་པར་དུས་ཟིངས་ཀྱི་རྒྱུར་འགྲོ་བར་དགོངས་ནས་ཐམས་ཅད་རྨང་མེད་པར་བཤིག །ཤིང་ཆ་རྣམས་ལྷ་་་
སས་གཙོས་པའི་གཙུག་ལག་ཁང་རྣམས་ཀྱི་ཞིག་གསོས་དང་གྲུ་ཟམ་སོགས་ཀྱི་རྒྱུར་གནང་། ལྷ་སར་ཇོ་ཤཱཀ་རྣམ་གཉིས་ཀྱི་དྲུང་དུ་མཆོད་
Page 12
སྤྲིན་རབ་འབྱམས་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་་་་་་་ཁོར་ཨུག་ཏུ་བསྟར་ཆག་ས་སུ་འཛུགས་པར་མཛད། མཐའ་འདུལ་ཡང་་་་་
འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་སུའང་མཆོད་པ་རྒྱ་ཆེར་གནང་། སེ་འབྲས་དགེ་གསུམ་གྱིས་གཙོས་པའི་ཆོས་སྡེ་རྣམས་ཀྱི་་
འབའ་རེངས་པ་བསྟན་བཤིག་རྣམས་གནས་ནས་དབྱུང་རབ་བྱུང་གནས་བརྟན་དགེ་འདུན་འདུལ་ཁྲིམས་མཁས་ཤིང་བཙུན་པ་རྣམས་བསྡུས་་་
ནས་བསྟན་པའི་གད་བདར་དང་། སྡེ་དགོན་བསྟན་པ་ཉམས་ཆག་ཏུ་གྱུར་པ་རྣམས་ཀྱི་ཁ་གསོའི་དབུ་ཚུགས། རྒྱལ་བ་ཀརྨཔ་ཐམས་་
ཅད་མཁྱེན་པ་ཆོས་དབྱིངས་རྡོ་རྗེས་དབུས་གཙང་བདག་པོའི་ལུང་གནང་སྟེ་ཤེལ་ཐམ་དམར་ནག སྐྱ་དར་རྒྱ་གླིང་སོགས་ལུང་གི་ཆེ་པ་་་་་་
མངོན་པར་མཐོ་བའི་དགེ་མཚན་བསམ་གྱིས་མི་ཁྱབ་ཅིང་བཀའ་ཁྲིམས་བཟད་པོས་མདར་འབངས་རྣམས་རྫོགས་ལྡན་གྱི་དུས་ལྟར་བདེ་སྐྱིད་དུ་
Page 13
བདུན་
༄༅། །མཛད་པལོ།། །། ༈ དེའི་སྲས་ཕྱག་ན་རྡོ་རྗིའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོའི་སྐུའི་་་་་་
བསོད་ནམས་ཀྱིས་མངོན་པར་མཐོ་བ་ཀརྨ་བསྟན་སྐྱོང་དབང་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་འདི་ཉིད་བཀའ་གདམས་གླེགས་བམ་ཆུང་་་་་
བར། སངས་རྒྱས་དག་ནི་སྤྲུལ་པ་ཅིར་ཡང་སྟོན། །ཞེས་པ་ནས། རྒྱལ་པོར་སྤྲུལ་ནས་འགྲོ་བ་འདྲེན་པ་ལ། །རྒྱལ་པོའི་བུར་་་
སྤྲུལ་རིམ་གྱིས་རྒྱལ་ས་འཛིན། །གལ་ཏེ་རྒྱལ་པོའི་བུ་ཉིད་མ་ཡིན་ན། །རྒྱལ་པོ་མི་ཐོབ་འཁྲུག་པ་འབྱུང་བར་འགྱུར། དེ་བས་ཐབས་
མཁས་རྒྱལ་པོ་བསྟེན་པར་བྱེད། །ཅེས་གསུངས་པ་ལྟར། མེ་ཕོ་རྟའི་ལོ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ཡུལ་སེར་གེ་ལུང་།
མཆོད་རྟེན་རྒྱལ་པོ་སྐྱེས་སུ་སྐུ་བལྟམས། མཚན་མཁན་རྣམས་ཀྱིས་བལྟས་པས། སྐུ་འཁྲུངས་པའི་ཡུལ་གྱི་མིང་དང་འཁྲུངས་པའི་
Page 14
སྐར་མ་དུས་སྦྱོར་དང་། ཁྱད་པར་པདྨ་གླིང་པའི་ལུང་བསྟན་ཀུན་གསལ་མེ་ལོང་དུ། ཨོ་རྒྱུན་གྱི་སྦས་ཡུལ་ནས་བོད་དུ་ཕེབས་པའི་་་
དུས་ཡུལ་གྱི་མིང་ལ་སེང་གེ་ལུང་དུ་བཏགས། དེར་མཆོད་རྟེན་ཞིག་མཛད་ནས་རྒྱལ་པོ་སྐྱེས་སུ་མཚན་གསོལ། མའོངས་པ་ན།
འདིར་སྤྲུལ་པའི་རྒྱལ་པོ་ཞིག་བཙས་ནས་དེའི་རིང་ལ་བོད་ཀྱི་སེམས་ཅན་རྣམས་ལ་བདེ་སྐྱིད་ཉི་མའི་འོད་ཟེར་ཤར་བའི་ཁུར་ལྟ་བུ་ཞིག་ཡོང་གསུང་་
བའི་ལུང་བསྟན་ཁུངས་བཙུན་ཡོད་སྣང་བའི་རྟེན་ཅིང་འབྲེལ་འབྱུང་གི་སྟོབས་ལས། སྤྱི་བོ་གནམ་བསྟན་གྱི་རྒྱལ་པོ་འགྲན་པའི་ཟླ་དང་་་་
བྲལ་བ་འབྱུང་ཞེས་པ་ལ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པར་གྱུར་ཅིང་། སྐུ་ཆུང་ངུ་ནས་གཟི་བརྗིད་ཆེ་ཞིང་སྤྱན་དཔངས་་་་
མཐོ་བ་མངའ་ཐང་ཆེ་བ། སྐུ་བྱིས་པའི་ཚུལ་མི་སྟོན་ཞིང་སྒམ་པ་དགོངས་པ་ཟབ་པ་དཀྱིལ་ཆེ་བ། བསྟན་པ་ལ་ལྷག་པར་གུས་པ།
Page 15
བརྒྱད་
༄༅། །འབྲི་ཀློག་ལ་སོགས་པའང་བརྡ་ཙམ་གྱིས་མཁྱེན་ཞིང་། རིག་གནས་མཁས་པ། འཕོངས་དང་སྒྱུ་ཙམ་གྱི་
རིགས་ལ་གེ་སར་གྱི་རྒྱལ་པོ་ལྟབུ། ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་མངའ་འབངས་ལ་བརྩེ་བ། མ་རུངས་་
པ་འདུལ་ཕོད་པ་ལྷའི་དབང་པོ་བརྒྱ་སྦྱིན་དང་མཚུངས་པ་འདི་ཉིད། དགུང་ལོ་བཅོ་ལྔ་ལ་རྒྱལ་ཁབ་ཆེན་པོ་བསམ་འགྲུབ་རྩེའི་གདན་སེང་གེའི་
ཁྲིར་ཕེབས། རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོར་པཀྲ་ཤིས་མངའ་གསོལ། རྟེན་འབྲེལ་མཐའ་དག་བསྒྲིགས་པར་མཛད། ཀརྨ་་
པ་ཡབ་སྲས་ཀྱི་བོད་ཆོས་རྒྱལ་གྱི་ལུང་གནང་ཁྲི་འདོན་མངའ་གསོལ་བསམ་གྱིས་མི་ཁྱབ་པ་མཛད། དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱིས་
ཞབས་ལ་བཏུད། དགའ་སྟོན་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་མཛད་ཅིང་། སྤྱི་བོ་གནམ་བསྟན་བོད་རྩམ་ཟན་ཐམས་ཅད་ཀྱི་རྒྱལ་་
Page 16
པོར་གྱུར་པའོ། །སླར་ཧོར་སོག་གི་དམག་སྐོར་གཅིག་བོད་དུ་ལྷགས་ཏེ་སྐྱིད་ཤོད་ལུང་པར་གནས་བཅས། ལྷ་ས་ཟིན་ཇོཀཱརིན་པོ་
ཆེའི་མཆོད་སྤྲིན་ལོ་གཉིས་བཅག །དུས་མ་བདེ་བ་ལ། ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་དམག་དཔོན་རུ་བཞིའི་ལས་བཀའ་བསྐོས།
དཔུང་ཚོགས་ཡན་ལག་བརྒྱད་ལྡན་གཤིས་ཏེ་དབུས་སུ་བརྫངས། ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀླ་ཀློ་ཚར་གཅོད་པའི་དགོངས་པ་ལ་བཞུགས་
ཏི༑ ཞལ་དགྲ་ཕྱོགས་བསྒྱུར་ཙམ་གྱིས་སྐུ་བསོད་མངའ་ཐང་གི་ཟིར་མ་བཟོད་པར་བྱེད་ཏེ་རྒྱ་མཚོའི་མཐར་བྲོས། འཛམ་བུའི་གླིང་ལ་
དབང་བསྒྱུར། ཡབ་རྒྱལ་པོའི་དགོངས་པ་རྫོགས་ཐབས་སུ་རྟེན་བཞེངས། གྲུབ་མཐའ་རིས་མེད་དུ་ཚུལ་དུས་མཆོད་དུས་ཇ་སོགས་་
ཀྱི་ཐེབས་སུ་ས་ཆ་ཡོད་འབབ་ཁྲི་ཚོ་འབུམ་ཚོ་སྦྱར་བ་གནང་། ཡབ་རྒྱལ་པོའི་མཛད་པའི་འཕྲོ་ལུ། སྣར་ཐང་། མཐར་པ་གླིང་།
Page 17
དགུ་
བསམ་སྡིང་སོགས་བསྟནཔའི་ཞལ་གསོ་རྣམས་ལེགས་པར་གྲུབ་པ་མཛད། རྗེ་བཙུན་དམ་པ་་ཀུན་་
དགའ་སྙིང་པོ་ལཟབ་གནད་ཀྱི་ཆོས་སྐོར་རྣམས་ལེགས་པར་གསན་ནས་ཆོས་ཉིད་ཀྱི་དོན་ཐུགས་སུ་ཆུད། རྒྱལ་བ་ཀརྨ་པ་ཡབ་སྲས་ལ་་
བཀའ་བརྒྱུད་ཀྱི་གསན་པ་རྒྱ་ཆེར་མཛད་སྒར་ཆེན་འཛམ་གླིང་རྒྱན་རྒྱལ་ཁབ་ཆེན་པོར་སྤྱན་དྲངས་ཏེ་ཆིབས་་་་སུ་གསེར་སྦྲེང་སོགས་ཁྲི་འབུལ་
སྟོང་འབུལ་གྱི་འབུལ་ཞབས་སོགས་བསམ་གྱིས་མི་ཁྱབ་པས་མཉེས་པར་མཛད་ཅིང་། མཆོད་ཡོན་ཐུགས་ཡིད་གཅིག་འདྲེས་གནམ་ལ་
ཉི་ཟླ་ཟུང་གཅིག་ས་ལ་མཆོད་ཡོན་རྣམ་གཉིས་སུ་གྲགས་པར་གྱུར་ཅིང་། གཞན་ཡང་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཞལ་ངོ་རྣམས་དང་།
དཔལ་སྟག་ལུང་པ་སོགས་བོད་གངས་ཅན་གྱི་སྐྱེས་ཆེན་དམ་པ་རྣམས་ལའང་བཀའ་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད་ཅིང་། མཆོད་གཞིས
Page 18
དགེ་རྒྱུན་ཀྱང་བརྒྱ་གྲངས་མང་པོ་འབུལ་སྦྱོར་མཛད་པ་དང་ཁྱད་པརདུ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་མཛད་ཆེན་ལྔར་གྲགས་པ་ནི་སངས་རྒྱས་ཀྱི་་་
བསྟན་པ་རིན་པོཆིའི་ཞབས་ནས་འདེགས་པ་དང་། ཆོས་བཞིན་སྐྱོང་བའི་རྒྱལ་པོའི་ལུགས་བཟུང་བའི་ཕྱིར་བན་སེར་མོ་བའི་ཕྱག་མི་བཞེས་་
ཞིང་། གྲབ་མཐའ་རིས་མེད་ཀྱི་བན་ཁྲི་ཚོ་མང་པོ་རྒྱལ་ཁབ་བསམ་འགྲུབ་རྩེར་གདན་དྲངས་ནས་སེར་ཚོགས་ཚར་གསུམ་ལ་མང་ཇ་གདན་་་་་
ནོན་གྱི་ཞབས་ཏོག །གསེར་དངུལ། རིན་པཆི། རྒྱན་ཆས། གོས་དར། རྟ། ཁྲབ། ལྕགས། བུ་རམ།
བལ། ཚོས། བཙོད། ཚ། ནས་སོགས་འདོད་དགུའི་ལོངས་སྤྱོད་ཐམས་ཅད་སྤུངས་ཏི་འགྱེད་ཆེན་གནང་བས་དགེ་འདུན་རེ་ལ་ལོ་་
རེའི་རྒྱགས་གོས་ཀྱིས་འཚོ་བར་མཛད་པ་དང་གཅིག་ །མདངའ་འབངས་ཐམས་ཅད་ཀྱི་བདེ་སྐྱིད་དང་སྙོམས་ཆུང་ཉམ་ཐག་པ་ལ་ཕ་མ་ལྟར་བརྩེ་
Page 19
བཅུ་ཐམ་པ
བར་བོད་ཁྲིམས་བར་དུ་ལད་པ་རྣམས་གསོརའཇུག་ཕྱིར་བཀའ་ཁྲིམས་ཀྱི་གའུ་ལི་ཆན་མོ་བསྒྲིགས་པ་གནང་་་་
ནས་མངའ་འབངས་ཐམས་ཅད་ཞེ་ལ་སྤྲིས་མ་ཆགས་པ་ལྟར་ཞོད་འཇགས་ཤིང་ཉིན་མཚན་གྱི་གཉིད་གོ་མ་ལོག་པར་ཉལ་ཆོག་པ་དང་གཉིས།
མངའ་འབངས་ཁྲལ་མི་རྣམས་ལ་གསོ་ཞིང་སྐྱིད་པར་སྐྱིད་པར་ངོ་ཤེས་པའི་ཕྱིར་བརྒྱ་ཚོ་རེར་ལོ་ལོ་བཞིན་རེ་བསྐོར་གྱི་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་
རྣམས་བཅག་པའི་དར་རྒན་གྱི་ལུང་གནང་སྟེ། ལོ་འཁོར་རེར་རྒྱལ་ཁམས་ཐམས་ཅད་སྐྱིད་སྡུག་ཚར་རེ་སྙོམས་པ་གནང་བ་དང་གསུམ་མི་་་
འཇིག་པ་སྐྱབས་ཀྱི་སྦྱིན་པས་སེམས་ཅན་བདག་མེད་ཤ་རུས་ལྤགས་པའི་ཕྱིར་སྲོག་གིས་ཉེན་པ་རྣམས་སྐྱོབ་པ་དང་བདེ་བར་འདུག་པའི་ཕྱིར་ཆོ་་་
འཕྲུལ་དུས་ཆེན་ནས་ཟླ་བ་བཅུའི་བར་རི་རྒྱ་ཀླུང་རྒྱ་བསྒོམས་པ་གནང་བ་དང་བཞི། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་ཇོ་ཤཱཀ་་་
Page 20
ཡིད་བཞིན་ནོར་བུ་ལ་ཐག་རིང་མཐའ་འཁོབ་ནས་མཎྜལ་ན་བཟའ་ཕུལ་བ། ཕ་མ་དྲིན་ཅན་གྱི་རུས་པ་སྐྱོལ་བ། ཐོད་པ་གཏུགས་ནས་སྨོན་་་་
ལམ་རྒྱག་པ་དང་། གྲུབ་མཐའ་རིས་མེད་ཀྱི་ཆོས་ཀྱི་སྡེ་རྣམས་སུ་འབུལ་སྐྱེལ་སོགས་དགེ་རྒྱུན་གཟེར་ཟམ་གྱི་བདེ་ཐབས་ཀྱི་བྱང་རུ་རིགས་ཀྱི་་་
ཁྲིམས་ཁ་བསྡེམས་པ་མཛད་ནས་བཟང་འགྲུལ་མཐའ་འཁོབ་པ་སྤྲིན་དཀར་པོ་ལ་ཚད་བཙུགས། གངས་དཀར་པོ་ལ་སྣེ་བཏགས་ས་ནག་་་་
པོ་འདོམ་དུ་གཞལ་ནས་ཉམ་ཐག་ཅིང་ག་ཆད་པ་རྣམས་རྟ་ཆད་བྱུང་ཁམས་སུ་གསོལ་ཆོག་པ་དང་། མི་ཆད་ལྟོགས་འཁྱགས་ཀྱིས་གཙེས་པ་་
རྣམས་ལ་གྲོ་ཁ་བྱང་རུ་རིགས་ནས་གཡག་ལུག དབུས་ཀྱི་རྫོང་གཞིས་ནས་ཙམ་སྲན་གོས་རྒྱའི་རྣམ་ཕྲུག་གནང་སྟེ་བྱམས་བརྩེའི་བཀའ་དྲིན་་་
གྱིས་བསྐྱངས་ཏེ་རང་རང་འདོད་པའི་བགྱིད་བ་རྣམས་བསྒྲུབས་ཏེ་རང་རང་གི་ཡུལ་དུ་བདེ་བར་ལོགཆོག་པ་རྒྱ་ནག་པོའི་བྱང་སྒོ་སོག་ཡུལ་ནས་དབུས་
Page 21
བཅུ་གཅིག་
༄༅། །གཙང་གི་བར་རྒན་མོ་གསེར་འཁུར་ལྟ་བུའི་དུས་བདེ་བར་མཛད་པ་དང་ལྔ་། གཞན་ཡང་ཞི་རྒྱས་དབང་དྲག་
གི་མཛད་པ་སེམས་ཅན་གྱི་བདེ་ཐབས་འབའ་ཞིག་མཛད་པས་སྤྱིའི་དབོན་གཙང་སྟོད་རྒྱལ་པོའི་མཚན་དོན་དང་མཐུན་ཞིང་ཆོས་ཀྱི་རྒྱལ་པོར་གྱུར་པ་་
ནི་ཤབ་དང་ཤོབ་ཀྱི་མི་དགོས་པར་འདི་ཀའོ། །གདུང་རབ་འིད་ཉིད་རིམ་པར་བྱོན་པའི་ཕོ་བྲང་གི་ལྟེ་བ་ནི། རྒྱལ་ཁབ་ཆེན་པོ་བསམ་འགྲུབ་་་
རྩེ་ཞེས་རྣམ་པར་རྒྱལ་བའི་ཁང་བཟང་དམ་པ་འདི་ཉིད་ཡིན་རི་རྒྱལ་རིན་ཆེན་སྤུངས་པ་འདྲ་བ་ཕྱོགས་བཞི་ནས་བྲག་སེང་གེ་འདྲ་བ་དྲུག་གིས་བཏེགས་
པ༑ ཕྱིའི་སྒོ་ལྕོག་སེང་གེ་སྒོ་མོེ་ལྕགས་རི་ཁོར་མུ་ཁྱུད་རྣམས་ནི་སྲིན་པོའི་མཁར་ལྟར་བཙན་ཞིང་བརྔམས་པ། དགྲ་བོའི་མགོ་བོ་དང་རྒྱུ་མ།
མ་རུངས་པ་ཁྲིམས་ལས་བསྒྲལ་བའི་མིག་དང་ལག་པའི་ཕྲེང་བ་སོགས་འཇིགས་ཤིང་སྐྱི་གཡའ་བ། བར་གྱི་སྒོ་ལྕོག་རྣམ་ཐོས་སྲས་ཀྱི་ཁང་་་་་
Page 22
བཟང་ལྟར་འབྲུ་རིན་ཆེན་དཀོར་མཛོད་དང་། རྡོ་ལེབ་ཟླ་བ་ལྟར་དཀར་བ་བཅལ་དུབཀྲམ་པའི་ར་བ་ཡངས་པ། ཕྱོགས་བཞིར་སྒོ་ཁང་དང་་་
བསིལ་ཁང་དང་སྐས་ཀྱིས་མཛེས་པ། ཕོ་བྲང་གི་ལྟེབ་ནི་ལྷའི་ཁང་བཟང་ལྟར་མཛེས་ཤིང་ལྟ་བས་མི་ངོམ་པ་གསེར་གྱི་རྒྱ་ཕུབས་དང་བྲེ་འགྱོགས་་
ཟ་རམ་བརྩེགས་ཀྱིས་མཛེས་པ། གསེར་གྱི་རྒྱལ་མཚན་དང་གདུགས་དང་ཕན་གྱིས་བརྒྱན་པ། སྐུ་གསུང་ཐུགས་རྟེན། དེ་བཞིན་་་་་་
གཤེགས་པའི་འཕེལ་གདུང་རིན་པོ་ཆེ་ལ་སོགས་པ་ལ་མཆོད་པའི་བྱེ་བྲག་རོལ་མོའི་སྒྲས་དཔག་ཚད་ཀྱི་བར་ཁྱབ་པ་སོགས་བདེ་བ་ཅན་ནམ་་་་་
མདོན་དགའི་ཞིད་ལྟ་བུ། གསེར་ཁྲི། དངུལ་ཁྲིའི་སྟེང་དུ་༸ མི་དབང་ཆོས་ཀྱི་རྒྱལ་པོ་བཙུན་མོའི་ཚོགས་དང་། མདུན་ན་འདོན་དང་།
རྒྱལ་ཕྲན་རྟ་པ་དྲུང་འཁོར་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་ཏེ་བཞུགས་པ་ནི། ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་ལྟ་བུ་། ཕྱོགས་་
Page 23
བཅུ་གཉིས་
༄༅། བཞིའི་བྱ་བ་རྣམས་ཀྱི་བྱ་མ་རྟའི་ཚོགས་དང་། རྒྱ་གར་རྒྱལ་པོ་ཨར་གྷ་པར་བྱ། རྒྱ་ནག་རྒྱལ་པོས་སཐམས་་་་
མ༑ སོག་པོ་གཞུང་དྲུག་སོགས་ཀྱི་གསེར་ཡིག་མི་སྣའི་ཚོགས་ཀྱིས་མེ་ཏོག་ཟིལ་དངར་ལ་བུང་བ་འདུ་བ་བཞིན་འཐིབས་སེ་འཁོར་ཡུག་ཏུ་འདུ་
བ་ཕོ་བྲང་གི་ཕྱོགས་བཞིའི་ཚལ་བཞི། ཤར་རྩེ་དཀར་ཚལ་ལག་མཐིལ་ལྟར་སྙོམས་ཤིང་ཉམས་དགའ་བ། ལྷོར་བཀྲ་ཤིས་ཤིང་དགེ་བའི་་
ཚལ་ཁང་བཟང་དང་ཁྲུས་ཀྱི་རྫིང་བུ་མེ་ཏོག་སྣ་ཚོགས་སྐྱེ་བའི་ལྡུམ་རང་བྱ་སྣ་ཚོགས་སྐད་སྙན་བསྒྱུར་ཞིང་སྐྱིད་པ། ནུབ་དགའ་བ་ཚལ་བཟའ་
ཤིད་ར་བས་ཡོངས་སུ་བསྐོར་ཞིང་། དགེ་འདུན་གྱི་ཀུན་དགའ་ར་བ་སོགས་བག་ཕེབས་པ། བྱད་ཆུབ་གྲོང་དང་ཇ་ཚོ་ཚུལ་སྨན་ལྗོངས་འབབ་
ཆུས་བརྒྱན་ཞིང་ཡིད་དུ་འོང་བས་བསྐོར་བའི་ཕོ་བྲང་འདི་ཉིད་ཀྱི་མ་ལག་ཏུ་གཏོགས་པ་ཤར་རྒྱལ་མཁར་རྩེ་སེངྒེ་གནམ་་་ལ་འཕྱོང་བ་ལྟ་བུ། པ་
Page 24
སྣུམ་ལྷུན་གྲུབ་རྩེ་གནམ་ལ་ཟོབ་བཏགས་པ་ལྟ་བུ། གཞིས་ཀ་རིན་སྤངས་ལྷུན་ཆགས་པ་སོགས་ཀྱི་ཡོངས་སུ་བསྐོར་ཞིང་། ཕྱི་་་་་་
ལྕགས་རིའི་ཚུལ་དུ་ཤར་མི་འགྱུར་ཞིང་དྭགས་ཀོང་གི་ཁ་གནོན་འོལ་དགའ་སྟག་རྩེ། ལྷོ་མི་འགྱུར་ཞིང་ཀློ་མོན་གྱི་ཁ་གནོན་དོ་བོ་རྫོང་།
ནུབ་མི་འགྱུར་ཞིང་བལ་པོ་རྒྱ་གར་གྱི་ཁ་གནོན་རྣམ་རྒྱལ་ལྷ་རྩེ། བྱང་མི་འགྱུར་ཞིང་ཧོར་སོགས་རྒྱ་ནག་གི་ཁ་གནོན་གསང་སྔགས་བདེ་ཆེན་་་
དང་། གཞན་ཡང་ས་གནད་མེ་རྩ་གནོན་པའི་རྫོང་མཁར་བཙན་པོས་བསྐོར་བའི་དབུས་སུ། བོད་ཀྱི་རྡོ་རྗེ་གདན་ལྷ་ས་འཕྲུལ་སྣང་གི་་་་
གཙུག་ལག་ཁང་དང་། དགེ་འདུན་ཁྲི་ཕྲག་བརྒལ་བའི་ལྷ་སྡེ། མངའ་ཁུལ་མི་སྡེ་གྲོང་འཁྱེར་གནམ་གྱི་སྐར་མ་སར་ཆགས་པ་ལྟ་བུ་་་་
དགོས་འདོད་རྒྱ་བོད་འཁྲུལ་ཟམ་གྱི་ཚོང་འདུས་གང་ལ་གང་འདོད་འདུ་བ། ལོ་ཕྱུགས་རྟག་ཏུ་ལེགས་ཤིང་སྐྱ་རྒྱལ་བ། བཀྲ་ཤིས་ཕུན་་་
Page 25
བཅུ་གསུམ་
༄༅། །སུམཚོགས་པ་ནི་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་བསོད་མངོན་པར་མཐོ་བའི་བཀའ་དྲིན་ལས་བར་བ་འདི་ལགས་་་
སོ༑ ༑གསུམ་པ་དེའི་ལུགས་དང་བཀའ་ཆེམས་གཏམ་རྒྱུས་སོགས་ལས་རྒྱལ་རབས་འདི་ཉིད་ཀྱི་བཀའ་ཁྲིམས་གཙང་མ་འདི་ནི་ཁྲིམས་འགལ་
ལ་ནན་སྡུར། ཁྲིམས་མཐུན་ལ་བྱ་དགའ་བཟློས་པའི་ཞལ་ལྕེ་རྣམས་ཀྱང་སྔོན་གྱི་ཚིག་ཚོགས་ཚིག་རེའི་རིགས་རྣམས་ཕུད་དེ། བསྙེན་ཧམ་ལ་
སྣུམ་བསྐོལ་ཏེ་དཀར་ནག་མངོན་སུམ་དུ་ཤན་འབྱེད་པ་དང་། སྟོང་ལ་སྙིང་གནོན་གྲང་ཕུད་སྲང་ཞོའ་བེབས་ཀྱི་ཁོག་ཏུ་སྟོང་དཀར་སྟོང་ནག་མི་་་
བདག་རྒྱལ་སོགས་རྣམ་གྲངས་རྣམས་བསྡུས་པ་དང་། ཧོར་འདྲའི་ཆད་ཤུལ་གྱི་ཁོག་ཏུ་གདན་སྟོང་བཞི་ཟུར་གྱི་ཚིག་ཚོགས་རྣམས་བསྡུ་བར་་་་
མཛད་པའི་བཅད་ཁ་གཙང་ཞིང་བརྗིད་ནོན་ཚེ་བའི་བཀའ་ཁྲིམས་ཀྱི་རྒྱལ་ཁམས་རྒན་མོ་གསེར་འཁུར་རྫོགས་ལྡན་གྱི་དུས་ལྟ་བུ་ཀུན་གྱིས་གཟིགས་
Page 26
པ་འདི་ལྟར་ལགས་ཤིང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁྲིམས་ཆེན་པོ་གསེར་གྱི་གཉའ་ཤིང་ལྟར་ལྕི་བ་ཉི་ཟླ་དབྱིངས་ནས་འཆར་བ་ལྟར་་
ཉེ་རིང་མེད་པ། དབུས་ཀྱི་རི་བོ་མཆོག་རབ་ལྟར་གང་གིའང་བསྐྱོད་པ་མེད་པ་ཚུགས་པ་རྒྱ་མཚོ་ཆེན་པོ་གཏིང་དཔག་དཀའ་བ་ལྟར་གང་གིས་་་
ཀྱང་རྟོགས་པར་དཀའ་བ་འདི་ཉིད་ཀྱི་དགོངས་པ་ཇི་ལྟ་བུས་ཀྱང་ལོན་པར་མི་འགྱུར་བས། བདག་ཐ་མལ་གྱི་བློའི་སྤྱོད་ཡུལ་ལས་འདས་མོད་ཀྱང་།
རྒྱལ་པོའི་ལུང་གིས་ཧོར་སོག་ཁ་་གནོན་གྱི་རྫོང་ཆེན་གསར་སྔགས་བདེ་བ་ཆེན་པོའི་ལས་འཛིན་དུ་ལུང་ཕུད་མགྲིན་བཟང་གིས་གཟིག་ལྤགས་གྱོན་་
ཏེ་སྤུ་མེད་ཀོ་གདན་གྱི་ཚུལ་དུ་ལོ་བཅུ་གཅིག་བསྡད་སྐབས། འཇིག་རྟེན་གྱི་རྣམ་བཞག་བཀའ་ཁྲིམས་ཀྱི་ལུགས་ཞལ་ལྕེའི་གཅོད་ལུགས་་་་
སོགས་བཀའ་ཆེམས་རྡོ་ལ་ཡི་གེ་བྲིས་པ་ལྟར་ནག་པོ་འགྲོ་ཤེས་སུ་གནང་བྱུང་བ་ལ་དཔགས་ན། དབུས་ཀྱི་ཞལ་ལྕེ་དེ་རྣམས་རྒྱལ་བརྒྱུད་ཁུངས་
Page 27
བཅུ་བཞི་
༄༅། །ཅན་གྱི་བཀའ་ཁྲིམས་མེད་པ་ལ་དཔགས། རང་ཤེས་རང་དྲན་ལ་སོང་བའི་བདེན་བརྫུན་མེད་པའི་ཆད་པ་ཆད་་་
ལན་གཏོང་བ། འདོད་པ་ཧོར་འདྲའི་ཟ་མ་ལ་རྐང་པས་གང་འཁོར་གྱི་རྩིས་རྒྱག་པ། ཁྱིས་རྨུག་ནས་རྐྱེན་པ་དང་། གཡོག་ལ་བསྡད་་་
ནས་ཤི་བ་ལ་མི་བདག་ཁ་བཤེད་ཅན་གྱིས་དགེ་སྟོང་འདོད་པ་གཞན་ཡང་ལུང་པ་རེར་ཁྲིམས་ལུགས་རེའི་ཞལ་ལྕེ་མི་གཅིག་པ་རྣམ་གྲངས་མང་་་་
བར་འདུག་པ་ནས་གཙང་སྟོད་རྒྱལ་པོའི་ལུང་གིས་བོད་དབུས་གཙང་ཐམས་ཅད་ཁྱབ་ཕྱིན། ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་ཁྲིམས་ལ་བརྟེན་་་
དགོས་པ་བབས་ཐོབ་ཆེ་བར་འདུགས་པས་ཁྲིམས་ཡིག་ཤེལ་ཐམ་ཆེན་མོ་སླར་ཞུ་བར་བྱས། དེ་བར་གཉེར་ཚང་གི་བསྐུལ་བརྡ་གཉེར་གཡོག་་
ལུང་ཚན་གྱི་རྒན་པོ་གཙོ་བོ་རྣམས་ཀྱི་ཞལ་ཆེའི་རྣམ་བཞག ཕུན་ཚོགས་དགེ་ལེགས་མ་བྱ་བའི་ཟིན་བྲིས་ཞིག་བྱས་པ་དེའི་བསྒྲིག་འཕྲོར།
Page 28
སྣེའུ་བདེ་ཡངས་ནས་བཞུགས་ཕུལ་བ་འཕྱར་ཏེ། ཁྲིམས་་་ཡིག་ཏུ་མིང་བཏགས། མགོ་རྩོམ་དུ་སྙན་ངག་གི་ཚིགས་བཅད་ཡོད་པའི་
ཤོག་དྲིལ་གཅིག་དང་། ཡང་རྩོམ་གཞི་དེ་ཁ་ཡིན་པ་གཞིས་ཀ་སྣེའུའི་ཁྲིམས་ཡིག་ཡིན་ཁུལ་དུ་མཛད་པ་ཞིག་འདུག་པ་འདི་རྣམས་ཟིན་་་
བྲིས་འབྲི་འཕྲོར་སོང་བས་ཞལ་ཆེ་མ་ཚང་ཞིང་། ལྷག་པར་གོ་བ་མ་ཐེབས་པའི་མ་དག་པ་དང་། མ་ཚང་བ་ཡང་འདུག་ཅིང་། ཁྱད་པར་མིང་
ཁྲིམས་ཡིག་ཏུ་ཐོགས་པ་ཞིག་འདུག་པས། ཁྲིམས་ཡིག་ཅེས་བྱ་བ་རྒྱལ་པོའི་བཀས་བཅད་ནས་དམ་ཁ་འབྱར་བ་ལ་ཟེར་བ་ཡིན་པས། ཁུངས་
བཅད་ན་རེག་གཅོད་རང་མཚམས་སུ་འགྲོ་བ་འདུག་པས། སླར་ཞལ་ཆེའི་ཟིན་བྲིས་ཀྱི་འཕྲོས་རྣམས་བསྒྲིགས་ཏེ་བཀྲས་སྒང་ནས་ཨོ་ལོ་་་
འགྱུར་མེད་རྡོ་རྗེས་འཇིག་རྟེན་ཞལ་ཆེ་སྲོལ་ལུགས་ཇི་ལྟར་ལེགས་ཚུལ་གྱི་དྲི་བ་གནད་བྱུང་བ་ལས། བཞི་པ་སྤངས་བླངས་ཆེན་པོ་བཅུ་དྲུག་དང་།
Page 29
ནཅོ་ལྔ་
༄༅། །དེའི་ལུང་རྒྱབ་ཀྱི་ཁྲིམས་ཡིག་རྙིང་པོའི་ལོ་རྒྱུས་དང་གཏམ་རྒྱུད་ཞར་བྱུང་རྒྱུད་པ་ལས། སྔོན་གྱི་ཚལ་པའི་ཁྲིམས་་
ཡིག་རྙིང་པ་སྡེ་པ་ལུམ་པ་ནས་ཆོས་རྗེའི་ལག་ཏུ་འདུག་པ་ཁུངས་བཙུན་ཞིག་དང་། ཕ་གཏམ་བརྒྱུད་ལ་མཁས་པ་ཞིག་ཡོད་པ་དེའི་ངག་རྒྱུན།
རང་གིས་ཀྱང་དབུས་གཙང་ཧོར་སོག་ལྷོ་མོན་གང་གི་སར་སླེབ་པ་དེ་ལུགས་སོགས་ལས། ཞལ་ཆེའི་གཞི་མ་ཁྲིམས་ཡིག་བཞིན། དེ་ལ་་་
ཆོས་ཁྲིམས་དང་རྒྱལ་ཁྲིམས་དང་རང་ཁྲིམས་དང་གསུམ། ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ་པ། རྒྱལ་ཁྲིམས་གསེར་གྱི་གཉའ་་
ཤིད་ལྗིད་ནོན་ཆེ་བ། རང་ཁྲིམས་ཐེག་པ་་ཁུར་བླངས་ཡོན་ཏན་དང་ལྡན་པ་དགོས་ཤིང་། ཆོས་ཁྲིམས་ནི། ཡང་དག་པར་རྫོགས་པའི་་་
སངས་རྒྱས་ཀྱིས་མི་དགེ་བ་བཅུའི་གཉེན་པོར་དགེ་བ་བཅུ་གསུངས། དེ་ལ་བརྟེན་ནས་ཆོས་རྒྱལ་མེས་དབོན་རྣམས་ཀྱིས་དགེ་བ་བཅུ་ལ་བརྟེན་་
Page 30
ནས་རྒྱལ་ཁྲིམས་བཅས་ཏེ། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། མ་བྱིན་པར་བླངས་པ་་་་
རྣམས་ལ་དགོངས་ནས་སྟོང་དང་། བྱི་འཇལ་དང་། རྐུན་འཇལ་རྣམས་བཅས། ངག་དང་ཡིད་ཀྱི་སྒོ་ནས་རྫུན་དང་བརྣབ་སེམས་གནོད་
སེམས་ལ་སོགས་པའི་ལྐོག་གྱུར་གྱི་ཉེས་པ་རྣམས་ཡེ་ཤེས་པ་དཔང་དུ་བཙུགས་ནས་མནའ་དག་སོགས་མཛད་ཅིང་། རང་ཁྲིམས་ཐེག་པ་་་་
ཁུར་བླངས་ནི། སྔོན་རྒྱ་གར་དུ་གླང་པོ་ཆེ་དང་། རི་བོང་དང་། བྱ་སྲེག་པ་དང་གསུམ་གྱི་གླང་པོ་སྟོབས་ཆེ་བས་ཆུ་ལ་འཁུར་ཏེ་བསྒྲལ།
རི་བོང་ནི་བློ་དང་ལྡན་པས་གྲོས་དང་བྱུས་གཙོ། སྲེག་པ་ནི་འཕུར་ཐུབས་ཤིང་རྩེའི་འབྲས་བུ་བསྡུས་ཏེ་ཁོང་གསུམ་གྱི་ཟས་བྱེད་པ་ཞིག་ལུང་པའི་ཕུན་ཡོད་པ་ལས། ལུང་པ་དེར་ལོ་ཆུ་རྟག་ཏུ་ལེགས་ཤིང་། ཆར་ཆུ་དུས་སུ་འབེབས་བདེ་སྐྱིད་ལྡན་པ་བྱུང་བ་ལས། བྲམ་ཟེ་མཚན་མཁན་་
Page 31
བཅུ་དྲུག་
༄༅། །ཞིག་གིས་བརྟགས་པས་སེམས་ཅན་དུད་འགྲོ་གསུམ་པོ་ཁྲིམས་ལ་གནས་ཤིང་། མཐུན་གཤིབ་ལེགས་པ་དེའི་
ཡོན་ཏན་ལས་བྱུང་བར་གོ་ཞིང་། དེང་སང་ལ་ཚོང་པ་ཁེ་བོགས་སོགས་རང་རང་རྒྱུ་ཡི་དོན་དུ་འགྲོ་བའི་དེད་དཔོན་ཚོང་པ་འགྲུལ་ཚན་རྣམས་ཀྱིས་
ཀྱང་ས་ཚིགས་ཤོ་འགྲིམས་དགྲ་ཟོན་སོགས་རྟག་ཏུ་དེད་དཔོན་ཡོན་ཏན་ཆེ་བ་ཞིག་གི་ཁ་ལ་ཉན་ཏེ། རང་ཁྲིམས་དམ་ཚིག་ལ་གནས་ན་ཐམས་་་
ཅད་ལམ་བདེ་ཞིང་མགོ་ཐོན་པ་གཏམ་ལོན་པ་དང་བཅས་ཏེ་རང་ཡུལ་བདེ་བར་སློབ་པ་འདི་ཡིན་ཞིང་། དཔོན་ས་ནས་ལུང་གིས་བསྐོས་པའི་སྣེ་་
མོ་ལས་འཛིན་རྣམས་ཀྱིས་ཀྱང་མི་ཆོས་སྒོར་འཇུག་ལ་རང་བདེན་གཙང་མ་དགོས་ཟེར་བའི་དཔེ་ལྟར་རང་གི་ཀྱང་ཁྲིམས་དང་མཐུན་པར་ཁྲེལ་ཡོད་པ་
ངོ་ཚ་ཤེས་པ། བག་ཡོད་པ་དང་ལྡན་ཞིང་། དཀོན་མཆོག་མ་ཁྲེལ་བ་ཞིག་གཙོ་བོར་བྱས་ཏེ། དཔོན་ཉེས་ན་བོང་བུ་གསོད་ཟེར་བའི་དཔེ་
Page 32
ལྟར་དཔོན་གྱི་བཀའ་གང་གནང་ལ་མངོན་པར་བསྟོད་པ། དགོངས་པ་ལེན་མཁས་པ། ཅིག་སུང་དཔོན་པོའི་བྱབ་སྒྲུབ་པ། དམ་པ་
བཟང་བ། མི་དྲན་པ་མེད་པ། གང་དྲན་ལག་ཏུ་མི་ལེན་པ། དམ་པ་ཆེ་དགུ་ཝ་རབས་མཛད་བཟང་ལ་མིག་ལྟོས་བྱེད་པ། ཟོམ་་་་
ལུས་ཧང་ཟོམ་མེད་པ། འདི་ལ་དགོངས་ནས་རང་ཁྲིམས་རྒྱལ་པོ་མེ་ལོང་་གདོང་གི་ཞལ་ཆེ་ཞེས་འབྱུང་ཞིང་དྲན་པས་གང་གསལ་ལག་ཏུ་བླངས་
ཏེ༑ གོང་པའམ་ཉེ་གྲོགས་ལ་མངོན་ཤེས་མེད་པ་གཞིར་བཞག་སྟེ། ཁ་མཁས་ལ་གཏིང་རང་འདོད་ཆེ་བ། འགྲོ་དམིགས་ལ་ཁབ་་་་
སྙུང་ཚུད་མཁས་པ་ཤིག་གི་རྒྱུས་པ་འདོན་པ། སྲོ་མའི་སླད་པ་བལྡག་པ། སྔར་མ་གྲགས་ཀྱི་བྱ་བ་ལ་བློ་འཇུག་ཅིང་ཟེང་ཐོན་པ། ལས་་
རྒྱུ་འབྲས་ལ་བརྩི་བཞག་མེད་པོ་དེ་རིགས་ལ་འཕྲལ་འགྲོ་དམིགས་དུས་ཀྱིས་ཡོང་ཡང་དཀོན་མཆོག་དབྱིངས་ནས་ཁྲེལ་བས་མཐར་མི་ཕྱིན་ཅིང་་་་
Page 33
བཅུ་བདུན་ གོང་
༄༅། དཔོན་པོའི་ལ་གཡོག་འགོ་བ་དང་། འདི་ཕྱི་གང་རུང་ལརང་ཐོག་ཏུ་མྱོང་བར་འགྱུར་བས། ཁྲེལ་ཡོད་ངོ་་་
ཚ་རྣམས་དང་དཔལ་གྱི་ཤེས་བཞིན་ཞེས་འཇིག་རྟེན་གྱི་བཀྲ་ཤིས་ཀྱི་ཐོག་མར་ཡོང་བས་ཁྲེལ་དང་ངོ་ཚ་ཡ་རབས་ཀྱི་སྤྱོད་ཚུལ་སོགས་མི་ཆོས་་་
བཞི་ལྡན་ཞིག་དགོས་ཤིང་། ཚད་མའི་མི་དེ་ལུང་པའི་གཙོ་རྒན་ཡིན་ནམ། ཚོང་པའི་དེད་དཔོན་ཡིན་ནམ། དཔོན་གྱི་ལས་འཛིན་་་
ཡིན་རུང་། གཙོ་དཔོན་དེད་དཔོན་གྱི་སྤྱི་བརྩིགས་ལ་བསམ་པ་ཆེ་བས་རང་ཁྲིམས་ལ་བཅུག སྣེ་མོར་ལས་འཛིན་གྱི་ཁྲིམས་བཟུངས།
རྒྱལ་པོའི་ལུང་བཞིན་བསྐྱངས་ནས་མངའ་འབངས་མི་སེར་ཞོད་འཇགས་ནས་ཉིན་མཚན་གྱི་གཉིད་གོ་མ་ལོག་པར་ཉལ་ཆོག་པས། དཔོན་པོ་
གོང་པར་དད་པ་དང་ཞེན་པས་འཐད་ཏེ། དཔོན་གདུང་རབས་དང་གཡོག་མི་རབ་ཟེར་བའི་གསེར་གཞོང་མར་ཁུས་ཁེངས་པ་ལྟ་བུའི་དཔོན་་་་་
Page 34
གཡོག་དེ་ཡོད་པ་ཡིན་པས་རྫོང་དཔོན་རྣམས་ཀྱི་དཔོན་པོའི་ཞབས་ཏོག་གི་གཙོ་བོ་ཁྲིམས་དང་ངོ་ཚ་ལ་གཅེས་སྤྲས་སུ་འཛིན་དགོས་ཤིང་།
དེང་སང་གི་ཁ་དཔེར་ཀྱང་། ཁྲིམས་ཁྲིམས་སར་གཅེས་པ་དང་། ཁྲིམས་མེད་གཙོ་བོས་བྱས་ན་འབོད་པ་སུ་མ་རྒྱག་ཟེར་བ་ལྟར། མི་་
བཅུ་ཡན་གྱི་གཙོ་བོ་དང་མགོ་མི་བསམ་པ་བྱེད་དགོས། བསམ་པ་ཆེ་བ་དང་། ངོ་ཚ་ཤེས་པའི་གཙོ་བའི་མི་ཕོ་དེ། ཁྲིམས་པའི་བཀའ་
ཁྲ༑ བར་པའི་གཟུ་སོགས་གང་ལའང་སྔོན་དུ་དྲང་པོ་ཞིག་གི་ཁྲི་གཟུའི་རས་རྒྱགས་པ་ལ་རྟ་སློག་ཅན་གྱིས་བཏང་བའི་གཟུ་ར་སློག་ཅན་གྱིས་་་
མི་ཤིག་བྱ་བ་དང་། གཟུ་སྤྲང་པོས་བཏང་ཡང་གཟུ་བདག་རྒྱལ་པོ་གྱིས་ཟེར་བའི་དཔེ་ལྟར་རྒྱ་ཡིག་ནམ་མཁའ་ལ་འཕྱར་ཆོག་པ་དང་། བོད་
ཡིག་ས་གཞི་ལ་གཏིང་ཆོག་པའི་ཆོས་བཤད་ཀྱི་རྩ་བ་དགེ་སྡིག ཞལ་ཆེའི་རྩ་བ་རྒྱལ་ཁྲིམས་ཟེར་བ་ལྟར་རྒྱལ་པོའི་ཁྲིམས་ཀྱི་དགོངས་པའི་་་་
Page 35
བཅུ་བདུན་ འོག་
༄༅། །ཁྲིམས་ཡིག་ཆེན་མོ་གཞིར་བཞག ཡུལ་ཁྲིམས་ལ་དཔེ་བླངས། རང་ཁྲིམས་པ་ཡིན་ལུགས་གའུ་ལེ་བསྒྲིགས་
ནས། ཞལ་ལྕེ་ཆེན་མོ་བཅུ་དྲུག་གི་གཏན་ལ་ཕབས་ཏེ། འཇིག་རྟེན་ཞི་དྲག་སྤངས་བླངས་རྣམས་ཟིན་འདོམས་དགོས་པ་ལ་ཞལ་ལྕེ་བཅུ་དྲུག་་་་
གང་ཞེ་ན། དང་པོ་དཔའ་བོ་སྟག་གི་ཞལ་ལྕེ། གཉིས་པ་དར་མ་ཝའི་ཞལ་ལྕེ། གསུམ་པ་སྣེ་མོ་ལས་འཛིན་གྱི་ཞལ་ལལྕེ། བཞི་པ་ཞུ་
བཞེས་བདེན་རྫུན་གྱི་ཞལ་ལྕེ། ལྔ་པ་གཟུང་དཀྱིགས་ཁྲིམས་རའི་ཞལ་ལྕེ། དྲུག་བ་ནག་ཆེན་ཕྲག་གཅོད་ཀྱི་ཞལ་ལྕེ། བདུན་པ་་་་
དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། བརྒྱད་པ་ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། དགུ་པ་བསད་པ་སྟོང་གི་ཞལ་ལྕེ། བཅུ་པ་རྨས་པ་ཁྲག་གི་་་་
ཞལ་ལྕེ། བཅུ་གཅིག་པ་བསྙེན་ཧམ་མནའ་དག་གི་ཞལ་ལྕེ། བཅུ་གཉིསཔ་བརྐུས་པ་འཇམ་གྱི་ཞལ་ལྕེ། བཅུ་གསུམ་པ་ཉེ་འབྲེལ་འབྲལ་
Page 36
འདུམ་གྱི་ཞལ་ལྕེ། བཅུ་བཞི་པ་བྱི་བྱས་བྱི་རིན་གྱི་ཞལ་ལྕེ། བཅོ་ལྔ་པ་ནམ་ཕར་ཚུར་གྱི་ཞལ་ལྕེ། བཅུ་དྲུག་པ་ཀླ་སློ་མཐའ་འཁོབ་ཀྱི་་་་
ཞལ་ལྕེ་དང་བཅས་བཅུ་དྲུག་ལས།། །། ༈ དང་པོ་དཔའ་བོ་སྟག་གི་ཞལ་ལྕེ་ནི། དགྲ་འདུལ་བ་ལ་དགོས་ཏེ།
དེ་ཡང་འདུལ་བ་ལུང་དུ་རྒྱལ་ཁྲིམས་ཀྱི་བསྟན་བཅོས་དྲངས་པར། མཁས་པ་རྣམས་ནི་གཞོམ་པ་དང་། །རབ་ཏུ་སྦྱིན་དང་བསྲུང་བ་དང་། །
ཀུན་ཏུ་དཔྱད་དང་ལྔ་པར་ནི། །དཔུང་གི་དོན་རྣམས་འགྲུབ་པར་བྱེད། །ཅེས་གསུངས་པ་ལྟར། དགྲ་ཕ་རོལ་པོའི་འདུལ་ཐབས་ལ། ཐོག་
མར་དྲག་པོ་མཐར་བསྐྱེལ་ཡ་འུད་དང་མི་བསྲེ་བར། འཇིག་རྟེན་གྱི་ཁ་དཔེར། ཕྱི་པདྨ་དཀར་པོའི་རྒྱ་མ་ཞིག་པ། ནང་ཅོ་ཀ་གྲོ་མོའི་ཚང་་
མ་འཐོར་བ་དགོས་ཟེར་བ་ལྟར། བྱ་མ་འཕུར་སྒོ་ང་ལོན་པའི་དཔེ་ལྟར། མཁས་པ་རྣམས་ནི་གཞོམ་པའི་དོན། རྒྱལ་སྲིད་ལྟ་བུའི་སྟོབས་་
Page 37
བཅོ་བརྒྱད་
༄༅། །དང་གཡུལ་ཕན་ཚུན་སྙོམས་པའི་དགྲའམ། རང་རང་ཆོས་ཀྱི་སྒྲ་གང་ལའང་ཐོག་མ་ནས་་དགྲ་འདུལ་བའི་རྩོམ་པར་
ཁེ་ཉེན་བསྒྲགས། གོ་བ་བཀོན། གསེར་ཡིག་གི་འགྲུལ་བཙུགས་ཏེ་ལབ་ཀྱི་སྒོ་ནས་འདུལ་ཐབས་དང་། ཞི་རྒྱས་དབང་དྲག་གང་་་་
འགྲོ་གང་ཟབ་དབྱིབས་བལྟ་དགོས་པ་བཞིན། མི་སྣ་གསེར་ཡིག་གིས་ཀྱང་། རང་གི་དཔོན་ཁུངས་ཀྱི་སྒྲུབ་བྱ་གཙོ་བོར་བཟུངས། དྲག་་
པོ་མཐར་བསྐྱེལ་དུ་སོང་ན་ལེགས་ཉེས་སྤྱི་མར་ཡོད་པས་ཁེ་ཉེན་ཤེས་པར་བྱ། དྲག་པོ་དམག་གི་འཁྲུལ་འཁོར་ལ། སྦྱོར་དངོས་རྗེས་གསུམ་
གྱི་བསམ་སྦྱོར་ངན་པ་ཚང་བའི་དགེ་སྡིག་བླང་དོར་མ་ལོག་པའི་སྒོ་ནས་ཐོག་མའི་མི་སྣས་རྒྱུ་བརྔན་པ། འགྲིམ་འགྲུལ་གྱི་དཀའ་ལས་མ་བསམ་
པ༑ ཐབས་ལ་མཁས་པར་བྱ་ཞིང་བསམ་པ་ཆེ་བར་བཟུངས། ཐེག་པ་ཆེ་བར་འཁུར། གཏིང་གྱོང་བར་བྱས། ཁ་འཇམ་པར་བྱས་
Page 38
ནས་སོ་སོའི་བློ་ཁྲིད་པའི་ཁོག་ནས་རང་དོན་ལ་འཇུག་གང་ཐུབ་བྱས་ཏེ། འཇིག་རྟེན་གྱི་ཁ་དཔེར་འདྲ་བ་མཉམ་པེར་གྲུ་བཞིར་དྲོས་ཟེར་བ་ལྟར།
ཁེ་ཉེན་བསིལ་ལ། བདེན་པའི་སྒྲུབ་བྱ་བཀོད། ཕ་རོལ་གྱི་གྲོས་རར་ཚང་ནས་འཆར་བསྟན། དེས་མ་ཉན་ན་མི་གཏི་ཐུག་གཅིག་དོན་ལ་་་་
འཇུག་མི་ཤེས། གཡོན་ཅན་དྲང་པོར་སྨྲ་ཟེར་བའི་དཔེ་འདིར་ཡོང་། ཕ་རོལ་པོས་རང་གི་བྱ་བ་མ་ཤེས་ན། སྤྲ་བ་ལ་མེ་མཆེད་པ་ལྟར་་
གྲོས་ཕྱེད་དགྲ་ལ་དྲིས་བྱ་བ་འདིར་ཡོང་། སྔོ་གཟར་ཕ་ཕྲུག་བུ་ཕྲུག་ཀྱང་མི་སྣ་གསེར་ཡིག་གི་འགྲུལ་མི་གཅོད། ཁ་ངན་དང་ཚིག་ངན་མི་རྒྱག
གསེར་ཡིག་གི་སྔོན་འགྱུར་གྱི་བསླུས་ཧམ་སྡེབས་སྟོང་མི་བྱེད། ཕན་ཚུན་གྱི་བདག་རྐྱེན་བཟང་བ་བྱེད། མི་སྣ་གསེར་ཡིག་ཕན་ཚུན་་་་
སུའི་ཡིན་ཀྱང་སྤྱི་མིར་ཆ་འཇོག བར་གྱི་བླ་མ་སྡེ་དཔོན་གཙོ་བོ་སུ་འདྲ་ཞིག་གི་གསེར་ཡིག་ཡིན་ཀྱང་བསྐྱེལ་མ་ཐུབ་དགོས་ཤིང་། ་་་
Page 39
བཅུ་དགུ་
༄༅། །གཉིས་པ་རབ་ཏུ་སྦྱིན་དང་ཞེས་པའི་དོན་ནི། དགྲ་ལ་ནོར་རྫས་ཟད་ཟིང་གི་དངོས་པོ་སྦྱིན་ཏེ་གཏན་གྱི་དོན་་་་
དང་། དགྲ་དཔུང་ཚོགས་ཆེ་བ་ཡོད་ན། དགྲ་གཉིས་བྱུང་ན་དགྲ་གཅིག་པང་དུ་ལོང་ཟེར་བའི་དཔེ་ལྟར། དགྲའི་དཔུང་ཚོགས་ནས་་
ནང་ཚན་ཁྲལ་ཏེ། ས་ཁང་ཡུལ་མཁར་སོགས་སྦྱིན་ཏེ། དགྲ་ལྟེ་བ་ནུས་པ་ཇེ་ཆུང་ལ་གཏོང་བའི་ཐབས་དང་། བསླུ་བ་དང་ཞེས་པ་་
དང་། མནའ་ཟ་བ་དང་ཉེ་འབྲེལ་བ་དང་། གྲོགས་པོ་བྱས་ནས་བསླུ་བ་མ་ཡིན་ཏེ། ཐབས་མཁས་ཀྱི་ཁ་དྲངས་ནས་མགོ་བསྐོར་བའམ།
ལབ་ཀྱི་སྒོ་ནས་བློ་འཁྲིད་དེ་བརྩོན་དུ་འཇུག་པ། ཡོད་མེད་ག་ལོག་གི་དགྲ་ཐབས་ཀྱི་སྐུངས་འཇུག་པ་དང་། འབེབས་སྤྲོད་པ། དཔུང་་་
ངོ་བརྫུས་རྟ་བརྫུས། བྱ་ལོག་གཏམ་ལོག མཚན་མོ་དགྲ་ཕྱོགས་ཀྱི་ཐག་ཉེ་མ་རིང་ཕག་ཏུ། མེ་ཁ་མང་པོ་སྦར་ཏེ་རྡབས་སྤྲད་ནས་་
Page 40
བསླུ་བ་ཡིན་ཞིང་དཔའ་བོ་དགྲ་ཐབས་ལ་མཁས་པ་ཞེས། རང་ཟོང་ཟད་ལ་མ་སོང་པའི་ཐབས་མཁས་ཀྱིས་བསླུ་ཞིང་། མནའ་ཟོས་་
དུག་སྦྱོར་གྱིས་བསླུས་ན་ཁྲེལ་མེད་ངོ་ཚ་བོར་བའི་སོན་པོ་ལས། བག་ཡོད་ཚུལ་དང་ལྡན་པའི་ཤི་བ་མཆོག ཟེར་བ་ལྟར་ཕོ་རབ་ཀྱི་དགོས་་
པ་འདི་་་་་་ཡིན་ལགས། ཀུན་ཏུ་དཔྱད་དང་ཞེས་པ་ནི། བརྟགས་དཔྱད་ལེགས་པར་བྱས་ཏེ། གཞན་ཕྱོགས་གཉེན་པོ་གང་འགྲོ་་་
རྩོམ་པ་དང་། ས་ཆ་ལུང་པའི་གནས་དབྱིབས་རྫོང་ལྟ་བུའི་བཙན་དམིགས་ལ་བརྟགས་དཔྱད་བྱས་ནས་དམག་དཔུང་གི་འཁྱེར་འཁྲིད་དང་་་་
འཚང་ཁའི་གནས་ཡུལ་དང་། རང་ཕྱོགས་བཙན་དམིགས། གཞན་ཕྱོགས་ཕ་རོལ་གང་ཡོང་གང་བྱེད་ལ་བརྟག་དཔྱད་དང་། རང་་་
ཟོན་སྐྱོར་ནས་དགྲ་དང་འཐབ་ཟེར་བའི་དཔེ་ལྟར། ཁེ་ཉེན་གྱི་བརྟགས་དཔྱད་ལེགས་པར་བྱེད་དགོས་ཤིང་། དཔུང་གི་དོན་རྣམས་སྒྲུབ་པར་
Page 41
ཉི་ཤུ་
༄༅། །བྱེད། ཅེས་པ་ནི། གོང་གི་ཐབས་རྣམས་ཀྱི་མ་ཐུབ་ན། དཔུང་དང་དམག་གི་གཡུལ་བཤམས་ཏེ་་་་
དགྲ་ཕ་རོལ་འདུལ་དགོས་ཏེ། དེ་ལ་རང་ཕྱོགས་ཐམས་ཅད་བསམ་པ་གཅིག་ཏུ་འཛོམས་དགོས་པར། ཁ་དཔེར། གསེར་བཅག་་་་
དངུལ་དཀྲུམ་ར་གན་ལྷད་ཕུད་ཟེར་བ་བཞིན། རང་ཕྱོགས་འགྲིལ་བའི་སྲིད་པོ་རྣམས་སྐྱིད་ཚང་གཅིག་དང་། སྡུག་སྐོར་གཅིག གཞུ་
ཕྱོགས་གཅིག་ཏུ་བདུང་། སྐྲ་གཅིག་ནས་འཐེན་ན་མགོ་ཡོངས་ཚ་ཟེར་བ་ལྟར། འོག་ཞོལ་ཕྱི་ནུད་མི་བྱེད་པ་སོགས་བསྐོར་སྦྱངས་ལེགས་་
པར་བྱས། བློ་མི་འཁོལ་བ་རྣམས་ཐབས་མཁས་ཀྱི་རང་སྲིད་མ་ལོག་ཙམ་གྱི་སྒོ་ནས་སྤངས། ན་ནུས་འཆི་ནུས་བགྱིད་ནུས་པོའི་བསམ་པ་་
གཅིག་ཏུ་བྱུང་བ་རྣམས་བློ་སྟོབས་ཀྱི་སྲིད་པ་འདེགས་ནུས་པ། ང་རྒྱལ་གྱིས་ཕ་ལའང་བརྡེག་ནུས་པ། ཁེ་ཉེན་བལ་འདབ་རྡོ་གནོན་དུ་བརྩི་
Page 42
ཤེས་པ། འགྲོ་མཚམས་ལ་མཁས་པ་ཡིད་མི་ལྷོད་ཅིག་བློ་མི་འགོལ་བཚེར་ཕུད་སྟེང་དུ་ཉལ་བ་ལྟར། གཞན་གྱི་བློ་འདྲི་འབྲུ་ལ་མཁས་
ཤིང་གང་ཟེར་ལ་མི་གཏོར་བ། མཚང་འབྲུ་འཇབ་ཤེས་པ་སོགས་ཡོན་ཏན་དེ་དག་དང་ལྡན་པའི་དཔའ་བོ་རྣམས་ཀྱི་གཡུལ་བཤམས་ཏེ་དྲག་་་
ཤུལ་དང་གདུབ་རྩུབ་བརྩན་ཆས་པ་ལྟར་དགོས་ཤིང་། བུ་དམག་ལ་ཆས་གདོང་དུ་ཕ་མ་སྡོད་བྱ་བ་དེ་འདི་ཡིན། འོན་ཀྱང་མི་ཕྱེད་སྲིན་
པོར་སོང་ཡང་གཞོགས་ཕྱེད་ཁྲིམས་ལ་བརྟེན་ཟེར་བའི་དཔེ་འདིར་འཇུག་པ་ཡིན་པས། ཁྲིམས་ལ་བརྟེན་པ་ཞིག་མ་བྱུང་ནང་འཐབ་ནང་རྐུན་་་
ནང་འཁྲུག་སོགས་གྲ་མ་འགྲིགས་ཀྱི་རྒྱུར་འགྲོ་བས། ཐོག་མར་རྒྱལ་པོ་དང་དཔོན་པོའི་ལུང་དང་། ཡུལ་མི་གཙོ་དཔོན་གྲོས་དཔོན་སོགས་ཀྱི་
དམག་དཔོན་མྱོང་བ་ཆེ་ཞིང་ཚན་ཆེ་བ། རང་འདོད་ཆུང་བ་སྤྱི་བརྩིགས་ཆེ་བ་ཞིག་བསྐོས། དེས་ཀྱང་དམག་ལས་དཔའ་དར་མཛངས་གསུམ་་་
Page 43
ཉེར་གཅིག་
༄༅། །ཚང་པ་ལས་ལ་འཇུག་པ་གཉིས་བསྐོས། དམག་དཔུང་རྣམས་ལ་གཡས་རུ་གཡོན་རུ་སྦུས་རུ་གསུམ་བྱས།
དེ་ལའང་རུ་དཔོན་བརྒྱ་དཔོན་བཅུ་དཔོན་་་་བསྐོས་དཔོན་གྱི་ལྟོ་གོས་ཀྱིས་བསྐྱངས་པའི་དང་ཞེན་ཆེ་ཞིང་དང་དོད་པའི་དཔའ་བོ་སྐྱོན་པ་འདུས་སྐུ་
ལ་བཅར་བའི་གཟིམ་ཆུང་པ། ཡུལ་དམག་ལྟ་བུ་ཡིན་ན། དཔའ་ཚན་ཅན་དེ་རྣམས་ལའང་ལྡིང་ལོངས་སུ་བཅུག་ནས་ལྡིང་དཔོན་མགོ་་་
གཅུན་པ་མཁས་པ་རེ་བསྐོས་ཏེ། ཐོག་མར་མགོ་མིར་གཏོགས་པ་རྣམས་དམག་གྱིས་བསགས་ནས། ཕ་རོལ་གྱི་དགྲ་ཆེ་གེ་མོས་རྒྱལ་
པོའི་གཡུལ་ཡིན་ན། ཆོས་ཀྱི་རྒྱལ་པོའི་མཚན་དོན་ལ་དགྲ་རྒོལ་ལུགས། འདི་རེངས་ན་མངའ་འབངས་མི་འདེ་བས། བདེ་གཟར་ཞེས་་་
པའི་མིང་དང་མཐུན་པའི་དུས་མི་བདེ་ལུགས་ཡུལ་དམག་ཡིན་ན་ཡུལ་གྱི་སྤྱི་ཚོགས་་་་ལ་གནོད་ཅིང་མ་འཐུབ་པ་འདི་དང་འདི་ཞེས་བྱུང་བའི་བདེན་པ་
Page 44
པ་དར། ཁེ་ཉེན་ལེགས་པར་བཤད། དགྲ་ལ་མཚོན་རྩི། གཉེན་ལ་སྐྱོང་ཁ་་་ཅིག་ཟེར་བའི་ལུང་དོན་ལྟར། དགྲ་ལ་ནུས་་་་་
འདོན། རང་ཕྱོགས་སུ་ཞོད་འཇགས་དགོས་པ་སོགས་སྤངས་བླངས་གན་རྒྱར་བཀོད། དོན་འགག་ཐེལ་ལུང་གི་བསྡམས། གན་་
རྒྱའི་གལ་ཐོའམ་དོན་ཉན་སྒྲུབ་བྱེད་པ་ལས་མི་འདའ་བའི་དོན་དུ་འདུས་པ་ལྟར་ཁ་དཔེར། དཔེ་རྒྱ་ཤོག་དཀར་ཆུང་ལ་དོན་སྣག་ཚའི་རི་མོ།
འགག་ཐེལ་ཚེ་ཁྲ་ལོ་ཟེར་བ་ལྟར་དོན་ཉན་ལེན་སྤངས་བླངས་ཀྱི་དོན་རྩའི་འགག་ལ་སོ་སོར་ནན་ཏན་དགོས་པའི་ཕྱིར་དང་མི་འགྱུར་བའི་ཕྱིར་མ་
བྲིས་བརྟགས་བཞག དེ་དོན་སེམས་ལ་བཟུང་ནས་རང་རང་གི་སྲོག་འཚོ་བའི་རྟ་ཕོ། མགོ་ཕིག་གི་གུར། སྲོག་ཁེབས་ཀྱི་ཁྲབ།
འཚོར་སྐྱོངས་ཀྱི་ལུས་ཆས་རྣམས་ལ་ཁྲལ་འཇལ་དུ་མ་སོང་བར་དང་དོད་ཆེ་བ་བྱེད། ལྟད་སྟོན་གྱི་ཡུལ་མིའི་ཁྲོམ་ཚོགས་པར་འཚོར་སྐྱོངས་
Page 45
ཉེར་གཉིས་
༄༅། །བྱེད་ཟེར་བ་དང་མི་འདྲ། རྒྱལ་ཁམས་ཀྱི་མི་ང་ཡིན་བསམ་པ་ཀུན་གྱི་འདིར་ཚོགས་པ་ཡིན། རང་ལ་་་་
དཔག་པའི་ཟལ་ཐོན་པར་བྱེད་དགོས་སོ། །དམག་འདིལ་མེད་དུ་མི་རུང་བའི་མི་བཞི་དགོས་ཏེ། ན་བ་གསོ་བའི་སྨན་པ། ལེགས་་་
ཉེས་སྣོན་པའི་མོ་མ། དགྲ་གྲོགས་བརྩི་བའི་གཡུལ་རྒྱལ། དགྲ་ལྷ་གསོ་བའི་ཐུགས་དཀར་དང་བཞིའོ། །དང་པོ་གཡུལ་རྒྱལ་གྱི་་་
གཟའ་སྐར་དང་དགྲ་གཅན་གྱི་འགྲོས་དང་ཕྱོགས་རྩིས། ལྟོ་བསྒྱུར་གཟའ་གསོལ་ཏེ། དཔའ་བོ་སྟག་ལྟར་ཆས་པའི་ཁྲིམས་ཀྱི་ཐོག་མ།
དམག་ལས་ཀྱི་སྒར་ཐོ་རྒྱབ། དེ་ལས་མ་འགལ་བར་སྒར་ཕབ། དགྲ་ཕྱོགས་སྒར་སྒོ་དང་ཚོན་རྩི་གཏད། རང་ཡུལ་ལ་དཀོན་མཆོག་གི་
རྟེན་དང་སྔས་བསྟན། རྟག་དུང་རྟག་ཏུ་བཏེགས་ནས་བཟུངས་བསྒྲིགས་ལ་ཆུ་པར་བྱ། རྟག་དུང་གསུམ་པ་ལ་དཀྱིལ་སྒར་དུ་དོ་དམ་པ་་་་
Page 46
རྣམས་འཇོམས་ཚར་བ་བྱས་ནས། དམག་ལས་ཀྱི་འདེགས་ཁྲིམས་ཚུགས་མལ་སོ་རིམ་བཟན་ལེན་ཤོ་རྒྱག་སོགས་དགྲ་ཆ་གྲོགས་ཆའི་སྒར་
སྐད་སློབ་སྟོན་མཐིལ་ཕྱིན་བྱེད་དགོས་འགྲིམས་དུས་འདེགས་དུང་གསུམ་གྱི་དང་པོ་ལ་མེ་ཁ་སོ་བ། གཉིས་པ་ལ་གུར་བསྡུས་པ། ་་་་
གསུམ་པ་ལ་གཡས་རུ་ནས་བཤིགས་པའི་དགྲ་ཟོན་ལམ་ཕྲང་ལ་དཔགས་པའི་འགྲིམས་ལུགས་ཤོ་རིམ་བྱས་ཏེ། ཆུང་ཁལ་ཆེ་ཁལ་གྱི་མི་་་
བརྗི། ནད་པ་ལ་སྦུད་མི་རྒྱག །ཀོ་གྲུ་སྔ་བཙན་དུ་འཛིན། ལམ་ལ་ཆས་ཀ་སྐྱུར་བ་རྩད་ཆོད་ན་བརྔན་པ་མི་དགོས། རྐུན་མ་ཟིན་་
ན་ལག་རྒྱབ་བཀྱིགས་ཙམ་མ་གཏོགས་བརྡུངས་རྫོག་མི་བྱེད། ཁྲིམས་རར་མི་འཛུད་་་དེ། སྒར་མཚན་མོ་གསང་བའི་དགོས་པ་ཡིན།
དགྲ་དང་ནོར་ནས་བསད་པ། མདའ་འཁྱམས་རྡོ་འཁྱམས་སོགས་ཀྱི་བསད་པ་ལ་དགེ་བ། ནང་འཐབ་མི་དཔུང་དགྲ་སྡེབས་གོ་གྱོན་་་་
Page 47
ཉེར་གསུམ་
༄༅། །མཚོན་ཐོགས་ཀྱི་བསད་པ་ལ་ཆད་པ་འདབ་འཕར་དང་། སྙིང་གནོན་ལྡབ་འཇལ། རྨས་འཇལ་ཡད་དེ་་་
འགྲོས་བྱུར་ཆགས་པ་ཐུབ་པ་དཔེ་འདྲ་ལོངས། རྭ་ཅན་གྱི་བསད་པར་རུ་དམར། ཡུལ་སྲུང་དར་ལྕོག་བཅོམ་པ། རང་ཕྱོགས་བཅོམ་་
པ་སོགས་མགོ་མིའི་རྟ་ཁྲབ་དཀྱིལ་སྒར་དུ་བཞེས་པ། གཤེར་ངོ་མོད་ངོ་མ། ངོ་མེད་སྐྱིན་ཚབ། སྤྲོད་ལེན་མི་སྣ་ལ་བཅུ་ཁ་ཇགས་པས་
ཁྲབ་ཤུལ་ཟེར་ཁྲབ་གང་ཡོད་ལ་རྒྱུ་ནོར་གྱི་བཅུ་ཟུར་ལེན་ཐོབ་ཤོར་ལ་དྲངས་ལ་མ་འཆམ་ན། མནའ་གཡག་ཏུ་ཁུགས་ཞེས་ཤོ་རྒྱབ་པའི་ཐོབ་་་་
པོས་ཁ་གྲངས་ལ་སྐྱེལ། ཤོར་པོས་སྐྱིན་ཚབ་ལ་སྐྱེལ་དགྲ་གཉེན་ཆ་ཕྱེད་ལ་བགོད་ཁོངས་གང་བྱུང་ཇག་པ་མནའ་སྐྱེལ་དང་སྤྲོད་གསུམ་སྤྲོད་་་
ཟེར་སེམས་ཅན་ཆེ་ཆུང་གང་ནོར་ཀྱང་ཁ་ཚང་གི་ཆ་གཅིག །དབྱར་གཉིས་ཀྱི་ཆ་གཅིག་ །བེའུ་ལུག་གི་ཆ་གཅིག་ཏུ་སྤྲོད་པ། དཔེ་་་་་
Page 48
གཡང་མོ་སྦབ་ལ་ཤོར་ན་ལྷུ་དྲུག་ལྤགས་ཁུ་མི་ཚད་ཟེར་བ་དེ་ཡོང་ཞིང་། དམག་རོང་རིགས་ལ་འགྲིལ་ན་ཁྱི་སྐྱེད། རི་དྭགས་པ་ཉིན་་་་
གཅིག་ཙམ་གྱི་སྔོན་ལ་བཏང་ནས་ས་ཁྲུ། རྒན་མི་ཉམས་ཆེ་བས་རྫབ་ལྟོས་དང་པོར་དགྲ་འཚོལ། དེ་ནས་ཤ་འཚོལ། རྒྱ་རུ་དང་ཚོམ་ཁྱི་
སྤྲོད། གཞོན་པས་དང་པོར་ས་འཁྲུས་དེ་ནས་ཁྱི་བཀྱེ། དགྲ་འདུགན་ཤ་གཞོག་ལན་ཐོང་། ས་འཇམ་ན་ཤ་ཚོལ། གཞོན་ལས་་་
ཀྱི་དབུག་ལོངས། རྒྱ་ཁྱི་འཛོམ་པ་ལ་གླ་རྩི། ཁྱི་ལ་མགོ་མཇིང་། རྒྱ་ལ་ལྤགས་པ། ཤ་ལོངས་པ་ན་ཤ་འགྱེད་དུ་ཆེ་ཐོབ་ཆུང་ཐོབ་
ཏུ་བགོ་དགོས། བྱང་ཐང་ཡངས་པ་དང་དགྲ་ཁ་སོ་ཐུག་པར་རྟ་གསོ་གཏོང་དགོས་ཏེ། དེ་ཡང་ས་ངོ་མ་ཕག་གི་རྩིབས་བཅད་དེ། མཚན་
སྔ་རུ་ལ་ལྷན་པ་ཕབ། ཉིན་ཕྱི་རུ་ལ་ཧོར་བཏེགས་ཀྱིས་ཟེར་མཚན་ལ་ས་ཉན། ཉིན་མི་མིག་སྒྲུངས་ཏེ་དགྲའི་འགྲིམ་འགྲུལ་བྱེད་པ་དང་།
Page 49
ཉེར་བཞི་
༄༅། །རི་དྭགས་རྒྱུག་པ་འཁྲུལ་བ་ནོར་ཞིང་། དགྲ་འགྲིམ་པའི་རྟའི་ཚེ་རྡུལ་ནི་གཅིག་ཏུ་ཕྱུར་སེ་གནམ་ལ་སྐྱ་ཕྱུར་འགྲོ་
ཞིང་། རི་དྭགས་རྒྱུགས་པའི་རྡུལ་ནི་འཐོར་འཐོར་ཞིང་སྐབས་རེ་སྐབས་རེར་སྐྱ་ཕྱུར་ཕྱུར། ཕར་ཡལ་ཚུར་་་ཡལ་བྱེད་པ་གཞན་ལས་བྱིངས་
ཆུང་བ་ཞིག་ཡོང་། དངོས་སུ་མཐོང་བ་ནི་རི་དྭགས་རྐྱང་འགྲིམ་པ་ན་སྐྱ་ལྷེབ་ལྷེབ་པ། འབྲེང་འགྲིམ་པ་ན་ནག་ཉིལ་ཉིལ་བ་ཡོང་། དགྲའི་
རྟ་པ་བྱང་རིགས་ཧོར་སོག་ཡིན་ན་ཐུམས་སེ་འགྲིམ་པ་དང་། བོད་རྟ་ཡིན་ན་ཤར་སེ་འགྲིམ་པ། ཁལ་མི་ཡིན་ན་ཉེར་འགྲེས་སུ་ཡོང་བ།
རྐང་དམག་ཡིན་ན་ཆགས་སེ་འགྲིམ་ཡོང་བ་དེ་རྣམས་རྟགས་ཤིང་། དགྲས་བྱ་ལོག་གི་མེ་བརྫུས་དང་། ཡོད་ཕབ་པའི་མེ་ཁ་མནོར་་་
བ་དགོས་སྟེ། མེ་བརྫུས་མ་ནི་གཞན་ལ་བཀྲག་ཆེ་བ། གཅིག་གཅིག་གཉིས་གཉིས་ནས་འདྲེན་ཐུབ་པ། ས་ཡུལ་དེ་གཞན་ལས་ཐང་
Page 50
དཀར་ཞིང་སྐྱུ་འཆལ་བ་ཞིག་ཡོད། སྒར་མེ་ཁོ་ནའི་ས་ཡུལ་གཞན་ལས་བྱིངས། མེ་རབ་རིབ་མང་བ། མེ་དམར་ནག་རྩེག་རྩེག་ཡོང་
བ་ཞིག་འདུག་ན་མིན་ཏེ་མ་འཁྲུལ་བར་བརྟག་དགོས་སོ་རི་འཛིན་གྱིས་དར་འཕྱོར། སེ་བས་སོ་སྒྲིམས་ཤིག་དེ་ནས་དགྲ་དང་གཡུལ་འཐབ་་་
པའི་དུས་སུ་རུ་གསུམ་ལ་ཐུགས་གསུམ་རྔ་བརྡ་གསུམ། ཐམས་ཅད་དུང་ཆེན་རྐང་གླིང་གནམ་ས་འབིར་བ་ལྟ་བུ། གཡས་ཀྱི་གདོང་དུ་མེ་་་
མདའ་བ། གཡོན་གྱི་གདོང་དུ་མདའ་པ། བར་བར་དུ་མདུང་དང་མདུང་ཐུང་དང་རྟ་གྲི་ཐོགས་པ་ཞོལ་བཏགས་ལྕགས་སྦྲེལ་ཁྱེར་བ་དེའི་རྒྱབ་
ཏུ་རྟ་རྐད་བསྲེས་པའི་དམག་ཚོགས་བཙན་ཆས་པ་ལྟ་བུ། དེའི་རྒྱབ་ཏུ་རྒྱ་དམག་དཔུང་གི་ཚོགས་བྱ་སྤུ་སྣོལ་དུ་ཡོད་པ། ཟུར་དམག་་་་་
གཡས་གཡོན། རྟ་པ་པག་ཐག་པའི་རིགས་རྟ་སྒྲོམས་སུ་སྤུངས་ནས་འཐུམ་ཧྲིལ་སེ་འཕྱོ་བ་རུ་འཁྱེར་འཁྲིད་བརྡ་རོལ་ལ་ལྟས་ནས་་་་་་་
Page 51
ཉེར་ལྔ་
༄༅། །འགྲིམས་ན་ཅབ་སེ་འགྲིམ། སྡོད་ན་ཐུམ་སེ་སྡོད་པའི་དཔུང་དེས། བྱང་རྟ་དམག་གི་དགྲ་ལ་སྤུངས་བ་
དང་། ལྷོ་མོན་གྱི་དགྲ་ལ་རྒྱུགས་པ་དང་། བོད་རྟ་རྐང་གི་དགྲ་ལ་བསྒྲིགས་ནས་དམག་དཔོན་གྱི་བྱས་ཁ་ལྟ་ལ་རྣ་བ་གཅིག་ཏུ་བཏད་ནས་་
ཉན་ཏེ། དགྲ་ལ་ཁྱུ་བའི་ས་སྐལ་མ་བཞག་ན་གཡག་ཆད་གང་ལ་མཆོང་བ་དང་འདྲ། རང་ལ་ཁྱུ་བའི་ས་ཆ་མ་བཙལ་ན་གྲོགས་པོ་མགོ་སྡུམ་
དུ་བཅུག་པ་དང་འདྲ་ཟེར་བ་ཡིན་པས་འདས་མ་འོངས་ལེགས་པར་རྩིས། ཐུགས་གསུམ་གྱི་འཕྱར་སྟབས་ལ་བལྟས་འཛིངས་པས་གཡུལ་་
ལས་་་་་རྣམ་པར་རྒྱལ་ཏེ། དཔའ་བོ་སྟག་གི་མིང་བཟང་པོ་ཐོབ་སྟེ། དེ་ཉིད་དམག་གིས་གང་སླེབས་ཀྱིས་ཆ་ཡུལ་མཁར་རྟ་མིག་ཁྲབ་་་་
གཤམ་ཟེར། དམག་བྱུས་ཀྱི་བསྡུ་སོ་འཇོག་པའི་སྐབས་ལ་ཡང་བརྗེད་མེད་དུ་དཔའ་མཚན་ལ་ཆོད་འགྲོ་བ་ཡིན་ནོ།། །།
Page 52
༈ གཉིས་པ་རྡར་མ་ཝའི་ནལ་ཆེ་ནི། བུམ་པའི་ཐ་སྙད་དུ་བྱས་ཏེ། དཔའ་བོས་རྫོང་མཁར་ལ་བསྐོར་ན། ཁ་འདོན་དང་འབོར་་
ཉུག་མང་པོ་མི་བྱེད། གཞི་ཁྲེག་པར་བཟུང་། མདའ་རྡོའི་ལག་ཆ་དགོས་མེད་ལ་མི་རྒྱག བཙན་མིག་དང་ཆུ་སྤེལ་ཟབ་ཕྱི་ནང་འདྲེས་
སུ་མི་འཇུག་ཇོ་མི་བཟང་། བར་འཆིང་ལ་རྒྱག་མི་བསྒུལ། གཡུལ་དུས་ཕམ་ན་སྐུ་ཆེ་ཆུང་ལ་ཁྲོས་པའི་སྲབ་རྨོག་དཔའ་བོ་ལ་སྤྲོད། དེ་
བབས་པ་མཐོང་ན་བསད་པའི་དཔེ་མེད། གལ་སྲིད་བསད་པ་བྱུང་ན་སྡར་མ་མཚན་་་ཐོག་ཏུ་དཔའ་ཟེར་བའི་ཁ་བཤགས་མི་ཐུབ། དམག་
དཔོན་དང་དམག་དཔོན་ཐུག་ནས་རྡར་མས་སྲེག་བབས་བཏང་ན་ལག་པ་དར་མདུད་ཀྱིས་བཀྱིག རང་རང་རྟ་ལ་བཀྱོན་ནས་རང་དང་ཡུལ་གཉན་་་
མི་གཉན་ལ་དཔགས་པའི་སྟེང་གོས་གཡོགས་ཏེ་ཚུལ་མ་དོར་བར་འཁྲིད། ཕལ་པ་དྲན་སྤྲ་ལག་ཅན་ལ་ལག་པ་རྒྱབ་ཏུ་བཀྱིག སྐྲ་་་
Page 53
ཉེར་དྲུག
༄༅། སྙིལ་དོང་འཇོལ་བྱས་ལ་འཁྲིད་པ་དང་། མགོ་མི་ཡིན་ན་རྟ་ངན་ལ་སྒ་ཆག་མཇུག་ཕབ་དྲེད་ཡོབ་དྲེད་ཐུར་་་
བྱས་ཏེ་འཁྲིད་པའི་སྲོལ་འདུག །རྫོང་མཁར་ནས་ཕབ་ན་དམར་འབེབས་ལ་གོང་དང་འདྲ་ཞིང་། ལབ་ཁོག་ནས་ཕབ་ནས། དམག་
དཔོན་དམག་ལས་ལ་བབས་རྟེན་རྒྱུ་ནོར་སྟེར་དགོས་ཤིང་བབས་གཏང་ནས་ཁ་ངན་ཚིག་ངན་མི་གཏོང་། གདན་བཟོས་བདག་སྐྱེན་སྔར་
བབས་ལས་མེད་པ་མི་བྱེད། སྐུ་ཆེ་བ་ཡིན་ཀྱང་འདི་སྐབས་ཆིབས་བསྐྱོལ་མི་དགོས། ལབ་རིགས་ཀྱི་བུ་གཏེ་ལ་ཆས་ཟུར་གསོས་་་
ལྷ་འགུ་མི་འགུ་གཏོང་། འགྲོ་རྫོང་གཟབ་བཙོན་མིན་ཀྱང་ལབ་དན་ལ་འཁྱོལ་ནས་གཏོང་བ་ལ་བཙོན་རྫོང་དྲག་ཞན་ལ་དཔགས་པ་སྟེར།
ཕྱིན་ཆད་ཀྱི་སྡོམས་ལ་ཀོ་དམར་མདུང་ཚོམ་ཁྲག་གཞོང་སོགས་སུ་ཅི་ཁ་དམ་པར་ལེན། མི་རབས་མ་སོང་གི་བར་འཕམ་སློག་གྲོས་ངན་
Page 54
མི་བྱེད་པའོ།། །། ༈ གསུམ་པ་རྒྱལ་མ་ལོང་གདོང་གི་ཞལ་ལྕེའམ། སྣེ་མོ་ལས་འཛིན་གྱི་ཞལ་ཆེ་ནི།
རྒྱལ་པོའི་ལུང་གི་སྣེ་མོར་བཀོད་པ་རྣམས་ཀྱིས་རང་འདོད་ཁོ་ནའི་སྐྱོན་སྤངས། གཞུང་དོན་གཙོ་བོར་བྱས་ཏེ། སྡེ་སྲིད་ཀྱི་སྐུ་རིམ་དང་
ཆོས་རྒྱལ་གྱི་རྣམ་ཐར་གྱི་་་ཕྲིན་ལས་སྒྲུབ་པ་ལ་དམིགས་པའི་སངས་རྒྱས་ཀྱི་བསྟན་པའི་ཞབས་ཏོག་གཙོ་བོར་བྱས། ཆོས་ཕྱོགས་ཀྱི་་་
ཞྭ་རིགས་དང་། གྲུབ་མཐའ་མི་བསྒྱུར། དུས་ཆེན་གྱི་ཟླ་བ་ལྔ་ལ་རི་རྒྱ་ཀླུངས་རྒྱ་བསྡེམས། གཉེར་ཚང་ལ་དཀར་སྡོར་བྱེད་བ། སྐུ་་་
གསུང་ཐུགས་ཀྱི་ཞིག་གསོས། ལམ་འཕྲང་ཆོས་པ། ་་་་་་་་་་་་་་་་་་་་་་་་་་་་་་་་ སོག་བཟློག་ལ་དམིགས་པའི་སྤྲེའུ་ཟླ་་་
བའི་ཚེས་བཅུ་ལ་ཡུལ་ཚན་སོ་སོར་སྐྲ་ཐོག་གསོལ་འདེབས་བྱེད་འཇུག་པ་གཉེར་ཚང་དུ་ཚེས་བཅུ་ཆག་མེད་འཛུགས་པ། འཕྲལ་ཆས་ཀྱི་་
Page 55
ཉེར་བདུན་
༄༅། །གཉེར་འགོ་ལ་ཐེལ་གཏོང་མ་གཏོགས་རྫོང་དཔོན་གྱིས་གཏན་ཚིགས་མི་སྟེར། ཏི་སིའི་བཀའ་ཆེམས་ལས།
དཔོན་གཡོག་གི་བར་ན་རྩམ་པ་བཟང་ངན་ལས་མེད་ཟེར་བས་རྫོང་དཔོན་གྱིས་ཞིབ་ཆེན་ནས་མི་ཟ། སྒེར་གྱི་འབུན་ཆག་འབྲེལ་གཞུང་་་་
ཁུངས་སུ་ཡོད་པ་རྣམས་ལ་སྒེར་གྱི་ཟ་འདོད་གཏོང་མ་འཇུག །སྡེ་གཟར་ཡུལ་འཁྱོམས་ཀྱིས་རེ་གཉིས་འཐོར་རྐྱེན་དུ་འགྲོ་རིགས་མ་་་་་
གཏོགས་ཤེ་བམ་མི་གཏེར། བུན་རྙིང་ལོ་བསྐོར་དུ་ལེན་པ་ལ་དངོས་གཅིག་བདེ་གཅིག་འགྲིགས་ན། དེ་ལྷག་ལ་སྤྲོད་ཤེས་ལེན་ཤེས་་་་
གཙོ་རྒྱ་བྱེད་པ་མ་གཏོགས་རྩིས་གྲུབ་བྱེད་མ་འཇུག །ཆ་ཞབས་དང་ལྟོ་གཟན་པར་ཁ་ལྟས་ཁྱབ་པའི་ཧོར་འདྲ་མི་སྡེའི་ཁྱད་པར་ཧང་ཟོམ་དུ་་་
མ་སོང་བ་བྱས་ཤིང་། ཁྲིམས་ཀྱི་སར་བློ་སོར་བཞག་ཕྱོགས་ཆ་ཉེ་རིང་མེད་པས་བདེན་བརྫུན་ཤན་ཕྱེད་པའི་ཁྲིམས་འགལ་ལ་སྙིང་སྟོབས་་་
Page 56
སྱི་བརྡ་འདོད། ཁྲིམས་མཐུན་བྱམས་བརྩེས་སྐྱོང་བ། ཕྱི་ནང་གི་སར་ཁ་མཆུ་སྦྱོར་བ་དང་འཚོལ་བ་མི་བྱ། ཁྲིམས་སར་ཞུ་་་་་
འབོད་བྱུང་བ་རྣམས་ལ་ལེ་བར་མི་འཇོག་པར་སྦྱངས་བཤད་ཕན་ཚུན་བློ་ཁ་རྫོགས་ཐབས་བྱེད་པ་མ་གཏོགས་དབང་སྟག་འཁུར་མི་བྱེད།
རང་ཁྲིམས་སར་བསྡད་རིང་རང་གི་ཉེ་བ་དང་དགྲ་ཕྱོགས་ལ་ཉེ་འགྱངས་མི་བྱེད། མདོར་ན་མི་ཤེས་གོང་ཕུད་ཀྱིས་ཕྱོགས་སུ་མ་ལྷུང་བ་དང་།
དཔོན་ཁུངས་ཀྱི་བྱ་བ་ཆེ་ཆུང་གང་ལའང་འཇིག་རྟེན་དུ་གྲགས་པའི་ཐོག་ནས་མིག་ལྟོས་ཡར་བལྟ་བྱས་པའི་ལ་ཡོགས་མི་འགོ་བ་ཞིག་བྱེད་་་་
དགོས་པ་ཡིན་ནོ།། །། ༈ བཞི་པ་ཞུ་བཞེས་བདེན་བརྫུན་གྱི་ཞལ་ཆེ་ནི་དང་པོར་རྨོས་པའི་སྤངས་བླངས་དང་ལྡན་པའི་་
ཐོག་མར་མི་དོད་སྙོམས་ངོས་བཤེར་བ་དང་། དོད་མི་སྙོམས་ན་གདོང་བཤེར་མི་བྱེད་པར་བསྐོར་སྦྱངས་གཏོང་བ་སོགས་བློ་བ་རྫོགས་་་་
Page 57
ཉེར་བརྒྱད་
༄༅། །ཐབས་སུ་འགྲོ་བ་སྤྱིར་གྱིས་ཀྱང་བྱེད་དགོས་ཤིང་། ལྷག་པར་སྐྱིད་ཤོད་ཁུལ་འདི་ལ་ཁྲིམས་འཆོལ་བའི་ཁྱིམ་
མཚེས་སོགས་རང་རང་གི་དོན་གྱི་འཁོན་གཟུངས་ནས་ཁྲིམས་སར་ཉེ་བརྒྱུད་རིང་བརྒྱུད་ཀྱི་ཆད་པ་ཆད་ལན་ཞུ་རེས་བྱེད་པ་ཞིག་གི་རང་སྡུག་
རང་གིས་མྱོང་བ་གཅིག་འདུག་ནའང་། ད་ནས་གཟུང་ཆད་པ་ཞུ་མི་རྣམས་ལ་སྔ་འགྲོས་ཐལ་ཆ་མི་བྱེད། བཤེར་འབོད་བདེན་བརྫུན་་་་
བརྟགས་པའི་ཆད་པ་ཐོབ་ངེས་ན། བདེ་ཐོག་ཏུ་གཏོང་བ་གཞིར་བཅས་ཤིང་། གཡོར་ཞུས་ཡིན་ན་ཞུ་མཁན་གྱི་ཐོག་ཏུ་ཆད་པ་དེ་ཁ་་་
སློག །ཡང་ཧམ་རེས་བྱུང་ན་ཆད་པ་སྦུས་སུ་བཞག་པའི་འཁྲུ་བདག་གི་ཡོ་གལ་བྱེད། གཉིས་ཀས་དག་པ་མ་འཁྱོལ་ན་ཆད་པ་རེ་རེའམ་་
ཕྱེད་ཁྱེར་ནག་ཆེ་ཆུང་ལ་དཔགས་པའི་འགེལ། ཁ་མཆུ་ཁྲིམས་སར་ཐལ་བའི་སླར་ནང་ལྷུམ་བྱེད་ན་ཉེས་པའི་ཁྲིམས་འདེགས་ཀྱི་ཕྱེད་་་་
Page 58
དང་། ཞུ་འགེགས་འོས་འགབ་ཁྲིམས་སར་ཕུལ་ནས་བཟློས་པ་ནང་འཇགས་སུ་ལྡུམས་འཇུག་གོ།། །། ༈ ལྔ་པ་་་་་
བཟུང་བཀྱིག་ཁྲིམས་རའི་ཞལ་ཆེ་ནི། ཁྲིམས་འགལ་གྱི་རིགས་ལ་ཐོག་མར་བཟུང་བཀྱིག་བབས་ཐོག་ཏུ་འདུག་ཅིང་། དམིགས་་་་
བསལ་ཕོ་བྲང་འོག་ཏུ་གྲི་འདོན་རྒྱ་འདྲེ་བྱས་པར་བཟུང་བཀྱིགས་ལྡོགས་ཁྲལ་རྐུན་མ་བྱས་པར་བཟུང་བཀྱིགས། མགོ་མིར་རང་ཤེས་བྱས་
པར་བཟུང་བཀྱིགས། བློ་ངན་གྲོས་མཚང་འདྲུ་བ་ལ་བཟུང་བཀྱིགས། མི་མཉམ་པའི་ཁ་ངན་བཟློག་པར་བཟུང་བཀྱིགས། ཉེས་་
པ་ཆེ་བ་ལ་སྡིགས་བཀྱིགས་དམ་ཕྲུག་གི་མནན་ནས་ཨན་ཏས་ལྕི་བ་སྤྲོད། དེ་ནས་ཁྲག་གཅོར་ཐོབ་པ་རྣམས་ལ་ཁྲིམས་ཡིག་བསྒྲགས་་་་
ནས་རྔམ་ཟིལ་ཆེ་བའི་ཁྲིམས་གཅོད་དེ་ཁར་དཔགས་པ་ལ་དྲག་ལྡན་གྱི་སྲོག་རིན་ཞེས་པ། སྐུ་ངོར་གཏོང་བ། ཆོས་གོས་གཅོད་པ་སོགས་
Page 59
ཉེར་དགུ་
༄༅། །ཇི་ལྟར་རྐབས་དང་མཚུངས་པར་བྱེད་དོ།། །། ༈ དྲུག་པ་ནག་ཆེན་ཁྲག་གཅོར་གྱི་ཞལ་་་
ཚེ་ནི། མཚམས་མེད་ལྔའི་ལས་བྱས་པ་དང་། བླ་མ་དགེ་འདུན། རྒྱལ་པོའི་ཕྱུག་རྫས་ལ་འབགས་པ། དཔོན་ཁུངས་སུ་ཞབས་
འདྲེན་ཚབས་ཆེན་ཞུས་པ། དུག་སྦྱོར་གཏོང་བྱས་པ། ཕུང་གཡོ་འཕྲུལ་སྦྱོར་དངོས་རྗེས་གསུམ་སྒོ་ནས་མི་བསད་རྟ་འཁྱེར་བྱས་པ།
དུས་བདེ་ས་འཇམ་གྱི་ཁྲིམས་ཞེད་འཇགས་སྐབས་ཨར་ཇག་བརྡུང་འཇོམས་གི་རྒྱོན་མཚོན་ཐོག་ངན་གྲ་སྒྲིགས་འབངས་ཀྱི་གྱེན་སློག །མདོར་་
ན་མིག་ལྟེས་ལ་གནོད་པའི་ཁྲིམས་འགལ་གྱི་བྱ་བ་བྱས་པར་ལུས་སྟེང་མིག་འདོན་སྒྱིད་བྲེགས། ལྕེ་གཅོད། ལག་འབྲེག །གཡང་་་
བསྐྱུར། དམར་གསོད་སོགས་བྱེད་པར་དཔགས་པའི་ལུས་སྟེང་འགེལ་ལུགས་ཕྱིས་འདོམས་ཆེ་བ་ཞིག་དགོས་པ་ཡིན། མི་མཉམ་་་་
Page 60
པས་ལག་སློག་པ་ལ་ལྟོས་སོ་ཆུ་ལ་བསྐྱུར་བའོ།། །། ༈ བདུན་པ་དྲན་འཛིན་ཆད་ལས་གྱི་ཞལ་ཆེ་ནི། ལུས་སྟེངས་
སུ་རྩད་གཅོད་མི་ཐོབ་པའི་ཁྲིམས་དང་འགལ་བ་རྣམས་ལ། ཕྱིས་སྡོམ་སེམས་ཀྱི་དྲན་འཛིན་གཏོང་དགོས་ཏེ། ཉེས་ཆད་ཅེས་ཆད་པར་
མིང་དུ་བཏགས་པའི་ཁྲིམས་སར་སྒྲུབ་དགོས་པ། སྤྱིར་གྱི་ནི་དེ་ལ་དཔགས་པའི་ཉེས་བྱས་ཆེ་ཆུང་གི་གསེར་བསིལ་མ་སྲང་གྲངས་སུ་བྱེད་་་
པ་དང་། སྨར་གསེར་ཕྱེད་མའི་སྲང་གྲངས་སུ་བྱེད་པ་དང་། སྨར་ཞོའི་གྲངས་སུ་བྱེད་པ་སོགས་འདུག་པར། ཉེས་བྱས་ཆེ་བའི་མེ་་་
དཔུང་གྲལ་སྡེབས་ཀྱིས་མི་བསད་དང་། འཁོན་འཛིན་གཏེས་འཛིན་གྱིས་ཇག་རྒྱབ་པ་ངན་པ་་་་གྲ་སྒྲིགས་སོགས་ཁྲིམས་སར་དགོངས་་་་
ཕོགས་ཆེ་བ་རྣམས་ལ་གསེར་བསིལ་མ་སྲང་བརྒྱད་ཅུ་ནས་བཅོ་ལྔའི་བར་ཉེས་པ་ཆེ་ཆུང་དང་བསྟུན་ནས་གཏོང་བ་དང་། དེ་བས་ཅུང་ཉེས་པ་
Page 61
སུམ་ཅུ་
༄༅། །ཆུང་བ་རྣམས་ལ། བྱུར་ཆགས་ཐུག་པའི་མི་བསད། ལྡོགས་ཧྲལ་གྱི་རྐུན་ཇག་སོགས་རིགས་དེས་མཚུངས་
པ་རྣམས་ལ་སྨར་གསེར་ཕྱེད་མའི་སྲང་ལྔ་གསུམ་ཇི་ལྟར་མཚུངས་པ་བྱེད། ཡང་ཕྲན་བུའི་སྤངས་བླངས་འཇོལ་བའི་དྲན་འཛིན་མར་ཞོ་་་
དོ་གསུམ་རྣམས་ཇི་ལྟར་འོས་པ་གཏོང་དགོས་ཤིང་། དེ་ལ་གསེར་བསིལ་མའི་ལྕི་བ་རྣམས་ལ་གསེར་རྐྱང་དུ་མ་གཏོགས་སྤུས་ཆ་མི་་་་་
འབུལ། གསེར་རྐྱང་སྲང་གང་ལ་མགུར་ཞོ་སེ་བ་ཉི་ཤུ་རྩ་བཞི་མའི་ཞོ་བརྒྱད་ལ་སྲང་གང་། མཛོ་གཡག་སོགས་སྤུས་གང་ཚང་ལ་་་
རིན་གྱི་ཁུངས་གཅོད་པ་གནང་ཞིང་། དེ་ལ་རྨར་གྱི་རིན་རྒྱབ་ཀྱི་ཟི་ཁུངས་ནས་སུ་འབེབས་པ་དང་། མགུར་ཞོ་རེ་ལ་་་་སེ་བ་ཉི་ཤུ་རྩ་བཞི་་
མའི་དབང་དུ་བྱས་ནས་སེ་བ་རེར་གཙང་བྲེ་ཚད་ཀྱི་ནས་ཁལ་རེ་རྩིས་པའི་ཞོ་གང་ལ་ནས་ཁལ་ཉི་ཤུ་རྩ་བཞི་ཐོབ་པ་རིན་རྒྱབ་ཏུ་འབེབས་བ་དང་་་་་
Page 62
མཁར་རུའི་སེ་ཁལ་མཛད་པ་ཚོང་འདུས་ཀྱི་གསེར་རིན་ལག་ཡོད་གང་འདུག་ལ་ཆ་འཇོག་པ་སོགས་གནང་སྲོལ་འདུག་ཅིང་། རྨར་གསེར་་
ཕྱེད་མ་ལ་སྤུས་གཙང་བ་བཞེས་པ་དང་། སྲོལ་ཉན་ཉོ་ཉན་གྱི་དངོས་པོ་ལ་རིན་རྒྱབ་གསུམ་ཚད་འབྲིང་སྐོར་དུ་ཕབ་པ་མཛད་སྲོལ་ཡོད་ཅིང་།
སྨར་གསེར་ཕྱེད་མའི་སྲང་གང་ལ་གསེར་ཞོ་བཞི། སྨར་ཞོ་བཞི། སྨར་ཞོ་ལ་གཙང་བྲེ་ཚད་ཀྱི་ཁལ་བརྒྱད། གསེར་ཞོ་ལ་དེ་འདབ་
འཕར་བའི་ཁལ་བཅུ་དྲུག་རྩེ་བྲེ་ཚད་ཀྱི་བྱེད་པའི་སྲོལ་དང་། ཡང་མཁར་རུའི་ཁལ་དྲུག་ལ་སྨར་ཞོ་བཅུ་གཉིས་ལ་གསེར་ཞོ། ཡང་་་་
མཁར་རུའི་ཁལ་བརྒྱད་ལ་སྨར་ཞོ་དོ། །བཅུ་དྲུག་ལ་གསེར་ཞོ། དབུས་ལ་གསེར་བྲེའི་བཞི་ཞོ་དང་གསུམ་ཞོ་དང་གསུམ་ཞོ་སོགས་་་
རྣམས་གྲངས་ཤིན་ཏུ་མང་བ་འདུག་པ་ཞོའི་ཚད་ནི། ཚལ་པའི་ཁྲིམས་ཡིག་རྣམས་སུ་ཞོ་བཟང་ངན་འབྲིང་གསུམ་དུ་བྱས་པའི་མཛོ་རྟ་་
Page 63
སོ་གཅིག་
༄༅། །དྲེལ་རྒྱབ་ལོངས་ལ་བཟང་ཞོ་གང་། བོང་བུ་ཕོ་རྒྱག་ཀྱི་རྒྱབ་ལོངས་ལ་འབྲིང་ཞོ། བོང་མོ་གླང་ཆུང་གི་
རྒྱབ་ལ་ངན་ཞོ་བྱེད་པ་སོགས་འདུག་པ་ཐམས་ཅད་དུ་མ་ཁར་རུའི་དྲུག་ཞོ་གི་ཚད་པར་ཤེས་བཞིན། ནས་སུ་ཕབ་ན་བརྒྱད་ཞོའི་རྨར་་་་་
གསེར་གྱི་སྲང་གང་ལ་ནས་ཁལ་དགུ་བཅུ་གོ་དྲུག །མཁར་རེའི་དྲུག་ཞོ་ལ་བདུན་ཅུ་དོན་གཉིས་ཐོབ་པར་སྤུས་ཆའི་ཐོག་ཏུ་འཆར་ཆེན་དུ་ཕུབ་་
ན༑ སྔོན་གྱི་ཆོས་རྒྱལ་རྣམས་དང་། ཚལ་དུས་ཀྱི་སྐབས་རྨར་གསེར་ཕྱེ་མའི་སྲང་གང་གི་ཆད་འགྲོས་པ། བརྒྱ་སྟོང་པ་སྐྱ་པོད་་་་
དམ། གསེར་ཆོས་རྡོར་གཅོད་བཞེངས་དུ་འཇུག་པ་སོགས་ཀྱི་སྲོལ་རྒྱུན་བཟང་པོ་ཡོད་འདུག་ཅིང་། ཕྱིས་ཇ་རྔ་ཧང་སྤབ་རྩེ་རེ་ལ་རྨར་་
གསེར་གྱི་སྲང་གང་རྩི་བ་དང་གཡོག་གྲུབ་ཕོ་རེར་ཞོ་རེ། སྨན་རྩེ་ཁ་དོ་ཁ་རྨར་ཞོ་རེ་མདོར་ར་ཁ་བཞི་ལ་རྨར་ཞོ་རེ་དང་། ཡུལ་གྱི་ཆུང་གོད་་་
Page 64
འགྲེམས་སོགས་འགལ་ཆ་ལ་གཉེར་ཚང་གི་ཆད་འགྲོས་ཐང་ཐུང་རྣམས་ལ། མར་ཆད་ཀྱི་མར་ཞོ་རེ་ལ་དོ་སྐོར་གྱི་དབང་དུ་བྱས་པའི་་་་
རྨར་དུ་ལེན་ན་ཁལ་དྲུག །མར་རྐྱང་དུ་ལེན་ན་མར་ཁལ་གསུམ་རྣམས་ཡིན་ཅིང་། དེང་སང་ཁ་གཏམ་ལ་མར་གསེར་གྱི་སྲང་ཟེར་བ་་
འདུག་ཀྱང་ཚལ་པའི་ཁྲིམས་ཡིག་ཏུ་རྨར་གསེར་གྱི་སྲང་ཞེས་གནང་བས་གསེར་ཤིན་ཏུ་སྨར་བ་ལ་ཆ་བཞག །དེ་འོག་སྨར་ཞོ་ཟོང་ཟེར་བའི་
སྨར་ཞོ་དེ་ལ་ཆ་བཞག་པ་ཡིན་འདུག་པས་དག་ཁུངས་སུ་ངེས་སོ།། །། ༈ བརྒྱད་པ་ཧོར་འདྲ་ཟ་རྐང་གི་ཞལ་ཆེ་ནི། ཧོར་་་
འདྲ་ཞེས་པ་རྒྱ་ནག་ཧོར་དུས་སུ་བོད་ལ་ལུང་རྒྱུགས་པའི་དུས་རྒྱ་ནག་གི་མི་ལ་རྩི་འཇོག་ཤིན་ཏུ་ཆེ་བ་བྱེད་དགོས་ཀྱི་ཡོད་འདུག་པ་དེ་དང་འདྲ་བའི་་
ཐ་སྙད་དུ་བྱས། དཔོན་ཁུངས་ཀྱི་མི་སྣ་ལ་རྩི་འཇོག་ཆེ་བ་དགོས་པ་དང་། མི་སྣས་ཀྱང་བབས་འབྲེལ་དང་མཐུན་པ་ཞིག་བྱེད་དགོས་་་
Page 65
སོ་གཉིས་
༄༅། །ཤིང་། ལྷག་པར་སྐྱིད་ཤོད་འདི་ཕྱི་ཁྲིམས་འཆོལ་བའི་དོད་ཀྱང་སྒེར་གཞུང་གི་དོན་ལ་དབྱེ་བ་མེད་པར།
ཁབས་སུ་བཙན་གྱི་རྩེ་ནས་ཐེལ་རྩེ་ར་བླངས་པའི་ཞོལ་སོགས་ནས་གང་རིགས་རེ་ལཁྲིད་ནས་ཟ་འདོད་གཏོང་ཞིང་། ཟ་འདོད་ལ་ཡར་དི་
ཕན་འདི་ཚུན་གྱི་མཚམས་མེད་པ་ཟ་མ་འཕྲལ་ཆས་ལ། ཆས་ཁའི་ཁོངས་རྩིས་ལ་བྲེ་དོ། ཆང་རིན་ལ་བྲེ་རེ་བྱས་པའི་བྲེ་གསུམ་མ།
ཉི་མ་རེ་ལ་མི་སྣའི་རྐང་པས་གང་འཁོར་ཕྱིན་པས་ལོན་རྩི་བ་ཞིག་འདུག་ཅིང་། གཙང་ལུགས་རང་གི་ཁ་གཙང་བ་ཞིག་བྱས་ཀྱང་སྔ་ཟེར་
ཟ་འདོད་མངས་པའི་ཁྲེབ་ཆེད་ནས་དོན་འབྲས་ཆེ་ཆུང་གང་ལ་ཡང་འཁུལ་བ་ཞིག་ཡོང་གི་མི་འདུག །ད་ལྟའི་འདི་ཁ་བྱས་ན་ཆ་ཞབས་ལ་་་
ཡངས་བརྡབས་བསིགས་ཆེ་བ་འདུག་པས་འོས་བབས་ཀྱི་བཅད་མཚམས་བསྒྲིགས་པར། སྒེར་གྱི་དོན་ལ་བབས་འབྲེལ་མེད་པར་ཟ་འདོད་་་
Page 66
གཏོངས་མེད་ཅིང་། མི་སྣ་ཀྱང་རྩེ་ནས་དམིགས་བསལ་བྱུང་ན་མ་གཏོགས་སུས་འཁྲིད་ལ་མི་འགྲོ། གཞུང་གི་འདོད་སྤྱངས་ལ་་་་
བཏང་བ་རྣམས་ཀྱིས་སྔོན་གྱི་ཁྲིམས་ཡིག་རྙིང་པ་རྣམས་ལ། ཆད་པ་སྲང་དུ་མ་ལོངས་ན་གདན་སྟོན་གྱི་སྙད་མི་བྱེད། སྲང་དུ་ལོངས་
ན་གདན་སྟོན་ཆས་ཟ་རྒྱབ་རྐང་གླ་སོགས་ཆད་པའི་བཞི་ཟུར་རིམས་འགྲོས་སུ་བྱས་པ་ཞིག་འདུག་ཀྱང་། དརྒོས་གསེར་བསིལ་མའི་ཆད་་་
པ་ཆེ་བ་རྣམས་ལ། མི་སྣ་དཔོན་གཡོག་ཁྱི་རྟ་དྲེལ་སོགས་ལྕི་ནོན་བཏང་ནས། ཟ་མ་གཟུགས་འབྲེལ། རྒྱབ་ཆས་སྤྲོད་གསུང་བཀའ་
ཤོག་ཏུ་གནང་བ་ལྟ་བུ་ལ། ཆད་པ་མ་འཕྲོད་བར་མི་སྣའི་ཟ་མ་ལ། མི་ངོར་མར་དུས་གཉིས་ལ་ཆུང་གཟུགས་རེ་དང་། ཆེ་གཟུགས་་
རེ༑ གཡོག་ཏུ་ཡོད་ལ་དུས་གསུམ་ལ་ཆུང་གཟུགས་རེ། ཇ་སྦྱོར་ལྔ་ཆང་། རྟ་དྲེལ་རྣམས་ལ་ཆག་བྲེ་དོ་མ། ངོ་མའི་ཟ་མའི་་་་
Page 67
སོ་གསུམ་
༄༅། །རྒྱབ་ཞོ་རེ་ལེན་ཅིང་། བུ་ཚ་ལ་རྒྱབ་མི་ཐོབ། ཟ་རྒྱབ་ཆད་འདོད་སླེབས་པ་ནས་བཟུང་། བསྡུས་ཤོག་་
ནམ་བྱུང་གི་བར་རྩི་བ་དང་། དེ་སྔའི་བསྡུས་ཤོག་གི་བཀའ་ཤོག་གི་ཚོགས་རིགས་སུ་གདན་སྟོན་ཆས་རྐང་ལག་ཆད་ཤུལ་བཞི་ཟུར་རིམས་་་་
འགྲོས་ལོངས་ལས་ཕྱིར་བསྡུས་ཕེབས་པ་འདི་ལ་དེ་སྔ་གོ་བ་ཟུར་པ་རྒྱབ་ནས་གདན་ཞེས་པ་མི་སྣ་རང་ལ། དཔོན་གྱི་བཞུགས་གདན་དང་་་
མཉམ་པ་དགོས་ཟེར་བ་དང་། སྟོན་ཆས་ཞེས་པ་སྟོན་མོའི་རྣམ་་་གྲངས་དང་། ཞལ་འབྱེད་པ་རྒྱབ་གླ་ཞེས་ནས་ཁལ་བརྒྱུད་རེ་དང་། ་་་་
བཤད་གླང་རེ་ལེན་པ་སོགས་མཚམས་ཚིག་མེད་པའི་ཁྲོལ་གང་ཐུབ་བྱེད་པ་ཞིག་འདུག་ཀྱང་སྡེ་སྲིད་ཀྱི་བཀའ་ཁྲིམས་ལ་གདན་ཟེར་བ་བཀའ་་་
ཤོག་ཐད་དུ་མ་ལྷུངས་པའི་གོ་དོན་གྱི། བཀའ་ཤོག་གི་གདན་ལ་ཆད་པའི་བཞི་ཟུར། སྟོན་ཆས་ཟེར་བ་བཀའ་ཤོག་ཞལ་འབྱེད་པའི་སྟོན་
Page 68
མོ་ལ་བཞི་ཟུར། རྐང་གླ་ལ་བཞི་ཟུར། ཆད་ཤུལ་ལ་བཞི་ཟུར་རེ་རྣམས་མིང་སོ་སོར་བྱེད་པ་ཁྲིམས་སའི་ཆེ་བ་ཡིན་ཞིང་། ལག་ཡོད་་
དེ་རྣམས་གྲིལ་བསད་གཞུང་དུ་ཆད་པ་གང་ཕུལ་བའི་ཤུལ་ལས་སྤྲོལ་པ་མི་ལེན། ཟ་རྒྱབ་ཆད་པའི་གཏིང་བསྐུལ་ཡིན་པས་བཞག་ཏུ་སོང་་་་
གི་རྩིས་རྒྱག །རྨར་གསེར་གྱི་སྲང་གྲངས་ལ་མི་སྣ་ཉིས་སྦྲེལ་རྩམ་ལས། ཟ་མ་གཟུགས་སྤྱོད་གསུང་བ་ལ། དུས་གསུམ་དུ་ཆུང་་་་
གཟུགས་ཇ་ཚང་། རྟ་ཡོད་ན་གཟན་ཆག་འོས་འགབ་ལས་སྤྲོད་པའི་ཟ་རྒྱབ་མི་ལེན་ཆད་པ་སྲང་དུ་མ་ལེན་ན་མི་སྣ་འོས་འགབ་རེ་ལ།
ཟ་མ་གཟུགས་ཕྱེད་སྤྲོས་ཁེབས་པར་ཆུང་གཟུགས་གི་ཕྱེད་དང་། རྐང་གླ་བྲེ་ལྟ་སྲང་དུ་མ་ལོང་པས་གདན་སྟོན་ཆས་སོགས་སྙད་མེད་་་
པར་བྱེད། བོགས་ཡོང་ཞེས་སོགས་ཁྲལ་བསྐུལ་གྱི་འདེད་ལ་མི་གཉིས་སྦྲེལ་རེ་གནང་བའི་ཟ་མ་འཕྲལ་ཆས་བསྒྲུབས་ཕེབས་པ་ལ།
Page 69
སོ་བཞི་
༄༅། །རྒན་པོ་རྒན་ཆག་ཡོད་པ་རྣམས་གྱི་རྒན་པོ་རང་གི་ཟ་མ་དུས་གསུམ་ལ་ཁ་ངོམས་གྲོད་འགྲངས་རྒྱུ་རི་ཟན་ཕོགས།
ཁྲལ་ཡོང་དུས་ཐོག་ལ་འགྲིལ་ན་རྐང་གླའི་སྙད་མི་བྱེད། དེ་ལས་འགྱངས་ན་ཉིན་རེ་རྐང་གླ་བྲེ་ལྔ་རེ་བྱིངས་སུ་བསྡུས་ནས་ཉི་མའི་ཁ་གྲངས་་་
སྒྲིགས་དགོས་པ་མ་གཏོགས་འདེད་ཡུལ་གྱི་ཐེམས་སུ་ཡོད་རྐང་པས་གང་འཁོར་གྱི་འདེད་པ་མི་བྱེད། རེ་ག་ཉིས་ངན་ཁྲེབ་ཀྱི་རྒན་པོས་་
མ་ཁུལ་ན། མི་སྣ་ཁ་གཏད་བྱས་པའི་ཁོ་རང་གི་ཞག་གང་ཐོག་ཀྱི་ཟ་རྐང་ལེན་དགོས་པ་དང་། བཟློས་པ་ཆེ་བའི་བཤེར་འབོད་ལ་ཞོ་རེ་སྡེ་
སྲིད་གཞུང་དོན་གྱི་མནའ་ལ་མནའ་གོས་མི་ཡོང་ཞིང་རང་རང་འདོད་པའི་མི་དྲག་པའི་མནའ་རྒྱབ་ལ་སྲང་གང་དོ་སོགས་སྐབས་དང་བསྟུན་་་་་
ཞིང་། འབྲིང་སྨད་ཀྱི་ལག་འཇུ་ཅན་ལ་གསེར་ཞོ་དོ་རེ། རང་མནའ་ལ་གསེར་ཞོ་རེ། རྡོ་ལ་ལྷ་ཡོལ་ལྷ་སྟན་བཀྲབ་བླང་བཀྲབ་་་་
Page 70
སྡེར། མེ་ཁྱེམས་ལྕགས་སྐམས་ཟེར་མི་སྣའི་ཟ་སྒོ་དང་རྡོ་ཁུངས་སྒེར་གཞུང་གང་གི་ཁོངས་ལ་ཡོད་ཀྱང་། དཔོན་ཁུངས་དེ་ལ་བདུན་་
ཚན་དགུ་ཚན་གང་འོས། མི་སྣ་ལ་རྡོ་རྒྱབ་གོམ་པ་རེའི་སར་ཐོན་གསུམ་གྱི་སྲང་རེར་སྣུམ་ལ་ཡང་ལྷ་ཡོལ་ལྷ་གདན་སྣུམ་སྣོད་ཀྱི་སླ་ང་་་་
ཟངས་གང་རུང་སྣུམ་རྒྱབ་སྲང་རེ་རྣམས་འོས་བབས་སྐབས་དང་བསྟུན་པའི་ལེན་ལུགས་དཀྱུས་མའི་འཇུ་ཅན་གྱི་མནའ་ལ་རྨར་ཞོ་དོ། །
རང་མནའ་ལ་རྨར་ཞོ་གང་། ནང་ཚང་འབྲལ་བསྡུམས་ཟོག་འཐུལ་མ་མཆམ་པའི་བགོ་ཤ་སོགས་ཕན་ཚུན་བདེན་པ་མེད་པའི་རང་བཤེད་
ཅན་ལ་དབུས་ལུགས་ཀྱི་བགོས་ཁུད་ཅན་གྱི་གསུམ་ཟུར་དཀྱུས་མ་འདྲ་བབས་ལ་ཕན་ཚུན་སྤྱི་ཐོག་ནས་བཅུ་ཁ་ལེན་པ་དང་། བགོས་ཚར་
ནས་ཕན་ཚུན་ཕྱོགས་ཕྱོགས་ནས་བཅུ་ཁ་ལེན་པ་ཇི་ལྟར་འོས་པ་རང་བཤེད་ཆེ་ཆུང་གི་བབས་འབྲེལ་མཚུངས་པ་བྱེད། ནག་ཅན་བཟུངས་་
Page 71
སོ་ལྔ་
༄༅། །བཀྱིག་བྱས་པ་ལ་ཁོ་རའི་ལུས་འབྱར་གང་ཡོད་མི་སྣས་ལེན། དགེ་སྡོང་སྤྲོད་འཇལ་ལ་ཚོགས་ཆས་་་་་
སོགས་ཐོབ་ཐང་འཆར་ཅན་ཁྲ་མ་ལྟར་ལེན་ཅིང་། གཞན་མ་དབུས་ལུགས་ལ་བཅུ་ཁ་ལེན་པ་ཞིག་འདུག་ཀྱང་། འདི་འགབ་ཡུལ་་་
ཆགས་པར་མི་འདུག་པས། གཙང་ལུགས་ལ་ཕན་ཚུན་ནས་ཟོང་ཕུད་ཟོང་བསྟན་ཟེར་ཟོང་ཁྲ་གཉིས་ནས་སྤྲོད་མཁན་གྱི་ས་གནས་ཕུད།
ལེན་མཁན་གྱི་ས་གནས་གདན་ཕན་ཚུན་སྙོམས་པའི་བློ་ཚད་རེ་ལེན། སྨར་སྤྲོད་དགོས་རྣམས་ལ་སྤྲོད་མཁན་གྱི་ས་ནས་དྲང་ཤིང་བཅད་པ་་
རྣམས་དང་། ལེན་མཁན་གྱི་ས་ནས་ཁལ་ཤུལ་བྲེ་འབྲིང་། སྤྲོད་མཁན་གྱི་བྲེ་གདན་འཕྱར་བ་རྣམས་བཞི་མ་རེ། པང་ཕེབས་གདན་་་
འོས་རིགས་དང་པོའི་ཁྲིམས་ཡིག་རྙིང་པ་རྣམས་ལ་འདུག་པས། མི་ཤ་གྲི་སྲི་མི་ལྡང་བའི་རྟེན་འབྲེལ་དུ་ལག་རྨར་གྱིས་བསད་པའི་གྲི་ངོ་་
Page 72
མ་དྲང་ཤིང་གི་ཚབ་ཏུ་སྤྲོད་པ་སོགས་སྲོལ་འཁྱུངས་དུ་འདུག་པ་ལྟར་བྱེད་ཁྲ་མ་དཀྱུས་མའི་ཞབས་འཇུག་ལ་སྤོམས་ཆེ་ཆུང་གི་འཚོར་ཆས་་་
ཁྲ་བཀོད་ལྟར་དང་། རྐང་གླའི་དོད་དུ་སྤྲོད་འཇལ་ཡོད་ན་དེ་ལའི་ཁལ་ཤུལ་བྲེ་འབྲེང་སྤྲེད་མཁན་ནས་ལེན་ཅིང་། འདི་ལ་སྤྱི་ས་ནས་་་་
ལེན་པ་དང་སོ་སོ་ནས་ལེན་པ་བབས་འབྲེལ་མཚུངས་པར་བྱེད། དངོས་པོའི་སྤྲོད་ལེན་མེད་པའི་ས་ཆའི་རྩིས་སྤྲོད་དམ། ཁྲ་མ་ཞབས་་
སུ་འཇུག་པ་རྣམས་ལ་དཀར་ཡོལ་གྱི་གཙོས་པའི་ལྔ་ཚན་གསུམ་ཚན། ཇ་མགོ་སྡུམས་ཀྱིས་གཙོས་པའི་བདུན་ཚན་དགུ་ཚན། གོས་་
ཡུག་དར་ཕུག་རྟ་ཁྲབ་མཛོ་སོགས་རྣམ་་་གྲངས་དོན་རྩ་འགངས་ཆེ་ཆུང་གི་ཇི་ལྟར་འོས་པ་བྱེད་ཅིང་། བཀའ་ཁྲའི་བབས་སྨྱུག་བཞི་ཟུར་་་
རིམ་འགྲོས་སྤྲོད་ཕེབས་པ་ལ། སྐུ་རྒྱལ་གྱི་བཞི་གཅིག་གི་བབས་མགྲོན་གཉེར་རམ་ཡར་ཞུས་ཕྱིར་གནང་གི་སྣ་ལ་ཐོབ། དེའི་བཞི་ཟུར་་་
Page 73
སོ་དྲུག་
༄༅། སྨྱུ་གུ་ཆུ་རིན་ལ་དྲུག་་་་་ཡིག་གིས་ཐོབ་ཡིན་ནོ།། །། ༈ དགུ་པ་བསད་པ་སྟོང་གི་ཞལ་ཆེ་ནི།
སྟོང་ཞེས་ཁ་སྐོང་ཤིན་ཏུ་ཐོ་བ་ལ་ཆ་བཞག །སྔོན་གྱི་གཏམ་བརྒྱུད་རྙིང་རྣམས་སུ། སྟོད་མ་རྩེ་རྒྱལ་པོ་ཧོར་གྱི་བསད། རོ་དང་གསེར་
གཉིས་མཉམ་་་བརྗེས་བྱས། སྨད་གེ་་་་སར་རྒྱལ་པོ་ལྡན་མས་བསད། ད་དུང་སྟོང་ལ་ཁྱེར་དུས་མེད། ཅེས་པའི་དོན་ཀྱང་། མི་
སྟེང་ནི་དཔངས་ཤིན་ཏུ་ཆེ་ཞིང་། ལྷག་པར་མི་རབ་འབྲིང་ཐ་གསུམ་གྱི་རབ་དང་ཙན་པོ་ཁ་དྲག་ཅན་གྱི་སྟེང་ནི་ཁྱེར་ས་མེད་པའི་ཐ་སྙད་དུ་བྱས་་
པ་ཡིན་ནའང་། ཁྱེད་མི་རབ་ཀྱི་རབས་དང་། བུད་མེད་བསད་པ་ཆེར་མི་ཡོང་ཞིང་། གལ་ཏེ་བྱུད་ཀྱང་རབ་ལ་ས་ཆའི་གཅོད་སྦྱོར། ་་་་
གསེར་བསིལ་གྱི་སྲང་གྲངས། སྟོང་ཆེན་གྱི་སྤྲོད་འཇལ་སོགས་སྐབས་དང་བསྟུན་པ་བྱེད་ཅིང་། བུད་མེད་རྣམས་ལ་སོ་སོའི་སྟོང་ཁུངས་ལས་་་་
Page 74
འདབས་ཀྱི་ཆུང་བ་ཡིན་ནོ། །ཚལ་པའི་ཁྲིམས་ཡིག་ཏུ། སྨྱོ་འབོག་བསམ་མེད་མེད་ཀྱིས་དུད་འགྲོ་ཡིས། བསད་དུང་རྐྱེན་གྱི་ཤི་
ལ་སྟོང་མི་དགོས། །ལྷ་རྗེའི་དཔྱད་ཉེས་ཤི་ལ་བསམ་པ་ཡི། །ནད་ལ་ཕན་དུ་རེབ་མ་གཏོགས་པས། །དེ་ལ་ཉེས་པའི་སྐྱོན་མེད་བཀའ་དྲིན་
ཁུར། །ཞེས་པ་ལྟར། མི་སྨྱོ་འབོགས་བསམ་མེད་དང་བྱིས་པ་ལོ་བརྒྱད་མན་གྱི་རྐྱེན་པ་རྣམས་ལ་དགེ་འཐུས་བ་གཏོགས་སྟོང་མི་དགོས།
དུད་འགྲོ་བསམ་མེད་ཀྱི་རྐྱེན་པ་ལའང་དགེ་བའི་བཞི་ཟུར་སྤྲོད་པ་སོགས་དེང་སང་གི་བར་ལ་དར་ཞིང་། དེ་སྔ་མི་བསད་དཀྱུས་མ་རྣམས་ལ་ད་
ལྟའི་རྒྱལ་ཁྲིམས་བཙན་པོ་འདི་མེད་པར། སྒེར་དཔོན་བདག་ཕ་ཚན་མག་པ་ཉེ་དཔུང་བཤེད་ཆེ་ཆུང་གིས་མི་བདག་ཤེས་ཆེ་ན་རེ་ཐོ་སྐྱེལ་བར་་་་
ཟེར་རོ་ས་ཞིང་ཐོག་ཏུ་སྐྱལ་ནས་གཅོད་པ་དང་། མི་ཤའི་དམག་བསགས་ནས་དམག་སློག་ལེན་པ་དང་། ཡུག་སའི་དུས་དྲན་དུ་དུ་བ་ལ་་་་་
Page 75
སོ་བདུན་
༄༅། །གདན་སོ་སྐྱེལ་བ་དང་། བྱི་ཕྲུག་ཡོད་ན་མགོ་ཐག་མཆོད་པར་རྒྱག་སྐྱེལ་དགོས་པ་སོགས་དེ་སྔའི་ཁྲ་མ་རྣམས་
སུ་རེ་བདག་གི་རྒྱགས། ཕ་ཚན་གྱི་དོམག་སློག །ད་ཕྲུག་གི་རྒྱག་ཕྱེ། ཡུག་་་སའི་འཆིས་ཕྱིས་བྲང་གདན་སོགས་ལ་སྲང་གྲངས་
འདི་ཞེས། མི་བདག་བློ་ཁ་རྫོགས་ཐབས་མཛད་འདུག་པ་རྣམས་ལ་དགོངས་ནས། དེང་སང་རྙིང་གནོན་སྲང་ཆེན་གྱི་གཅོད་རྒྱ་གནང་བ་་་
འདི་ཡིན་ཞིང་། ཡང་དེ་སྔ་ལག་དམར་བཤེད་ཆེ་ན་རོ་བབས་གཏོང་བ་ཞེས། རོལ་མལ་གདན་སྐྱལ་རྟ་ནོར་འདོགས་གང་ཐུབ་བྱས་སྟོང་
ཡུགས་གཅོད་དུ་འགྲོ་བ་དང་། དངོས་པོ་ལ་འདབ་གཅོད་པ་དང་། སྟོང་ལ་ཞུ་ངོ་སྒྲོན་འཇུག་པ་སོགས་ལག་དམར་གྱི་ཆགས་ལ་དགོངས་
ནས་ཁྲ་མ་རྙིང་པའི་ཚིགས་རིགས་སུ། གོང་མ་ཆེ་བཙུན་གྱི་སྐུ་ངོ་། བསྟན་པ་སྤྱིའི་ཆག །ལག་དམར་བབས་ཤེས་ཀྱི་རོ་བབས་སོགས་
Page 76
ལ༑ རོ་སྟོད་ནས་སྲང་འདི་ཆག་ཟེར་བ་ལ་དགོངས། དེང་སང་གྲ་ཕུད་ཀྱི་ཆག་གནང་པ་ཡིན་ཞིང་། དོན་དུ་སྟོང་ལ་སྤམས་ཆུང་ན་་་་
ཕྱི་འདོམས་མིག་ལྟོས་ལ་གནོད་དོགས་པ་དང་། ཧ་ཅང་འགེལ་ཆེས་ལག་དམར་གྱི་མ་ཐེག་པར་ཡུལ་དོན་ཁ་ཆུ་ཧ་མེད་དུ་སོང་ན། མི་ཤི་་་
ལྟེ་ལེན་གྱི་མ་བདེ་བའི་རྒྱུར་སོང་དོག་ལ་དགོངས་ནས། གཉིས་འཇགས་ཚིག་གི་སྒོ་ནས་བློ་བ་ཁྲིད་དེ། མི་བདག་ལ་རྙིང་གནོན་སྲང་ཆེན་
གྱི་འཕར། ལག་དམར་ལ་གྲ་ཕུད་ཀྱི་ཆག་སོགས་གནང་བ་འདི་ཡིན་ཞིང་། དེ་སྔ་ལག་དམར་གྱི་བབས་རྟེན་དང་། མི་བདག་ཕན་་
ཚུན་གྱི་ཉན་བསྒྲུབ་ཀྱི་ཐེལ་གདན་ཟེར་བར་འདུག་པ་ལ། དེང་སང་བབས་རྟེན་ལ་ཆད་པ་སྲང་གསུམ་དང་། ཐེལ་གདན་ལ་ཕན་ཚུན་་་
གཉིས་ཐད་ནས་སྐུ་རྒྱལ་འབུལ་དགོས་པ་ཡིན་ཞིང་། དེ་སྔ་སྤྲོད་འཇལ་གྱི་སྐབས་ཀྱང་། སྟོང་དཀར་དང་སྟོང་ཁྲ་སྟོང་ནག་གསུམ།
Page 77
སོ་བརྒྱད་
༄༅། །འཇལ་དང་དམར་དང་ཁྲ་དང་ཟོང་དང་གསུམ། སྨར་ལ་སྨར་དང་སྨར་རི་ཟོང་གསུམ། ཁྲ་ལ་ཁྲི་དང་ཁྲ་་་་་
ཆགས། ཟོང་ལ་ཟོང་དང་ཟོང་ནག་གསུམ། ཟོང་ནག་གི་རྦད་གཅོད་ཟེར་བའི་རྣམ་གྲངས་མང་བར་འདུག་པས་སྟོང་དཀར་ཞེས་པ་ལྕི་བ།
སྟོང་ཁྲ་འབྲིང་སྟོང་ནག་ཞེས་པ་ཤིན་ཏུ་ཡོངས་བའི་ཐ་སྙད་དུ་བྱས་ནས། སྟོང་དཀར་གྱི་སྐབས་རྨར་དང་སྨར་རི་ཞེས་པའི་སྨར་ལ་གསེར་་་
དངུལ། ཇ་ནག་རྩེ། ནས་འབྲས་གཙང་སོགས་དངོས་པོ་སྡིག་ཐུབ་རྔམས་ཆེ་བ་ལ་ཆ་བཞག་པ། སྨར་རི་ཟེར་བ་དེ་ལས་ཅུང་ལོད་པ་
ནས་གཤོར་ཐུབ་ལན་ཐུབ། ཇ་མདའ་ཧང་། གོས་རྣམ་ཐེར་ཕྲུག །སྟོང་ཁྲའི་སྐབས་ཁྲ་དང་ཁྲ་ཆག་ཞེས། ཁྲ་ལ་འབྲུ་པད་་་
སྲན་ནོར་ཕྱུགས་བཀོལ་འཕེར། གོས་ཁ་ཚོང་རྣམས་ཁྲ་ཆག་ལ་འབྲུ་སྐམ་བསྲེས་ཤ་རིན་ལོ་བ་དང་། དུས་འགྲོ་ཤ་འཕེར། རས་་་
Page 78
ཆ་ཤ་ཆ། ར་ལུག་ཐད་ཀོང་། སྟོང་ནག་གི་སྐབས་ཟོང་དང་ཟོང་ནག་ལ་ཟོང་ཞེས་པ་ཤོག་བུ་རེ་རློམས། རྟ་བོང་རིས་མེད། འབྲུ་་་་
བང་བསྲེས། ཐོང་གུག །ཟར་མ། གོས་གཟན་ཟད་རོ། སྣམ་བུ་ཟོང་བྱང་། ཟོང་ནག་ལ་འབྲུ་སྒྲུབ་བདུན་དགྲ་མདའ་དཀྱུས་་་་་་་
ཨོད། ཕོར་སྡེར་གོག་པོ། འབའ་ཆ་སྦང་སྐམ་ཟོང་ནག་གི་སྦད་གཅོད་ཅེས་པ་སྤྲོད་འཇལ་གྱི་འཇུག་ཏུ་ཤོག་དུམ་པ་དང་། ཐོང་གུག་་
ལ་སྲང་རེ་རེ། སྒ་གོག་དང་གོག་ལ་ཞོ་རེ། མདོར་ན་རྡོ་བུག་པ་ཕུག་པ་དང་། རྟ་རྒན་བོང་རྒན་ཁྲིམས་རའི་ཐེམ་པ་འགོམ་ཐུག་ཙམ་རེ་་
ལའང་ཆར་ཆེན་དུ་གཅོད་ཀྱི་འདུག་ཅིང་། དེ་ལས་ཀྱང་ལོང་པར་སྟོང་གཞུག་རླུང་འཁྱེར་ཟེར། མི་སྤྲང་པོ་གི་ངོ་ལ་ཡང་སྲང་གྲངས་གཅོད་པ་བྱུང་་་་
འདུག་པ་འདི་ཡང་དགོས་པ་སྔོན་གྱི་མི་ཚད་ལྡན་རྣམས་ཀྱི་མི་བདག་ལག་དམར་ཆག་ཆེ་ཆུང་ལ་དཔགས་པ་དང་། ནག་ཆེན་གྱི་སྟོང་མིད་་་་་་་་
Page 79
༄༅། །བཏགས་པ་ཙམ་ལ་མིང་འདོགས་གྱི་སྒོ་ནས་ཐབས་ལ་མཁས་པར་མཛད་པ་ཡིན་འདུག་ཀྱང་། ཕྱིས་འཆལ་བ་
ཤིན་ཏུ་ཟོང་བ་ལ་སྟོང་སྤྲོད་སྤྲོད་ཟེར་བ་ཆེ་དཔེར་བྱས་ནས། སྟོང་ལ་ཟིམ་ཟོལ་གང་འགྲོ་བྱེད་པ་ཞིག་བར་དུ་དར་འདུག་ཀྱང་། ཆོས་ཀྱི་རྒྱལ་པོ་་་
ཆེན་པོ་འདི་ཉིད་ཀྱི་བཀའ་ཁྲིམས་ལ། མི་བཤེད་ཆེ་ཆུང་གི་མི་སྣའི་དམག་སོགས་རོ་ཐོ་བབ་རོ་སོགས་ཀྱི་མི་དཔུང་ཇི་སྡིང་བྱེད་པ་མི་འདུག་ཅིང་བྱས་་
པར་ཤར་ཀྱང་སྟོང་ལ་ཆར་ཆེན་ལས་སྤྲོད་པ་མི་ནང་ཞིང་མི་ཤེད་བྱས་པར་ཆད་འཕར་གྱི་བརྡའ་འདོད། མི་ལ་རབ་འབྲིང་ཐ་གསུམ་དུ་བྱས།
རབ་ཀྱི་རབ། རབ་ཀྱི་འབྲིང་། རབ་ཀྱི་ཐ་འབྲིང་ཐ་གཉིས་ལ་ཡང་དེ་དང་འདྲ་བའི་རབ་ཀྱི་རབ་ནི། ཁྲིམས་ཡིག་རྙིང་པའི་ལོ་རྒྱུས་ལྟར།
དཔའ་བོ་སྟག་གི་ཞལ་ཆེའི་སྐབས་ཡིན་ཞིང་། རབ་ཀྱི་འབྲིང་རྫོང་བདག་གཡོག་གསུམ་བརྒྱ་ཡན་གྱི་དཔོན་རིགས་གཞུང་གི་རྫོང་གཉེར་ལས་
Page 80
ཚན། ཆོས་སྡེའི་མཁན་པོ་སོགས་ལ་སྟོང་སྲང་བཞི་བརྒྱ་དང་གསུམ་བརྒྱ། རབ་ཀྱི་ཐ་མ་ནི། གྲྭ་ཚང་གི་བླ་མ། དགེ་འདུན་བསྙེན་
རྫོགས་པ། གཞུང་གི་དྲུང་འཁོར། གཡོག་བརྒྱ་ལོངས་ཀྱི་དཔོན་རིགས་ལ་སྟོང་སྲང་ཉིས་བརྒྱ། འབྲིང་གི་རབ་ནི་རྟ་པ་དྲུང་འཁོར་ལ་་་
གཏོགས་ཙམ་དང་། གྲྭ་ཚང་ཆོས་སྡེའི་ལས་ཚན་ཆོས་ཁྲིམས་པ་སོགས་ལ་སྟོང་སྲང་བརྒྱ་དང་བཞི་བཅུ་ལྔ་བཅུ་གང་རུང་། གཟིམ་་་་་་་་
ཆུང་པ་དང་གྲྭ་པ་བགྲེས་རིམས། རྟ་ཆུང་དཔོན་ཆུང་རྣམས་ལ་སྟོངས་སྲང་བརྒྱད་ཅུ། འབྲིང་གི་འབྲིང་ནི་ཟ་མ་་་་་་
མདའ་བདག་སྐྱེལ་བསས་པ། གྲྭ་ས་ཆུང་བའི་གྲྭ་པ་ལ་དྲུག་ཅུ་བདུན་བཅུ་ལྔ་བཅུ་གང་རུང་། འབྲིང་གི་ཐ་མ་ནི་སྒེར་པ་གཟུགས་
བཙུན་གྱི་རིགས་ཡིན་ཞིང་། སྟོང་སྲང་བཞི་བཅུ་སུམ་ཅུ་གང་རིགས། ཐ་མའི་རབ་ནི། ཕོ་རེངས་ཁུངས་་་་
Page 81
བཞི་བཅུ་
༄༅། །མེུད་དང་། གཞུང་གི་གཉེར་ཚང་ཕྱག་གཡོག་ཤན་པ་རྣམས་ལ་སུམ་ཅུ། ཐ་མའི་འབྲིང་ནི་
ས་འཛིན་གྱི་མགར་བཤན། ལྡོག་སྤྲང་རྣམས་ལ་སྟོང་སྲང་ཉི་ཤུ། ཐ་མའི་ཐ་མ་ནི། ཁྲིམས་ཡིག་རྙིང་པར་ཀྱང་། ཕ་ཕོ་མགར་བ་
བཤན་པ་གསུམ་གང་བསད་ཀྱང་སྟོང་ལ་གྲེལ་ཐག་གཅིག་ཟེར་བ་ལྟར། འཁྱམས་པོའི་མགར་བཤན་ཡ་སྲུང་རྣམས་ལ་སྟོང་སྲང་བཅུ་ནས་
བཅོ་ལྔ་བར་ལ་ཡང་སྙིང་རྗེར་དགོངས་ནས་ཉི་ཤུ་ཙམ་ཡང་གནང་བའི་སྲོལ་འདུག་ཅིང་། རབ་འབྲིང་ཐ་གསུམ་གྱི་སྲང་གི་སྟོང་ཐང་དེ་ལ། དེ་སྔའི་
ཁྲིམས་ཡིག་དང་གཏམ་བརྒྱུད་རྙིང་པའི་བབ་ཐོབ་ཀྱི་སྲོལ་རྒྱུན་རྣམས་ཀྱང་བསྡུ་བར་གནང་བའི། དེ་སྔའི་གོང་མ་ཆེ་བཙུན་རྣམས་ཀྱི་ཞུ་ངོ་སྒྲོན།
བསྟན་པ་སྤྱི་ཆག་ལ་གྲ་ཕུད་་་སྟོང་སྲང་རེའི་ས་གནས་བཅུ་ཟུར་གྱི་ཆག་དང་། དེ་སྔའི་མི་བདག་རྒྱལ་གྱི་ཡུགས་སའི་འཆི་ཕྱིས་སྲང་གདན་དྭ་་་་
Page 82
ཕྲུག་རྒྱག་ཕྱེ་ཁ་ཚན་མག་པའི་དམག་སློག་སོགས་མི་བདག་གི་སློ་ཁ་རྫོགས་ཐབས་ལ་རྙིང་གནོན་སྲང་ཆེན་སྟོང་སྲང་སྟེངས་ནས་གཉིས་སྐྱེས་ཀྱི་
འཕར་དང་། སྟོང་ཟོང་ནག་རྦད་གཅོད་ནས་ཀྱང་ཆ་ཤས་པ་ལ་སྲང་ཞོ་འབེབས་པ་དང་། དགེ་བ་སྟོང་སྲང་རེའི་སར། དགེ་ནས་ཁལ་རེ།
དགེ་ནས་ཁལ་བཅུ་རེ་ལ་དགེ་མར་ཁལ་རེ་དགེ་བ་སྟོང་སྡེང་ཕན་ལ་དང་མི་ཕན་པ། ཞོ་ཞོ་ཆེན་དུ་འཇོག་པ་དང་། སྨར་ཞོ་ཁྲ་ཞོ་ཟོང་ཞོར་འབྱེད་་
པའི་དབྱེ་བ་གནང་ནས་ཞལ་ངོ་གོང་མའི་སྐབས་སུ་ཁྲིམས་བྲེ་ཁྲིམས་སྲང་མཁར་རུའི་སྐྱེར་གནང་བཞེས་ལ་གནང་བྲེ་ཚད་ཀྱི་ཡུལ་ཞོ་ཁལ་བརྒྱད་མ་་་
འདུག་པ། བྲེ་བྱེད་ཁོངས་རྩི་བར་གནང་ནས་མཁར་རུའི་དྲུག་ཞོ་གནང་སྤྱིར་གྱི་ཞོ་བདག་མཐོ་དམན་ཡུལ་ཕྱོགས་མི་གཅིག་པ་ན། བྲེ་ཆེ་ཆུང་
ཁྱད་ཀྱི་བྲེ་ཆེ་བ་རྣམས་སུ་ཁལ་གཉིས་ལ་ཞོ་རེ་བྱེད་པའང་འདུག་ཅིང་། ཞོའི་ཚད་འཇོག་པ་འདི་ཆེ་རྒྱབ་མཛོ་དྲེའུ་འདོན་པ་ལ་ཞོ་བཟང་བ་དང་། འབྲ་
Page 83
ཞེ་གཅིག་
༄༅། །གླང་གཡག་བུང་གུའི་རྒྱབ་ནོན་ལ་ཞོ་འབྲིང་བ་དང་། ཆུང་རྒྱབ་བོང་མོ་གླང་ཆུང་ནོན་པར་ཞོ་ངན་པ་བྱེད་འདུག་པ།
སྔོན་ཆོས་རྒྱལ་མེས་དབོན་གྱིས་རྒྱལ་ཁྲིམས་བཅས་པའི་ཁྲི་མ་སྟོང་མའི་འགྱུར་གྱི་གསེར་བྲེ་གཏན་འབེབ་མཛད་གསེར་བྲེ་ཚད་མ་ལ་བཞི་ཞོ་་་་
ད་ལྟའང་སྐྱིད་ཤོད་ན་དར་གྱི་འདུག་པ། རྒྱབ་ཚད་དང་གསེར་བྲོའི་ཞོ་ཐག་སོགས་ནས་རྩིས་ན་མཁར་རུའི་འབོའི་དྲུག་ཞོ་འདི་ཡུལ་ཐམས་་
ཅད་དུ་ཚད་མར་ཤེས་ཤིང་། དེང་སང་མཁར་རུའི་བརྒྱད་ཞོ་གནང་བ་ཞིག་འདུག་པ། དུས་ཀྱི་མི་འདི་པ་རྣམས་མ་རུངས་སུ་སོང་བའི་་་་་
ཁྲིམས་ཀྱང་ནོན་ཆེས་ཆེར་མ་གནང་ན་མ་འོང་པར་ཁྲིམས་འཆལ་དོགས་ཀྱི་དགོངས་པ་ཅན་དུ་འདུག་པ། དཔོན་ཁྲིམས་ལ་མཁས་ཟེར་བའི་་
དཔེ་ལྟར་དགོངས་བཞེས་བཞེད་སོ་སོ་དང་བསྟུན། དཔེར་ན་བཟང་སྟེང་འབྲིང་ཞིག་བྱུར་ཆགས་ལུག་ནས་རྐྱེན་རྩེ་ནག་ཆེ་ཆུང་མེད་པ་ཞིག་ལ།
Page 84
མི་འདི་ལ་འདི་ལྷ་བཞེས་པ་རྐྱེན་ལམ་ལ་བཏང་འདུག་པ། ཆད་མེད་གྲུབ་ན་དྲན་འཛིན་བསྔགས་སྦྱངས་སོང་གྲུབ་པ་དེ་ཡིན་ཞིང་། ད་རྒོས་
དགེ་སྟོང་གི་འཇལ་སྤྲོད་ཀྱི་སྤང་བླངས་དགོས་རྒྱུར། འདས་སོར་སྟོང་ཐོན་གསུམ་སྲང་དྲུག་ཅུ། དགེ་ནས་ཁལ་དྲུག་ཅུ། དགེ་མར་་
ཁལ་དྲུག །སྙིང་གནོན་སྲང་ཆེན་གསུམ་རྣམས་དགོས་པའི་ཐོག་ནས་གྲ་ཕུད་སྲང་དྲུག་བཅིག །སྟོང་སྲང་གྲ་ཕུད་ཞོ་འབེབས་དང་།
བྲེ་མཁར་རུ་ལ་ཆ་བཞག་སྤུས་ཀ་ཐོན་གསུམ། ཞོ་ཐག་ཁྲ་ཐོག་ཏུ་ཕབ་པའི་བཞི་ཞོ། རྩིས་སྤྲོད་དུས་ཐོག་མཐའ་བར་གསུམ་གྱི་དུས་ཚེ་མི་
སྣའི་སྒོ་གསལ་བྱས་པ་ལྟར་གྱི་སོ་སོ་ནས་སྐུ་རྒྱལ་བཀྲ་ཤིས་ཁ་བཏགས། བཟང་དཀར་རྩ་རིང་། ཇ་མ་ཧང་བར་སྡུམས། སྨན་རྩེ་་་
ཁ་བཅུ་གཉིས་ཡུག་སོགས་ལྔ་མཚན་བདུན་མཚན་གང་འོས་སྒྲུབ་བླངས་ཀྱིས་ཤིང་། བབས་སྙུག་བཞི་ཟུར་རིམ་འགྲོས། མི་སྣའི་་་་་
Page 85
ཞེ་གཉིས་
༄༅། །འཚོག་ཆས་ཇ་སྦྱོར་གསུམ་རྡོར་བཅས། དཀར་ཤ་ཁོག །ཚོགས་ལག །ཆང་ཚོད་བཞི། རྩམ་པ་་
ཁལ་དྲུག་གསུང་བ་དང་། དེ་ཕྱིན་རྩ་བ་འདིར་རྟེན་གྱི་མི་ཤ་གཏེར་ལེན་དུས་འགྱངས་ཕྱི་ཕུལ་བྱས་པར་ཤར་ན། འབའ་འདི་བཞེས་གསུང་པའི་
བཀའ་ཤོག་གི་མནན་པའི་སྤྲོད་འཇལ་ལ། སྙིང་གནོན་སྲང་ཆེན་ཞེས་པའི་སྲང་ཆེ་བའི་ཐ་སྙད་ནི་སྨར་ཞོའི་ནས་ཞོ་བརྒྱད་ལ་སྲང་ཆེན་རེ་བྱས་་
པའི་མཁར་རུའི་དྲུག་ཞོ་བྱས་ན་ཁལ་བཞི་ཅུ་ཞེ་བརྒྱད་ལ་སྲང་ཆེན་རེ། བརྒྱད་ཞོ་བྱས་ན་དྲུག་ཅུ་རེ་བཞི་ལ་སྲང་ཆེན་རེ་བྱས་པའི་འདི་ལ་སྨར་ཁྲ་
ཆ་ཕྱེད་དུ་སྤྲོད་དགོས་པ་དང་། དགེ་ནས་དང་དགེ་མར་སྨར་རང་གི་ནས་ངོས་མར་ངོས་སུ་སྤྱོད། སྟོང་སྲང་རེ་བྱས་ཀྱང་ལག་ཡོད་ཞོ་རེར་་་་
ཕབ། སྨར་དྲུག་ཞོ། ཁྲ་བཞི་ཞོ། ཟོང་ཉིས་ཞོ་ཡིན་པར། ལག་ཡོད་བཞི་ཞོ། ཉག་གཅིག་བྱས་པས་ས་བསྡུས་མས་མནན་
Page 86
འགྲིགས་འགྲོ་ཞིང་། བཞི་ཞོ་ཕབ་རྗེས། རིན་རྒྱག་ལུང་པའི་དགུ་ཐག་གི་རིང་འཐུང་རང་བྱས་ཐུས་པ་དང་། ཡང་ཐོན་གསུམ་ནས་་
སྨར་ནས་ཟོང་ལ་ཕབ་ན་འདབ་གཅོད། ཟོང་ནས་སྨར་ལ་སློབ་ན་ཕྱེད་ཆག །ཁྲ་མ་ཡས་མས་ནས་ཕུལ་དགུའི་གྲོས་རྩིས། ཡང་བརྒྱད་་་
ཞོ་ལ་ནི་གོང་འདྲ་ཞིང་། རྐྱེན་རྩ་འཆི་མཁན་ནག་ཆེ་བ་ཡོད་ན། འདས་པོ་ཚེ་ཚད་ཀྱི་བཏུགས་པས་དེ་བཞིན་བྱས་འདུག་ཀྱུང་། རྨས་་
འོག་ནས་ཤགས་པ་དང་། རོ་འོག་ནས་རྨས་ཡིན་པས། གསུང་ཚིག་རིགས་གཞན་མ་དགོངས་དང་འདྲ་བ་ལ། དགེ་བ་དགེ་ཐོག་་
ཏུ་ཕན་ན་སྟོངས་སྟེངས་འདབ་རྩི། མ་ཕན་ན་ངོ་བོ་རྩིས་ལ་གོང་ཕེབས་བྱུང་ན། དགེ་བ་དགེ་ཐོག་ཏུ་ཕན་མ་ཕན་ལ་འཛིན་ཕྱོགས་ཡོང་བས།
བཞི་བཅུ་ཞེ་དགུ་ཡན་ལ་སྤྲད་ན། དགེ་ཐོག་ཏུ་ཕན་པར་ཆ་འཇོག །ཞེ་དགུ་ཐོན་ནས་མ་ཕན་པར་ཆ་བཞག་ནས། ཞེ་དགུའི་ཐོག་ཏུ་་་
Page 87
ཞེ་གསུམ་
༄༅། །དགེ་བ་སོང་འདུག་ན། དགེ་བ་གང་གསུང་ཐོན་གསུམ་གྱི་ཐོག་ཏུ་འདབ་རྩིས་ནས་ཁྲ་ཞོར་ཕབ་པ་དང་དགེ་བ་་
དགེ་ཐོག་ཏུ་མ་ཕན་ན་ཞོ་ཆེན་དུ་བཞག་ནས་འིན་དགུ་ཐག་ཏུ་བཅད་པས་དོན་དུ་དགེ་བའི་ངོ་བོ་དེ་སྟོང་སྟེངས་འགྲོ་བ་བྱེད་པ་དང་། ཡང་བྱུར་་་
ཆག་ནག་ཆེ་ཆུང་མེད་པ་ལ། དགེ་བ་དགེ་ཐོག་ལ་ཕན་ན་ངོ་བོ་རྩིས་ལ་སྟོངས་ཕེབས་པར་འདུག་ནའང་། དགེ་བ་གང་སྤྲད་སྟོངས་་་་་
སྟེངས་ཐོན་གསུམ་དུ་ཕན་ན་ཞོ་མའི་ཞོ་ཆེན་དུ་བཞག །རིན་དགུ་ཐག་རྩིས་པས། དོན་དུ་སྟོངས་དགེ་བ་སོ་སོར་སྤྲོད་དགོས་པས། ་་་
མིང་འདོགས་ཀྱི་མི་བདག་ལག་དམར་གྱི་བློ་ཁྲིད་ཕྱོགས་སམ་སྲོལ་རྒྱུན་གྱི་ཁྱད་པར་ཡིན་འདུག་ཅིང་། ཡང་ནག་ཆེ་ཆུང་ལ་མཛད་པ་ཞིག་་་
འདུག་ཀྱང་། སྤྲོད་འཇལ་རྣམས་ཚར་བསྟན། མི་སྣས་བཀའ་ཁྲའི་རྒྱབ་ལ་ཆོད་ཡིག་གིས་འདོམས་དགོས་ཏེ། མདུན་གྱི་བཀའ་ཁྲ་་་
Page 88
འདི་ནང་གི་སྤྲོད་འཇལ་སྒྲུབ་་བླངས་གཙང་མར་སྒྲུབ་པས། ད་ཕྱིན་ནས་ཁག་མེད་ཁ་འདོགས་ང་མིན་ཁོ་ཡིན་སོགས་སྙོག་མ་གཏིང་སློང་་
བྱས་པར་ཤར་ན། གསེར་བསིལ་མའི་སྲང་གི་སྒྲུབ་ཞེད་སོ་སོའི་ཐེལ་བླངས། འདི་ཞིན་གྱི་མི་སྣ་འཁྱ་དཔངས་འདི་བཞིན་གྱི་ཐེལ་་་
རྩེ་ཞེས་བསྡམ་དགོས་ཤིང་། ཡང་གཉེར་ཚང་རྫོང་དཔོན་ལྟ་བུས་ཁྲ་མ་གཏོང་ན། ལོ་ཟླ་ཚེས་གྲངས་འདི་ཞེས་བྱ་བར་ཁྲ་མ་འདི་གཉིས་
སུ་བཏང་དོན། ཁྱེད་གཉིས་ལ་འཁོན་རྩ་ཆེར་མེད་པར་བྱུར་ཆགས་ཀྱི་འདི་བཞེས་རྐྱེན་ལམ་དུ་བཏང་འདུག་པ། ཐོག་མར་ཁྲིམས་ས་གོང་
གི་སྐུ་རྒྱལ་འདི་བཞེས་སྒྲུབ་པ་དང་། ལག་དམར་གྱི་ཁྲིམས་འདེགས་དྲན་འཛིན་གྱི་སྨར་གསེར་ཕྱེ་མའི་སྲང་གསུམ་སྒྲུབ་བཞིན་དགེ་སྟོང་གི་་་
སྤྲོད་འཇུལ་སྤངས་བླངས་དགོས་པ་བཞེས་པ་ཁྲིམས་སྲོལ་གང་ཡོད་གོང་ལྟར་བྱེད་ཅིང་། ཡང་བར་མི་བསམ་ཆེན་གྱི་ནང་ལྡུམས་ལ་་་་་་་
Page 89
ཞེ་བཞི་
༄༅། །ཁྲིམས་ས་གནས་དགོནས་པ་ཞུས་པའི་རིགས་ལ། དཔེར་ན་ལོ་ཟླ་ཚེས་ལ་ཁྲ་འཐུང་འདྲ་གཉིས་སུ་བཏང་དོན།
རྐྱེན་འདི་དང་འདི་ཞེས་བྱུང་འདུག་ཚུལ་སོགས་རྒྱུ་མཚན་ཀྱང་ཕན་ཚུན་བློ་ཁ་རྫོགས་ཐབས་རགས་རིམས་བྱས་ནས་དེ་རྣམས་ཀྱི་གསུང་རིགས་་་
སྦྱངས་ཤས་ཁོག་ཏུ་འཐུས་པར་ཞུས། སོ་སོའི་དོན་དགོངས་བཞེས་གནང་དགོས་བསམ་ཉམས་བཞེས་གནང་དགོས་ཐོག་མར་ཁྲིམས་སའི་་
ཞུ་འགོགས་ཟེར་བ་བྱས་ནས་སོ་སོ་ནས་མི་བསད་ཚར་ཆེན་གྱི་སྐུ་རྒྱལ་སྟེངས་སུ་འཆད་འགྲོས་ཀྱི་ཕྱེད་ཙམ་ཁོངས་རྩིས་པའི་ཚན་གྲངས་འདི་་་་་
བཞེས་ཁྲིམས་སར་འབུལ་བ་དང་། དགེ་སྟོང་གི་སར་མ་བབས་ཁྲིམས་ཡིག་སྲོལ་གང་ཡོད་དང་། འདི་སྐབས་ལག་དམར་གྱི་མི་བདག་ལ་་་
རྒྱལ་ཡུལ་སུ་སྲང་གསུམ་སྤྲོད་དགོས་ཤིང་། རོ་འོག་ཏུ་རྨས་ཟེར་ཀྱང་བར་གཟུ་འདི་ལ་འདས་པོས་ལག་དམར་ལ་རྨས་གཅོས་ན། རྨས་་་
Page 90
ཚབ་ཆེ་ཆུང་གི་རྨས་འཇལ་རྒྱལ་ཡུལ་སྟེངས་ནས་གཅོད་ཅིང་། ཚིག་འདྲ་མི་འདྲའི་བཤགས་བདེན་མུས་འདི་སྐབས་ཀྱང་བྱེད་སྲོལ་མེད་ཅིང་སྤྲོད་
འདཛུལ་ཞོ་ཐག་རྣམས་ནི་ཁྲིམས་སྲོལ་གོང་ཡོད་དགོས་པ་དང་། ཡང་ནང་ལྡུམ་གཙང་མའི་ཁྲིམས་སར་ཞུ་མ་ཐལ་བ་དང་། དགོངས་་་་
ལེན་མ་ཞུས་པ་ཡིན་ན་ཐོག་མར་ཉན་ཡིག་བླངས་ཏེ། དཔེར་ན་བར་པའི་མིང་བྱས་ཏེ། འདི་བཞེས་པ་ནང་པར་རམ། ནང་སོར་རམ།
ངེས་དེ་བདག་འདི་བཞེས་ཕན་ཚུན་མཐུན་གྲུབ་ཀྱི་ཉན་ཡིག་ཕུལ་དོན། ད་ལམ་གྱི་བཟློས་སྐོར་འདི་ལ་ཆེ་གཅོད་ཆུང་གཅོད་ཅི་འདྲ་ཞིག་གནང་
སོང་ཀྱང་རེ་འཁང་མདུན་བསྟན་ཕྱིར་འགྲོས། ཆེ་སྙན་གྲུབ་བསྐྱོད་མི་བྱེད་པར་ཤར་ན། ཁྲིམས་བདག་ཞབས་དྲུང་དུ་འབའ་གསེར་སྲང་་་་
འདི་བཞེས་སྒྲུབ་ཀྱི་ཉན་ཐེལ་དང་། སོ་སོའི་ཁག་འཁུར་བསྡུས་ཏེ་ཁྲ་མའི་ཚིག་རིགས་དང་གཞན་མ་གོང་དང་འདྲ་བ་ལ། འདི་སྐབས་སྐུ་རྒྱལ་འདི་
Page 91
ཞེ་ལྔ་
༄༅། །ལུང་པའི་རྫོང་དཔོན་རྣམ་སྐུ་ཚབ། ཡང་ཕོ་བྲང་འོག་ཏུ་ཡིན་ན། ཕྱག་མཛོད་དུ་འབུལ་ཞིང་། ལག་་་་་་
དམརགྱི་མི་བདག་ལ་རྒྱལ་ཡུས་སོགས་གོང་བཞིན་བྱས་ཏེ། ཆོད་ཡིག་གི་སྐབས་འབའ་བསྡོམས་ནོར་ཏེ། མནའ་འཇོག་པ་སོགས་ཇི་་་་
ལྟར་འོས་པ་བྱེད། བར་པ་བསམ་ཆེན་ཕྱོགས་ཕྱོགས་ཀྱིས་བར་པ་ཤགས་ཀྱི་དྲས་གདན་ཞེས་མེད་པའི་ཕྱོགས་ཕུལ་བ་དང་། ལབ་རྒྱུད་་་་
དགོས་པ་ཡོད་ཀྱང་དོན་དུ་ཕྱོགས་ཕྱོགས་ནས་ང་ཀུར་སྟི་ཞབས་རྟོགས་བཀའ་དྲིན་གྱི་སྲབ་ལུགས། ཁྲིམས་སར་ཐུག་ན་མི་སྣ་ཧོར་འདྲའི་་
འགྲོ་སྒོ་ནས་རྩིས་པ་སོ་སོ་ནས་བྱེད་དོ། །མི་བདག་མེད་རྐུན་བསད་ཇག་པ་རྒྱ་འདྲེས་བསད་པ་ལ། ཁྲིམས་པ་མི་དཔོན་གཙོ་རྒན་གྱི་མི་་་
བདག་བྱས་པའི་ཆད་པ་མི་བསད་དཔེ་འདྲེ་དང་། སྟོང་དགེ་ཐོག་ཏུ་བསྒྲིལ་བའི་དགེ་འདུན་ངན་སློང་སོགས་ལ་དགེ་རྩར་འགྲོ་བ་བྱེད་དགོས་
Page 92
པའང་ཁྲིམས་ལུགས་སུ་འདུག་གོ།། །། ༈ བཅུ་པ་རྨས་པ་ཁྲག་གི་ཞལ་ཆེ་ནི། སྔར་གྱི་ཁྲིམས་ཡིག་རྙིང་པར་རྣམས་་་་
ལ༑ མི་རབ་ཁྲག་ལ་ཐིག་ཞོ་དང་། མི་ཐ་ཁྲག་ལ་ཐིག་སེ་ཟེར་བ་གའདུག་ནའང་། འདིར་མི་དོད་མི་སྙོམས་པའི་འབངས་ཀྱི་གྱེན་ལོག་ལྟ་་་་
བུའི་སྨས་པ་ལ། རྨས་ཚབ་ཆེ་ཆུང་གི་ཡིན་ལག་གི་སྟེངས་སུ་རྩོད་གཅོད། དཔོན་གཡོག་སར་དཔོན་པོས་ལག་ཐལ་བ་ལ་རྨས་པོར་ལྷ་་་
རྗེ་སོགས་ངོ་ཚ་ལ་དཔགས་པའི་བདག་རྐྱེན་བྱེད་ལུགས་ཉེས་བྱས་ལ་དཔགས་པའི་བྱེད་པ་མ་གཏོགས་དཔོན་གཡོག་གི་གོ་རིམ་གྱི་རྨས་འཇུལ་་་
གྱི་སྲོལ་མེད། ཕན་ཚུན་འདྲ་འོས་ཀྱི་སར་རྨས་འགྲམས་ལ། སྔ་སེར་རྨ་འོག་ཏུ་ཤགས་བེར་ཟེར་བ་ཞིག་ཀྱང་། དེས་ནས་བདེན་མེད་དུ་་
འགྲོ་བར་འདུགས་པས། འདིར་བདེན་པ་གཙོ་བོ་བྱས་ནས་མི་འོས་པའི་ལག་འཇོག་བྱས་པའི་རྐྱེན་མ་ཐེག་པའི་ཚུར་ལག་སློག་པའི་རྨས་ལ།
Page 93
ཞེ་དྲུག་
༄༅། །རྨ་གསོལ་མ་གཏོགས་འཇལ་སྤྲོད་མི་དགོས། ཕན་ཚུན་གྱི་འདོན་སྔོན་མ་ལ་གྲི་ཆད་འོས་རིགས་དང་མ་སྤམ་གྱི
བདེན་བརྫུན་ཆད་འགྲོས་སྲིམ་ས་ནམས་བསྔགས་པའི་ཕན་ཚུན་རང་གི་སྐོར་ལུས་ཀྱི་གཉན་སར་གསོད་ཀྱི་རྒྱབ་ན་རྨས་འཇལ་ཐོབ་ཐང་གི་སྟེང་་
དུ་གསོན་སྟོང་རྨར་གསེར་གྱི་སྲང་གང་། ཕྱེད་སོགས་ཀྱི་འགྲོས་བདེན་འབྲེལ་དང་མཚུངས་པར་བྱེད། རྨས་རང་གི་སྐོར་ལ་མི་དྲག་པོའི་་
རིགས་ལ་གསོན་སྟོང་རྒྱལ་ཡུས་རྨས་གསོ་ཁྲག་གདན་ཞེས་རྨས་འཇལ་གསོན་པོའི་སྟེངས་ནས་བཤས་པས་རི་ཟུར་སོགས་ཆ་ཆེ་ཆུང་ལ་་་་་་
དཔགས་པའི་གཅོད་པ་དང་། རྨ་གོས་ལ་གོས་གཟན་གཡོག་གོས་པ་དང་། ཁྲག་གདན་ལ་འཕྱིང་པ་སྣམ་དཀར་སོགས་སྤྲོད་དགོས་
པའི་རྒྱུན་འདུག་ཀྱང་། ཕྱིས་མི་དྲག་པའི་རྨས་འགྲམས་ཆེར་མི་ཡོང་ཞིང་། བྱུང་རྐྱང་སྐབས་བབས་བདེན་འབྲེལ་དང་བསྟུན་པ་བྱེད།
Page 94
ཟ་ཕ་འབྲིང་ལ་ཆ་བཞག་པའི་རྨས་ལ་ཉེས་པ་ཆེ་ཆུང་བདེན་བརྫུན་གཤེར་བའི་གཏན་ཚིག་གཞིར་འཇོག་པ་སོགས་གོང་གི་གཞི་ནས་བླངས་པའི་ད་
ལྟ་ཡོངས་སུ་གྲགས་པའི་མེ་ཞོ་གྲས་སྲང་ཞེས་མོད་དུ་རྒྱབ་ལ་ཐོན་གསུམ་གྱིས་ཡུལ་ཞོ་རེ་དང་། དྲས་པ་ལ་ཡང་ཐུག་གསུམ་གྱི་སྲང་རེ་བྱེད་པ་་
ཞིག་འདུག་པ། སྤྱི་རྩམ་དུ་དེ་ཁ་དགོས་པ་འདུག་ཅིང་། ཞིབ་པར་སྤྱད་ཀྱི་དྲས་ཀྱང་ཚབ་ཆེ་ཆུང་ལ་དཔགས་པའི་སྲང་གྲངས་མཐོ་དམན་་
བྱེད་དགོས་པ་དང་། རྨས་པ་ལ་ཡང་གཏིང་གནད་ཆེ་བར་སྲང་དོ་གསུམ། གཏིང་གནད་མེད་པའི་ཁ་སོར་བཞི་ལ་ཆ་བཞག་པར་སྲང་རེ་་་
སྤྲོད་དགོས་པ་སོགས་དེ་ཁའི་འགྲོས་ཤེས་པར་བྱེད་ཅིང་གུས་པ་ལ་རུས་པ་ཆེ་ཆུང་ལ་དཔགས་པའི་གསེར་དང་མཉམ་འདེགས་བྱེད་ཟེར་བ་ཞིག་་་
འདུག་ཀྱང་ད་རིང་ཅུང་ཞིག་ནད་པ་བདུད་པར་འགྲོ་བསམ་པས། རུས་མ་སྲན་མ་ཙམ་ལ་ཞོ་རེ་བྱེད། ཁྲག་ཤོར་ཆེ་བ་ལ་ཁྲག་གདན་རྣམ་
Page 95
ཞེ་བདུན་
༄༅། །ཡ་སྤེན་ཤུགས་སོགས་སྐབས་དང་བསྟུན་པ་བྱེད། དེ་ཁའི་ཐོག་ནས་བདེན་རྨས་པོ་ལ་མེད་ན་རྨས་པོས་བདེན་་
ཡུས་ཚན་གྲངས་ལྔ་ཚན་གསུམ་ཚན་ཙམ་ནས་གཏོང་བ་་་གཏོགས་འཇལ་ཐོག་ནས་མི་གཅོད་རྨས་མཉམ་བྱུང་ལ་དེ་ཁའི་ཕན་ཚུན་རྨས་འགྲམ་
ཆེ་ཆུང་གི་འཇལ་གྱི་སྤྲོད་སྒོ་རྩིས་འཐབ། རྨས་པོ་རྒྱག་མིས་ཞག་བདུན་ཁོངས་སུ་རྩམ་པ་ཁལ་གཅིག་ནས་དྲུག་གི་བར། ལུག་ཤ་སྟོད་་་
རྨད་ནས་ཚག་པོ་སསྟོད་སྨད་ཀྱི་བར། མར་ཁལ་གཅིག །ཆང་རྒྱུ་སོགས་སྨད་ཚབ་ཆེ་ཆུང་ལ་དཔགས་པའི་སྤྲོད་པ་དང་། ལྷ་རྗེ་ཚར་
གཉིས་ཀྱིས་བར་འབོད་ཅིང་། དེ་ཁའི་རིང་ལྟོ་ཆང་རྫོང་ང་སོགས་ཀྱང་བབ་ཐོབ་ལྟར་བྱེད་དགོས་པ་རྨས་བསོས་མི་ལེན་པ་ཀྱང་ཁྲིམས་ལ་མི་་་་
བཏུབ་ཅིང་། རྒྱག་མཁན་གྱིས་རྨས་པོས་ལྷ་རྗེ་སོགས་རྟེ་མེད་བྱས་ཀྱང་མི་བཏུབ་པས། ཁྲིམས་མཐུན་ལ་རྨས་གསོས་འདི་སྤྲོད་ལེན་་
Page 96
བྱེད་དགོས་འཇལ་སྤྱོད་ཀྱི་སྐབས་རྨས་གསོས་དང་ལྷ་རྗེའི་ལྟོ་རྫོང་སོགས་རྨས་འཇལ་ཐོག་ཏུ་འདབ་ཆོད་དུ་རྩི་བ་སོགས་ཁྲིམས་རྒྱུན་དུ་འདུག་པ་
དང་། སོ་ཅག་སྐྲ་ཕྱི་བ་རྣམས་ལ་དང་པོའི་ཁྲིམས་ཡིག་རྙིང་པ་རྣམས་ན། སོ་རྟ་སྐྲ་ལུགས་ཟེར་བ་འདུག་ཀྱང་། དེ་ཕྱིས་མི་དར་ཞིང་།
སོ་ཆག་པ་ལ་གོང་གི་རུས་པའི་ཆ་འགྲོས་ལས་ཆ་ཆེ་ཙམ་བྱེད་པ་དང་། སྐྲ་ལན་བུའི་རྐང་གཉིས་གསུམ་ཙམ་ལ་ཞོ་རེ་གཅོད་པ་སོགས་སྐབས་
དང་བསྟུན་དབང་པོའི་སྒོ་མིག་སོགས་དང་ཡན་ལག་ཉིང་ལག་སོགས་སྐྱོན་ཅན་དུ་བཏང་ན། མི་དེ་ཁའི་ཁུངས་སྟོང་གི་ཐོབ་ཆ་ནས་རྩིས་པའི་་་་
བཞི་ཟུར། སུམ་ཟུར། ལྔ་ཟུར། སྤྱིར་དབང་པོ་ཡན་ལག་སྣང་་་ཆེ་ཆུང་ལ་དཔགས་པའི་གཅོད་རྒྱ་བྱེད་དགོས་པ་ཡིན་ནོ།། །།
༈ བཅུ་གཅིག་བསྙེན་ཧམ་མནའ་དག་གི་ཞལ་ཆེ་ནི། ཡིན་མིན་བསྙེན་བྱུང་བར་མནའ་བྱེད་དགོས་ཤིང་། མནའ་ཞེས་པ་རང་ལུས་གོང་་་
Page 97
ཞེ་བརྒྱད་
༄༅། །གི་དྲངས་པོར་གནས་པ་ལ། སྣ་ཡོད་པས་དཔེ་བདེར་བཞག་ནས་མནའ་ཞེས་ཀྱང་ཡིན་ཞིང་། ངོ་བོ་ཡེ་ཤེས་ཀྱི་
སྤྱན་དང་ལྡན་རྣམས་དང་། རྫུ་འཕྲུལ་ཟག་བཅས་ཀྱི་མངོན་ཤེས་ཡོདཔའི་སྲུང་མ་དཔང་དུ་གཙུག་ནས་བདེན་བརྫུན་འབྱེད་དགོས་པ་འདི་ལ
མནའ་མི་བསྡུ་སྐབས་ཁྲིམས་ཡིག་རྙིང་པ་རྣམས་ན། གསེར་བྱ་ངང་པ་སྙེ་ལ་མི་འཛིན། དུག་སྦྲུལ་ནག་པོ་ཐུར་ལ་མ་རྒྱུགས་ཕོ་རོག་ནག་་
པོ་རྡོ་མ་རྒྱག །ཁྱི་མོ་ཚང་མར་དབྱུག་པ་མ་འཕྱར། གཡུ་ཆུང་གྲུ་དམར་རྩར་ལ་མ་རྒྱུ་ཟེར་བ་འདུག་པས་གསེར་བྱ་ངང་པའི་དོན་ནི་བླ་མ་དང་་་
དགེ་བའི་ཤེས་གཉེན་ཡུལ་གཉན་པ་དང་བཙུན་པ་ལ་མནའ་མེད་པའི་མནའ་མིར་མི་བསྡུ། ཕོ་རོག་ནག་པོ་ནི་མི་རྟོགས་བྲལ་དང་རང་འདོད་ཅན་ལ་ལྟོ་གོས་དང་རང་
འདོད་གྱི་ཉེས་པ་དོར་ནས་མནའ་ཟ་བས་མནའ་མིར་མི་བསྡུ། དུག་སྦྲུལ་ནག་པོ་སྔགས་པ་ནུས་པ་ཅན་གྱི་ཐབས་རྟེན་འབྲེལ་གྱི་སྒོ་ནས་མནའི་་
Page 98
ཉེས་པ་སེལ་ནུས་པས་མནའ་མི་བསྡུ། ཁྱི་མོ་ཚང་མ་ནི་སྐྱེ་དམན་རང་གི་མཛའ་བོ་དང་ཕྲུ་གུའི་ཆེད་དུ་མནའ་མིར་མི་བསྡུ། གཡུ་ཆུང་་
གྲུ་དམར་ནི་བྱིས་པ་རྣམས་དབྱེ་བ་མ་ཕྱེ་བ་དང་། གླེན་ལྐུག་རྣམས་ཀྱིས་མནའི་ཉེས་པ་དང་སྤང་བླངས་མི་གོ་བས་མནའ་མིར་མི་བསྡུ། མནའ་
མི་ཁག་འདོགས་ཀྱི་འོས་ཅི་འདྲ་ཞིག་དགོས་ན། མིང་དེན་གཉིས་ཤེས་ཤིང་ཧ་གོ་བ་གཏན་ཚིག་ཆེ་བ། དྲངས་ཤིང་ཚད་པ་ལས་རྒྱུ་འབྲས་་་་
རྩི་བ་སྐྱེལ་བགག་ལ་དགྲ་མ་དང་ཁ་མཐུན་པ་ཞིག་དགོས་ཤིང་། དེ་ལྟར་མ་རྙེད་ན་མངོན་སུམ་བདེན་བརྫུན་སྟོན་པའི་རྡོ་སྣུམས་ལྕགས།
འདམས་སྐོལ་ཆུ་ལག་སོགས་བྱེད་དགོས་ཤིང་། འདི་རྣམས་ལ་བདེན་པ་ཡོད་མེད་རི་ཚིག་རྟེན་འབྲེལ་ཆས་སོགས་ཀྱིས་ཐོན་མི་ཐོན་ཡོང་བ་
སྟེ༑ བདེན་པ་གཙོ་བོ་ཡིན་ཀྱང་། རི་ཚིག་ཟུར་གྱི་ཡོད་ཀྱང་མི་ཐོན་པ་ནི་བྱ་བ་ཆེ་ཆུང་གང་ལ་ཡང་བསམ་པ་ལ་ཤར་རི་ཟེར་བ་བཅུག་ན།
Page 99
ཞེ་དགུ་
༄༅། །མི་ནི་འགྱུ་བ་དང་སེམས་འདི་ལ་གང་ཡང་འཆར་བས། དཔེར་ན་དཔེ་རིགས་མཚོན་པའི་ཚིག་ཟུར་འགྲིས་ཀྱིས་་
མནའ་ལ་ཐོ་འཕོགས་པའི་རི་ཚིག་མི་འཇུག །རྟེན་འབྲེལ་གྱི་བདེན་པ་མེད་ཀྱང་ཐོན་པ་ནི་བསྲུང་བ་ཟབ་མོ་མ་ན་ངག་སོགས་དང་མི་དྲན་གསལ་་
གྱི་གཞན་པ་ཞིག་ཐོད་པ་མགོ་ཐོག་ཏུ་བཀབ་ནས་ཐོད་པ་འདིའི་འོག་ཏུ་འདི་འདྲ་ཞིག་མི་བྱེད་ཟེར་བ་བསྐྱལ་ནས་ཐོད་པ་དེ་བོར་ན། དེའི་རྟེན་་
འབྲེལ་གྱིས་ཐོན་པར་འགྲོ་བ་སོགས་དཔེ་འགྲོ་བ་དང་། ཆས་ཀྱི་སྒོ་ནས་མནའི་ཉེས་པ་ནི་ལུས་གཅེར་བུ་བྱས་ལ་ཀོ་དམར་གདན་དུ་སྟིང་།
བྲང་ལ་གྲོད་པ་ཁྲག་གི་བཀངས་ནས་ཞལ་ཞལ་ཡོང་བར་བྱས་ན། རྣམ་རྟོག་་་་གི་རྗེས་སུ་འབྲངས་ནས་མནའི་ཉེས་པ་ཡོང་བ་སོགས་དེ་་་་་
མཚུངས་ཤིང་། མང་མི་རྣམས་རྟོག་་་་མེད་ཅིང་བདེན་པས་མུས་པ་ཞིག་ཡོད་ན། གོང་གི་རྣམ་་་་རྟོགས་རྣམས་ཅི་ཡོད་ཀྱང་།
Page 100
ཁོ་རང་གི་བདེན་པའི་ངོ་བོ་ལ་སེམས་རྩེ་གཅིག་ཏུ་བཏད་ནས། ཡེ་ཤེས་ཀྱི་ལྷ་ལ་བདེན་པ་བདར་ན། ལྷ་དཔངས་དུ་ཡེ་ཤེས་པ་བཞུགས་
པ་གཟིགས་པས་བཞུགས་པ་གའཟིགས་པས་བའདེན་ཐོག་དུ་ཐོན་པ་ཡོད་ནའང་མི་བྱིངས་ཀྱི་རྣམ་རྟོག་མང་བ་དང་རྣམ་རྟོག་གི་རྗེས་སུ་འཇུག་་
པས། དེས་ནས་ཁྲིམས་པའམ་ཁར་པ་ཚད་མ་ཞིག་བྱེད་དགོས་ཏེ། དེ་ལ་ཐོག་མར་བསྒག་ཁྲམ་ལྷ་དཔང་འདས་མ་འོངས་ད་ལྟ་དུས་་་་་
གསུམ་གྱི་བདེན་བརྫུན་གཟིགས་པར་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་དང་། དེ་ཁའི་རྗེས་གཅོད་ཅིང་ཡིན་མིན་གྱི་ཆད་དུ་འབེབས་པར་་་
འཇིག་རྟེན་ལྷ་དྲག་རྩལ་ཆེ་བ་དང་། མནའ་སྐྱེལ་མཁན་རང་གི་ཕོ་ལྷ་སོགས་དཔང་དུ་གཙུགས་ནས་མནའ་བྱེད་ན་གསེར་སྐྱེམས་མནའ་་་
ཆུ་སོགས་ཆས་བསྒྲིགས་པ་དང་། ལྷ་མོལ་ལྷ་གདན། མགར་བའི་ཆས་རྡོ་རྒས་པ་དང་ཆག་གྲུམ་མེད་པ། ཟངས་སམ།
Page 101
ལྔ་བཅུ་
༄༅། །ལྕགས་གླང་དུ་སྣུམ་གཙང་མ་ལག་མགོ་ནུབ་ཙམ། རྡེའུ་དཀར་ནག་ཞོ་གཏེག་གི་ཡང་ལྕི་མེད་པའི་ཐེབས་
མགོ་ཙམ་གཉིས་དང་། ཡང་འདམ་སྐོལ་ཆུ་ལག་བྱས་ན། ཁྲོའི་ནང་དུ་འདམ་གར་སླ་ཞོ་ཙམ་ལག་མགོ་ནུབ་ཙམ་དང་། ཡང་ཆུ་་
སྙོག་རྡེའུ་མི་མཐོང་བ་ལག་མགོ་ནུབ་ཙམ་བསྒྲིགས་ནས། དེ་རྣམས་རི་ཚིག་མ་ཕན་ཚུན་བསྡུ་ཡང་བྱས། ཁྲིམས་ས་བར་པ་དབྱིངས་་
སུ་ཉེ་འགྱངས་མེད་པར་བསྡད། རི་ཚིག་རྣམས་སོ་སོའི་འདོད་ཁ་དང་ཚིག་ཟུར་གྱི་ངན་གཡོར་མ་སོང་བ་ཁྲ་མར་བཀོད། ཐོག་མར་་་
རི་ཚིག་རྣམས་དག་བཀྲུས་བྱེད་མི་ངོས་ཕུད་ཡོད་ན་དང་། ཡང་བསྐྱེལ་བགག་ལ་མ་མཆམ་ན་ཤོ་རྒྱུན་བྱས་པའི་གོང་གི་ཁྲ་མའི་ཚིག་རིགས་
ལ་ཡོང་བ་ལྟར་ཐོབ་པས་མནའ་གཟུ་འདུམ་པ་ལྟར་དང་། ཤོར་པོས་སྐྱེལ་སྒག་འདེམས་དགོས་པའི་ཤོ་ནང་དུ་གང་ཤར་བསྐྱེལ་མཁན་དེ་ལ།
Page 102
མི་སྣ་བར་པས་རི་ཚིག་ཚར་གསུམ་གྱི་བར་ལ་རྣ་བར་སོན་པ་དང་། སེམས་ཡུལ་དུ་ངེས་པ་བསྒྲགས་པ་དང་འབྲུ་རི་གཉིས་ནས་སྦྱངས་་་་
བཤད་གཏོང་ཞིང་། དེ་ལ་ཐོན་པ་ཐག་ཆོད་བྱུང་ན་མནའ་པ་མགོན་ཁང་གཞིས་བདག་གཉན་པ། རྒྱལ་པོའི་དཀོར་ཁང་སོགས་སུ་འཁྲིད་
ལ། སྐྲ་བསྙིད་བ་དང་གྲི་བསྲུང་བ་སྟེང་གོས་འཇོག་པ། ལུས་ཀྱི་སྟོད་གཅེར་བུ་བྱེད་པ་སོགས་མི་དྲག་ཞན་དང་དོན་འབྲས་འགང་ཆེ་་་་་
ཆུང་སོགས་སྐབས་དང་བསྟུན་པ་བྱེད་ཅིང་། མནའ་པ་ཆེ་ཆུང་གང་ལའང་ལག་འདོགས་ཀྱི་སྟེངས་གོས་གྲི་བསྲུང་བ་འཇོག་པ་ལས་སྤྲོས་་
པའི་མནའ་ཆས་མི་དགོས། གསེར་སྐྱེམས་བཏང་བདེན་པ་དར་ནས་སྒག་ཁྲ་ཐེལ་རྩེ་ཁོང་རང་གི་མཆིལ་མས་རྒྱབ་སྟེ། ལག་སྦྲེལ་་་་
དང་ལག་འདོགས་མེད་ན་ལག་གདང་བྱས་ཡི་གེ་ཤེས་ན་ནི་རི་ཚིག་སློག་པ་དང་། ཡིག་གེ་མི་ཤེས་ན་རི་ཚིག་འདི་ནང་བཞིན་ཐོན་པ་དང་།
Page 103
ང་གཅིག་
༄༅། །འགལ་བར་སོང་ན་འདི་ནང་གི་ཆད་པ་རྣམས་མངོན་གསུམ་ད་ཕོབ་ཅེས་རི་ཚིག་མགོ་ཐོག་ཏུ་ལེན། ཡང་རྡོ་བྱེད་
ན་རི་ཚིགས་གོང་གི་སྟེངས་སུ་དམག་གྱི་རྡོ་བཀྲུས་འདི་བདེན་གཏན་ཚིག་སྒོ་ནས་བླངས་པ་མ་གཏོགས་ཐབས་རྟེན་འབྲེལ་གྱི་སྒོ་ནས་བླངས་པ་མིན་
རི་སྤར་ན། རྡོ་ལེན་མཁན་རྩིས་སྤྲོད་ཡིན་ན། སོ་སོར་གོང་གི་ཆས་རྣམས་བསྒྲིགས་ནས་ཨ་རས་གསོལ་ཁ་བདེན་བདར་བྱས། མགར་་
བས་ཐབ་ཁ་སོ་སོར་བཅད་ནས། རྡོ་མེ་ཐུག་འཇོག་པ་ཙམ་ཆེ་ཆུང་མེད་པ་རེ་བསྲེགས། རྡོ་ལེན་མིའི་ལག་པ་ཆུ་དང་འོ་མས་ལེགས་པར་་་་་
བཀྲུས། ལག་པའི་རྨོན་པ་སོགས་སྔར་གྱི་སྐྱོན་རྙིང་པར་རྣམས་སྣག་རྟག་རྒྱབ་རྡོ་སྐྱ་ཧྲིལ་མ་སོང་བར་བསྲེགས་ནས་བཀྲབ་བླངས་དུ་བཏོན་ཏེ་་་
ས་ཡན་མེ་རོ་མེད་པར་བཀྲབ། དེ་ནས་བཀྲབ་དེར་དུ་བཏོན་ནས་གོང་བཞིན་བྱས་ཏེ། ལེན་མཁན་གཉིས་ཀྱི་ལག་པར་གཏད་ནས་སྒོམ་པ་་་
Page 104
གསུམ་མམ་བདུན་གྱི་བར་ལ་ལག་པ་གཉིས་དུ་ཕར་བསྒྲིལ་ཚུར་བསྒྲིལ་བྱས་ནས་སྒོམ་ཚད་ཀྱི་སར་འཇོག་རྡོ་མེ་ཐུབ་མིན་ངེས་ཐེངས་གསུམ་གྱི་་
བར་དུ་མེད་ཀྱིལ་དུ་འཐོར་ན་བདེན་པ་ཡོད་པ་ལེན་མི་དགོས་ཀྱང་ཟར། དེ་ནས་ལག་པར་རས་ཀྱི་བསྡུམ་ཁྲིམས་པའི་མི་སྣའི་དམ་ཕྲུག་གི་བསྣན་་་
ཞག་གསུམ་མམ་བདུན་གྱི་བར་བཞག་སྟེ། རྡོ་ཁ་ཕྱེ་བས་ཐོན་པ་རྣམས་ལ་རྡོ་ལམ་ཞེས་ལག་པའི་གུང་ལ་སེར་ཐལ་ཙམ་ཡོང་ཞིང་གཞན་མ་་་
སྐྱོན་མེད་དུ་འདུག་ན་གཙང་མར་ཐོན་པ་དང་། ཆུར་སྲན་མ་ཙམ་ཞིག་བྱུང་ན་ཕྲན་བུའི་སྐྱོན་མེད་པས་ཐོན་མ་ཐོན་ཕྱེད་མར་ཕྱེད། གསུམ་་
ཤར་ཚེ་མ་ཐོན་པར་འགྲོ། སྔར་གྱི་རྣག་རྟག་རྒྱབ་པའི་སྐྱོན་རྙིང་པ་རྣམས་འདིར་མི་བརྩི་བ་སོགས་གཞིགས་ས་ཆུག་པར་བྱས་ཏེ་བདེན་བརྫུན་་
འབྱེད། ལྷ་ཡོལ་ལྷ་གདན་ཨ་ཏའི་ཡོལ་སྒོ་དང་། བཀྲབ་བླང་བཀྲབ་སྡེར་འགར་བའི་ཟ་སྒོར་གཅོད། སྣུམ་བྱེད་པར་ཤར་ན་རི་ཚིག་གོ་
Page 105
ང་གཉིས་
༄༅། །དང་འདྲ་བ་ལ། ཚིག་གི་དོན་ཆ་བསྒྱུར་བའི་གོང་བཞོན་ཞིབ་པར་བྱས་ནས། གཞུང་གི་གོང་མཚམས་ཀྱི་དག་
བཀྲུས་ལ། སྣུམ་དང་སྣུམ་སྣོད་གཉེར་ཚང་ནས་གནང་རྩིས་སྤྲོད་ལ་སོ་སོ་རང་གི་བསྒྲིགས་ཅིང་། ཡར་ཡོ་གལ་གྱི་གཅིག་གི་ཡིན་ན། སྣུམ་
སམ་སྤྲོད་མཁན་གྱི་བབསོ་ཐོབ་ཡིན་ཀྱང་། དན་བྱེད་རྒྱས་དེགས་པའི་ལིན་མཁན་རང་གིས་བསྒྲིགས་དགོས་པར་འདུག་ཅིད། དེའི་དིད་
སྤྲོད་མཁན་གྱི་མི་སྣ་ལ་བབས་ཐོབ་ཏུ་སྤྲོད། ལེན་མའི་ལག་པ་བཀྲུས། སྒག་ཁྲ་མགོ་ཐོག་ཏུ་འཁྱེར། ལག་པས་དཀྲུག་པས་རྡེའུ་གང་
རུང་གཅིག་ལག་ཏུ་འཁྱེར། ཐོན་ངེས་ན་སྣུམ་འཇམ་ཤིང་དྭངས་ལ་རྡེའུ་དཀར་པོ་ལག་ཏུ་སྤྲོད་ཅིང་། རྡེའུའི་ཤུལ་མ་གཏོགས་སྐྱོན་མི་ཡོང་།
མི་ཐོན་ན་སྣུམ་ལུད་པ་དང་མེ་འབར་བ་སོགས་བྱེད་ཅིང་། དཀྲུག་པས་རྡེའུ་ནག་པ་ལག་ཏུ་སྤྲོད་པ་དང་། ལག་པར་ཆུར་རྒྱབ་པ་དད་ཚིགའགྲོ་བ་
Page 106
སོགས་མི་རུང་བ་ཡོང་ཞིང་། ལག་པ་སྐྱོན་བྱུང་ནས་རྡེའུ་དཀར་པོ་ལོན་ན། ཐོན་མི་ཐོན་ཆ་ཕྱེད་དུ་ཡོད་པའི་བརྟགས་ཡིན་ཀྱང་། དེང་་་
སང་དེས་སྣུམ་ཐོན་པའི་གྲལ་དུ་་་་་་་མཛད་ཀྱི་འདུག་པས་དེ་ཁ་བཞིན་བྱེད་དགོས་ཡང་རྡེའུ་མེད་པར་སྣུམ་འཛུམ་མོས་དཀྲུགས་ནས་སྐྱོན་བྱུང་མ་
བྱུང་ལ་བརྟགས་བྱེད་པ་ཞིག་འདྲུག་པ། དོན་འབྲས་འགངས་ཆེ་ཆུང་ལ་དཔགས་པའི་དེ་ཀྱང་བྱེད་ཅིང་། ལྕགས་ནི་གདམས་ངག་བཞིན་་་་
འགྲོ་བས་ཕྱིས་བྱེད་མཁན་ཆེར་མི་ཡོང་བྱེད་ཀྱང་རི་ཚིག་སོགས་བྱེད་ལུགས་རྡ་དང་འདྲ་བ་ལེན་པ་དང་འདག་པར་བྱས་པའི་སྐྱོན་བྱུང་མ་བྱུང་བརྟགས་
པ་བྱེད། འདམ་ཆུ་སོགས་ནི་སྐོལ་བའི་རྡིའུ་འཇུག་པ་སོགས་བྱེ་ལུགས་སྣུམ་དད་འདྲ་བ་ཡིན་ནོ།། །། ༈ བཅུ་གཉིས་པ་་་་
བརྐུས་པ་མཇལ་གྱི་ཞལ་ཆེ་ནི། བཙན་པོའི་ཁྲི་འཇལ་དཀོན་མཆོག་གི་བརྒྱད་་་ཅུ་འཇལ། མཉམ་པོའི་བདུན་འགྱུར་ངོ་བརྒྱད། བརྒྱུད་
Page 107
ང་གསུམ་
༄༅། །འཇལ་འཇལ་ངོ་དགུ། ཐག་རིང་མི་རིང་ལོག་གིས་བརྐུས་པ་ལ་སྐྱེ་འཁྲིད་ཚབ་གསུམ། འདི་རྣམས་ལ་་་་་་
དང་བསྟུན་པའི་ཆད་འགྲོས་ཀྱང་ཐོབ་ཅིང་། གླེན་ལྐུག་གི་མཐའ་ཁོབ་སྐད་རིགས་མི་གཅིག་པ་ཡུལ་འཁྱར་ནས་ལྡོགས་པས་མ་བཟོད་པ་ལ་་་་་་
སྤྲད་རིན་ཟེར་ལྟོ་གོས་ཀྱི་ཐུན་རྐྱེན་གཏེར་དགོས་པ་དང་། ཡང་མ་བརྐུས་པར་བརྐུས་ཁག་བྱུང་ན་བཙུགས་པ་ལ་བརྐུས་ཁག་བཙུགས་རབ་ཟེར་་་
ཆད་པ་ཙམམ་གཏོགས་བརྐུས་པ་དང་ཁྱད་མེད་པར་འཇལ་འཇུག་མཁན་ལ་ཁྲི་ཞིང་ཡང་སྙེད་ཉེས་པ་དད་བརྐུས་ལེགས་པ་ཟེར། སྙེད་པ་སྦེད་་
བློ་བྱས་པ་དང་། གཞན་དུ་བཅུགས་པ་དང་། ཧམ་པས་སྙེན་པ་སོགས་ལ་སྐྱིན་ཚབ་ཀྱི་འཇལ་གཅོད་དགོས་ཤིང་རྐུན་ཤ་ཁྱིས་ཁྱེར་ནི།
རྐུན་མས་འཁྱེར་བ་གཞན་གྱིས་འཕྲོགས་པ་ནོར་བདག་ལ་སྤྲད་ན་བརྔན་པར་ཟོག་གི་ཕྱེད་སྤྲོད། སྙེད་པཚོང་དུས་ས་ཆེ་སར་གཏམ་བསྒྲགས་་
Page 108
སྙེད་དོ་ཟེར་བ་ལ་ཟོག་གི་གསུམ་ཟུར་བརྔན་པར་སྤྲོད། སྙེད་པ་ཟོན་མེད་དུ་བཞག་ནས་རྟ་བོང་ལ་སྒ་མ་རྒྱག །རྭ་ལུག་གི་སྤུ་མ་དྲེག་པ་་
ལ་ལོ་འཁོར་ནས་སྤྲད་པ་དངོས་པོའི་བཞི་ཟུར་སྤྲོད། གཞན་མ་སྙེད་པ་དཀྱུས་མ་རྣམས་ལ་བརྔན་པ་སྟེར་ལུགས་སྟོ་སྟེར་ཆང་སྟེར་ཁྲིམས་དང་
མཐུན་པ་བྱེད་ཅིང་། རྐུན་མ་རྨས་པ་ལ་འཇལ་མི་དགོས། རྐུས་པ་རྒྱང་བརྡས་རྒྱང་མདའ་རྒྱང་རྡོས་བསད་པ་ལ་སྟོང་ཟོང་ནག་རྦད་གཅོད་སྟོང་
མཇུག་རླུང་ཁྱེར་སོགས་ཤིན་ཏུ་ཟོབ་ལ་རྟོགས་དགེ་བ་མི་དགོས། རྐུན་མ་ལ་བཟུངས་བསད་བྱས་ན་དགེ་སྟོང་ཁྲིམས་མཐུན་སྤྲོད་དགོས།
རྐུན་མ་བཙོན་དུ་བཟུང་བ་ལ་སྲོག་རིན་སྲང་ལྔ་ནས་གཅིག་གི་བར་སྣང་ཆེ་ཆུང་གི་ལེན་པ་སྐབས་དང་བསྟུན་པའོ།། །། ༈ བཅུ་་་་
གསུམ་པ་ཉི་འབྲེལ་འབྲལ་འདུམ་གྱི་ཞལ་ཆེ་ནི། དཔེར་ན་བཟའ་འཚོ་དགའ་འདུས་ཀྱི་བྱས་པ་དང་། བར་མི་བཅུག་ནས་བྱས་པ་སོགས་དང་
Page 109
ང་བཞི་
༄༅། །སྐྱིད་སྡུག་བསྲེས་པ་གང་ལ་ཡང་ཐོག་མའི་ཁ་དན་གྱི་རིགས་དང་འབྲལ་དགོས་པའི་རིགས་རྐྱེན་ཁའི་རྩ་བ་ནས་ཞིབ་་
ཏུ་བཅད་པའི་བདེན་པ་གཙོ་བོར་བཞག་དགོས་ཤིང་། དེ་ལ་དང་པོའི་ཁྲིམས་ཡིག་རྙིང་པ་རྣམས་ན། ཕོ་ཟུར་ཞོ་བཅོ་བརྒྱད་རྟག་གི་བྱ་རུ་་་་
ཅན། མོ་ཟུར་ཞོ་བཅུ་གཉིས་གཟིག་གི་ཐིག་ལེ་ཅན། ཞེས་པ་འདུག་པ་ངོ་བོ་གོང་གི་བདེན་པ་ཕོ་ཆེ་བ་ཟུར་མོས་ཐོན་གསུམ་གྱི་ཞོ་བརྒྱད།
བདེན་ཡུས་ལུས་གང་སྤྲོད་པ་དང་། གོས་ཙམ་བཟན་ཙམ་གཡོག་དགོས་པ། ཆེ་བ་གསོན་སྟོང་སྒྲིགས་པ། ཆུང་བ་ལ་གསུམ་ཚན་་
གཏོང་བ་སོགས་བདེན་པ་ཆེ་ཆུང་ལ་དཔགས་པའི་སྤྲོད་འཇལ་བྱེད་ཅིང་། བདེན་པ་མོ་ཆེ་ན་ཕོས་ཟུར་ཆ་ཞོ་བཅུ་གཉིས་དང་། གཡོག་གླ་་་་
ཟད་འཐུད་ཅེས་ཉིན་གླ་བྲེ་གསུམ། མཚན་གླ་བྲེ་གསུམ་ཡང་ཉིན་གླ་སེ་བ་རེ། ཚོན་གླ་བྲེ་གསུམ་མའི་ཆ་ཆེ་ཆུང་མའི་ཁུངས་དང་འགངས་་
Page 110
ཆེ་ཆུང་ལ་དཔག་པ་བྱེད། ཟད་ཐུད་མོ་རང་བསྡོད་རིང་ཕ་མིང་གི་སྦྱིན་པའི་གོས་གཟན་ཟད་གུན་སྒྲིགས་ཕོ་ནོར་མོ་ནོར་ཞེས་བདེན་པ་ལ་་་
མ་ལྟོས་པའི་ཕ་མིང་གིས་བརྟགས་པ་མོ་ལ་འཇག་པ་དང་། ཁྱོ་ཕོས་བཏགས་པ་ཁྱོ་ཕོ་རང་ལ་སྤྲོད་པ་ཀུན་ལ་བྱེད་ཅིང་། མོ་བདེན་པ་ཆེ་བ་
ཡང་ཁྱོ་ཕོས་བདེན་ཡུས་ཀྱི་མིང་དུ་བཏགས་པ་མོ་ལ་སྤྲོད་དགོས་ཡང་ཕྲུ་རྒུས་འབྲེལ་ན་བུ་ཕས་བདག་པ་དང་། བ་མོ་མས་གསོ་གོས་པ་སོགས་་
བུ་རིན་ཞོ་གྲངས་སུ་འགངས་ཆེ་ཆུང་ལ་དཔགས་པའི་གཅོད་པ་དང་། བ་མོ་ལ་ལྟོ་སྐལ་གཅོད་པ། མ་ལ་ལྟོ་སྐལ་ས་ཞིང་ཁང་པ། བཏགས་
པའི་ལུས་ཆས་འཇག་པ་སོགས་བྱེད་ལུགས་སྐབས་དང་བསྟུན་པ་བྱའོ། །སྤུན་ཕ་བུ་ནང་ཚང་གི་འབྲལ་འདུམ་ལ་ཕྱོགས་ཕྱོགས་སུ་མི་ངོ་མང་་
ཉུང་དཔགས་པའི་སྐྱེ་རྒྱལ་གྱི་སྐལ་བའི་བཞི་ཟུར་ཙམ་འགྲོས་སྐྱེ་དམན་ལ་ཕྱེ་ནས་སའི་མགོ་ཐལ་ཤས་ཀྱི་ས་ཁང་རྫས་གང་ཡོད་བགོས་ཁྲ་་་
Page 111
ང་ལྔ་
༄༅། །སྣོམས་པར་བྱས། ཕ་མ་དང་རྒན་མགོར་འདེམས་ཁ་གཏོང་། བཞན་མ་ཤོ་རྒྱག་འདམ་རེ་སོགས་གང་་་་།
རུང་བདེན་མགོ་དང་བསྟུན་པ་བྱེད་ཡང་བུ་མོ་ཁྱིམ་དུ་འགྲོ་རྒྱུ་ཡོད་ན་སྐལ་རྫོང་གང་ཐབ་ལུང་སྲོལ་ལྟར་སྤྱི་ཐོག་འཇོག །ཡང་བཙུན་མ་ཡོད་པ་་
ཐབ་ཆས་ཞིང་སྐལ་ལམ། ཆོས་རྒྱག་སྐྱེལ་དགོས། གོས་བཟན་བཅོ་བ་སོགས་དབྱེ་འབྱེད། བཙུན་པ་ལ་ཡང་དེས་མཚུངས་པའི་་་་
རྒྱལ་དཔང་རིགས་པས་དཔྱད་ནས་འཕྱེད་དགོས་ཤིང་། ཡང་རིགས་རྒྱུས་མ་གཅིག་པའི་སྐྱིད་སྡུགས་མ་སྙོམས་དུ་འཚོགས་ནས་སླར་ཁྲལ་་
བ་ལ་ཚོགས་དུས་ཀྱི་རྒྱུ་ཆེ་ཆུང་དང་བཅས་པ་རྩ་བ་ཡིན་མིན་བདེན་པ་ཆེ་ཆུང་སོགས་ཀྱི་སྒོ་ནས་བདེན་་་་་་་ཐོག་ཏུ་འཁྱོལ་བའི་གཅོད་རྒྱུ་བྱེད་དགོས་
ཡིན་ནོ།། །། ༈ བཅུ་བཞི་པ་བྱི་བྱས་བྱི་རིན་གྱི་ཞལ་ཆེ་ནི། སྔོན་གྱི་ཆོས་རྒྱལ་གྱི་ཁྲིམས་ཡིག་རྙིང་པ་རྣམས་ན། བྱི་བྱས་
Page 112
པའི་ཡན་ལག་གི་བྲན་བྱས་ནས་ཡུལ་གཞན་དུ་སྤྱུགས་ཞེས་འདུག་ཀྱང་། འདི་ནི་བླ་མ་དཔོན་པོ་སོགས་ཀྱི་བཙུན་མོ་ལ་མི་འོས་པའི་བྱི་བྱས་་་
པའི་དེའི་ནག་ཏུ་གཅོད་ཟེར་བའི་ཚིག་དོན་ཡིན་ཞིང་གཞན་མ་རང་བཞིན་གཅོད་རྒྱུ་བྱེད་པ་ལ་ཁྲིམས་ཡིག་རྙིང་པ་འགའ་ཞིག་ཏུ། རླིག་ཞོ་་་
སོག་སྲང་གྲ་ལུག་བརྩེ་དར་། ཁྱབ་རྟ་ཞོལ་གཡག་ཅེས་ཟེར་བ་འདུག་ནའང་། འདིར་བདེན་པ་གཙོ་བོ་བྱས་ཏེ་མི་ཁུངས་མ་སྙོམས་པའི་བྱི་་་་
འཇལ་སྲང་གསུམ་དང་། གསོན་སྟོང་གི་སོང་གི་བཞི་ཟུར་རྒྱལ་ཡུས་རེ་བར་སྡུམ་གྱི་གཙོས་པའི་བདུན་ཚན་བྱེད་ཁུངས་འདྲ་བ་ལ་ཁྲིམས་ཆོད་
ཀྱི་བྱ་བ་བྱས་ན་བྱི་འཇལ་གསོན་སྟོང་སོགས་བསྡོམས་པར་སྲང་གསུམ་ནས་དོའི་བར་དང་། རྒྱལ་ཡུས་གོས་གཟིན་གྱིས་གཙོས་པའི་ལྔ་ཚན།
བདུན་ཚན་གང་རིགས་སྐྱེ་དམན་གྱི་ཚུར་འགེབས་བྱས་ན་བྱི་འཇལ་སྲང་གང་། རྒྱལ་ཡུས་དཀར་ཡོལ་གྱི་གཙོས་པའི་གསུམ་ཚན་ཙམ་མ་་་་་
Page 113
ང་དྲུག་
༄༅། །གཏོགས། བོས་སྟོང་མི་མི་དགོས་བཙུན་མ་འབབ་པར་དགོན་པའི་སྒྲིགས་བཅའ་ཡིག་ལ་གང་ཡོད་བྱེད་་་་་་
དགོས། ཡང་བདག་ཅན་ཁྱོ་ཁྱིམས་ཚེ་ཀྱི་སྐྱེ་དམན་གྱི་བསླད་ཐབས་བྱས་ན། སྐྱེ་དམན་བདག་ཅན་མོ་རང་རྒྱལ་ཡུས་ན་བར་སྡུམ་་་
གྱི་གཙོས་པའི་བདུན་ཚན། དཀར་ཡོལ་གྱི་གཙོས་པའི་ལྔ་ཚན་སོགས་རྣམ་དཔངས་ཆེ་ཆུང་ལ་དཔགས་པའི་གཅོད་རྒྱ་བྱེད་ཅིང་། ཡང་་
བྱེས་སམ་རེངས་རེ་གཉིས་ཀྱི་ཁྱོ་གས་བཀབ་པའི་འཛེམ་ཆ་བྱས་རིགས་ལ་རྒྱལ་ཡུས་སོགས་སྤྲོད་མི་དགོས་པ་ཡིན་ནོ།། །། ༈ བཅོ་ལྔ་་
པ་ནམ་ཕར་ཚུར་གྱི་ཞལ་ཆེ་ནི། དཔེར་ན་སེམས་ཅན་རྟ་དྲེལ་མཛོ་གཡག་སོགས་གང་རུང་གཅིག་མི་གཅིག་གིས་གཡར་ནས། གཡར་་་་་
མཁན་གྱི་ལག་ཏུ་ཤི་ན་ཟི་ཁུངས་ཀྱི་རིན་འཇལ་བ་དང་། སྐྱོན་མེད་དུ་འཕྲོད་ནས་ཞག་ལོན་ཤིན་གཡར་མཁན་ལ་ཁྲག་དཀྲི་མེད་པ་དང་། ཡང་
Page 114
སྐྱོན་མེད་དུ་འཕྲོད་ནས་ནམ་ཕྱེད་ཚུན་ལ་ཤི་ན། གཡར་མཁན་གྱི་རིན་སྤྲོད་དགོས་པ་དང་། ནམ་ཕྱེད་ཕན་ལ་ཤི་ན་ནོར་བདག་གི་རིན་གྱི་་་་
རྩོད་གླེང་མི་བྱེད་པ་རྣམས་སྔོན་གྱི་ཁྲིམས་ཡིག་རྙིང་པ་ན་འདུག་ཆིང་ད་ལྟ་ཡང་དེ་ཁ་བྱེད་དགོས་པ་དང་། ཡང་དཔེར་ན་རྒལ་རྨ་སོགས་རྐྱེན་རྩ་ལ་་
བརྟེན་ནས་ཤི་བ་བྱུང་ན་རྐྱེན་རྩ་ཆེ་ཆུང་གི་རིན་གྱི་ཆ་ཤས་སྤྲོད་ཅིང་། རིགས་དེས་ཡོང་ཟུངས་པའི་གཡར་པོ་ཐམས་ཅད་ལ་དཔེ་འདྲེ་བྱེད་་་་
དགོས་པ་ཡིན། ཚོང་དུས་ཀྱི་རྟ་ལེ་བར་ཟན་འདི་ཡང་རང་ཁྲིམས་བཙན་ཞིག་འདུག་པས་ཐམས་ཅད་གྱི་ལུང་སྲོལ་ལྟར་ཁུར་དགོས་ཤིང་།
གནས་པོ་བར་པས་ཀྱང་བྲེ་ལོག་སྲང་ལོག་འཇུགས་པ། བཞི་བདག་སྐོར་བ་སོགས་དངོས་པོའི་རིན་གྱི་གསུམ་ཟུར་གནས་པོས་འཇོག །ཤ་
མིན་ཟོག་མིན་བཙོང་པ་ལ་དངོས་པོ་ཚད་ལྡན་གྱི་རིན་ཚོང་པ་ལ་སློག་ཅིང་། ཁྲིམས་སའི་ཆད་འགྲོས། ཞག་ཏུ་སོང་བའི་ཚོང་སློག་པ་ལ་
Page 115
ང་བདུན་
༄༅། །དངོས་པོ་ཁལ་ཉི་ཤུ་རི་བ་ལ་ཁལ་བཞི་སློག །ཟོག་མི་འོས་པའི་གཅོས་ལད་ཅན་ལ་ཚོང་ཐག་ཆེད་ཀྱང་། ཚོང་
སློག་པ་ལ་ཚོང་སློག་མི་དགོས། རྩིས་ལོག་ལོ་འཁོར་ཀྱང་། གནས་པོས་གདམ་པའི་སླར་རྩིས་སྡུར་དགོས་གཞན་ཡང་སྣ་ཚོགས་པ་ལ།
ཚེར་མ་ཤིང་གཟན་སོགས་ལ་མེ་རྒྱབ་ན། ཉེས་པའི་ཆད་ལས་གོང་བཞིན་འགྲོ་དགོས་པ་གཞིར་བཅས་ཤིང་། བདག་པོ་ལ་དེ་ཁའི་ཚབ་་་་
འབུན་འགྲོས་སུ་བསྒྲིགས་པ་དང་། རྒྱལ་ཡུས་འོས་བབ་ཏུ་གཏོང་བ་ཡང་དབྱར་གྱི་ཞིང་ལ་བསམ་ངན་གྱི་གཏོང་བ་དང་། སྔོ་རས་བྱེད་པ།
སེམས་ཅན་གཏོང་བ་སོགས་བྱས་ན་གོང་དུ་ཆད་འགྲོས་གཞིར་བཅས་ཤིང་། བདག་པོ་དེ་ཁའི་སྟོན་ཐོག་གི་ཁུངས་སྒྲིགས། རྨོས་་་་
ཁྲལ་ས་བོན་གྱི་ཚབ་སྤྲོད་པ་སོགས་སྐབས་དང་བསྟུན་པའི་བྱེད། ཕང་རྩ་རིགས་ལ་བདག་ཐོབ་མཐོར་མཚམས་ནས་སེས་ཅན་རྩྭ་ཟ་སྙེད་་
Page 116
ཆེད་བཏང་དུ་བྱས་ན། མཐོ་གོང་སུ་གང་སླེབས་ཀྱི་སེམས་ཅན་བཅུས་གཏོང་བ་དང་། སྔར་གྱི་ཡིག་དན་ཡོད་ན་འབའ་ཉེས་ཙམ་འགེལ་བ་
སོགས་བདེན་ཡུས་ལ་དཔགས་པ་བྱེད། ཡང་ཤེ་མ་ཆུག་པའི་སེམས་ཅན་ཤོར་བ་རྣམས་ལ་སྤྲོད་འཇལ་མི་དགོས་སོ།། །།
༈ བཅུ་དྲུག་པ་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ཆེ་ནི། ལྷོ་མོན་ཧོར་སོགས་རྣམས་ལ་དར་ཞིང་། དེ་ཡང་ལྷོ་མོན་ཀླ་ཀློ་ཁོ་ནར་སོང་བས། གླེན་
ཞིང་ལྐུག་པའི་ཁྲིམས་ཆེར་མི་དར་ཞིང་། བོད་དུ་མཁོ་ཡང་ཆུང་བར་འདུག་པས་སྟོང་གི་རྣམས་དབྱེ་ཙམ་ལས་གཞན་མ་འདིར་མ་བྲིས་ཤིང་།
ཧོར་སོགས་ནི་དགེ་གསར་དམག་གི་ཁྲིམས་དང་། རྒྱ་ནག་ཁྲིམས་གྱི་ལུགས་སོགས་ཁྲིམས་ཤིག་ཏུ་དམ་ཤིང་ཁྲིམས་ཀྱི་སྟོང་གྲངས་ཤིན་ཏུ་་་
མད་བར་འདུག་ནའང་ཕོ་ཆེ་བ་རྣམས་འདིར་བྲིས་པ་ལ། ཧོར་སོགས་ཁྲིམས་ཀྱི་དམ་པ་གཅིག་ལ། ཨ་གྱི་ཞེས་གཞུང་ཆེན་པོའི་མི་སྣ་་་་་་་
Page 117
ང་བརྒྱད་
༄༅། །གསེར་ཡིག་ལ། སྣེའུ་ལ་ཤུ་སུ་སྤྲོད་ཅེས། རང་གཞན་སྡེ་གང་དུ་སླེབས་ཀྱང་རྟའུལ་གང་དགོས་རྟ་ཁྱུ་ནས་་་་
ཟིན་ཆོག་པ་དང་། ཞག་ཕོབ་གྲུ་ཚུགས་གང་དུ་བབ་ཀྱང་། བཞོན་པ་ཁལ་འགེལ་པ་ཕུད་པའི་ནོར་དང་། ལུག་ཁྱུ་ནས་མི་མང་ཉུང་གི་
ཟ་ཚོད་ཟུང་ཆོག་ཅིང་། ནང་འཁྲོལ་མགོ་ལྤགས་མི་ཁྱེར། ནང་འཐབ་བྱུང་ན་འཇོག་འཐབ་དང་འགར་བ་ལ་ལྕགས་ཟེར་རྒྱག་རེས་དང་། དེ་
བས་འགར་བ་ལ་རྟ་ཐོག་ཏུ་ཐོན་ནས་གཞུང་སྟོང་ཐེང་འགེལ་རྟའི་ཁ་སྐོར་ཕ་ཤུར་བྱེད་པ་ཙམ་མ་གཏོགས། གྲི་མི་འདོན། མདའ་མི་རྒྱག །
གྲི་གཏོནན་ཡ་ལ་རྟ་འཕྲོག །མདའ་གཏོན་ན་གཞུ་འཕྲོག །རྒྱབ་པར་ཤོར་ན་ནི་ལེན། རྨས་ན་རྟ་ཁྲབ་བླངས་ཏེ། ཁྲབ་དཔོན་གྱིས་ལེན་་་
རྟ་རྨས་ལ་སྤྲོད་བསད་པ་རྣམས་ལ་མེན་དུ་མི་འབྲིང་ལ་གཡུ་མིག་བརྒྱད་ཅུ་མ་ཟེར། གཡུ་མིག་རེ་ལ་བ་གླང་རེའི་ཐག་བྱས་ནས། བ་གླང་་་་
Page 118
བརྒྱད་ཅུ་རེ་སྤྲོད་པ་སོགས་འདུག་ཅིང་། ཧོར་ལ་མཛོ་མལ་དྲུག་ཅུ་རེ་མི་འབྲིང་གི་སྟོང་བྱས་ནས། མཛོ་མལ་རེ་མ་འབྲིང་ཁལ་ཞེས་་་་
འབྲི་གཞོན་མ་རེ། གཡག་འགེལ་པ་རེ་བྱེད་ཀྱི་འདུག །བོད་ཀྱི་རྨར་ཞོ་འབེབ་ཀྱི་ཚབ་ལ་གསུམ་ལ་སྤྲོད་དུ་བྱེད་སྙིང་གནོན་གྱི་ཚབ་ལ།
ལག་དམར་གྱི་བུ་མོ་གཉེན་སྡེབས་ནས་ཆེད་མིག་ཀྱང་། །བརྐུས་པ་ལ་དཔོན་གྱི་རྟ་ཁེབས་བརྐུས་ན་རྟ་ལེན། འདྲ་མཉམ་ལ་ནོར་ལུག་་
གང་འོས། དེ་ལས་ཆེ་བའི་བརྐུན་མ་ལ་འཁོལ་མོ་ཁ་བཏབ་ཟེར་ནོར་གང་ཡོད་ཀྱི་ཕྱེ་བླངས་ནས། དེའི་ཕྱེ་མ་དཔོན་གྱི་ལེན། ཕྱེད་ནོར་ལ་
སྤྲོད། ལོངས་ཅན་རང་གྱི་བསད་པ་ལ་རྒྱུ་དམར་གྱི་དགྲ་ལ་རྒྱུགས་པའི་སྐབས་སུ་རྒྱུགས་རྟ་ཞེས་རྟ་བཟད་བ་རྣམས་སྔོན་ལ་རྒྱུགས་ཏེ་རང་རང་་་་་
རྟའི་ཟང་ཁྱད་ཀྱི་གང་ལོན་པ་རང་རང་གི་བདག །རྟ་མཉམ་མགྱོགས་བྱུང་ན་ལྕགས་སྒྱུར་སྔ་ཕྱིའི་རྟ་ཕྱག་གང་སླེབས་ཀྱི་ནོར་རང་གི་བདག །
Page 119
ང་དགུ་
༄༅། །རམ་མདའ་སླེབ་པའི་ནོར་ཕར་ཆོར་ལ་ཁད་ལ་རོག་སླེགས་ཏེ་ལྔོགས་ན་བགོ་བཤའ། དམག་ཐོག་ཏུ་རྒྱུགས་པའི་་
མི་ཟིན་པ་དང་བསད་པའི་དོན་ལ། དགྲ་དེ་རང་རྟ་སྒོ་ཁྲབ་ལེན། རི་དྭགས་པ་རྣམས་ཀྱི་དོན་ལེན་ལུགས་སྔ་མ་རྟ་ཕོའི་འགྱོགས་དར་ཡིན། ་་
གཞུང་ལྟོ་མི་ཕོའི་མཐེན་དར་ཡིན། ལྕེ་དྲན་དཔར་བོའི་དཔའ་རྩ་ལ་ཡིན་ཟེར། འབྲོང་ལ་མདའ་སྔོན་མ་དམར་ཙམ་སུ་ཐེབས་པ་ངེས་དོན་དེ་
རྣམས་ལེན་ནོ། ཡང་དོན་རྫི་བལ་ཟུག་བཞི་ལེན་པ་དང་། རྐང་ཡ་ལག་ཡ་ཁེན་པ་ཀྱང་འདུག་གོ། །རི་དྭགས་གཅིག་གི་རྒྱུགས་ཏེ་བསད་་
དེ་ལ་ཡ་ལ་ཆེན་པོ་བྱེད། ཇག་གི་རིགས་ལ། དེ་སྔ་ཤེར་སྒྭ་སྒྭ་རོགས་རོག་ཟེར་གཙང་བ་གཅིག་དང་། གསུམ་སྤྲོད་ཟེར་འབྲིང་བ་་་་་་
གཅིག་དང་། ཕྱེད་ཤེར་ཟེར་ལོད་པ་སྤྲོད་ལུགས་གསུམ་འདུག་པ། གཞུང་གི་སྒོར་རུ་དང་། བྱང་རིགས་སྦྲ་ནག་འཛིན་མི་ལ་་་་་
Page 120
གསུམ་སྤྲོད་དང་མོན་རོ་ཀླ་ཀློ་རྣམས་ལ་ཕྱེ་ཤེར་སྤྲོད་པའི་སྲོལ་བྱས་ཏེ། དེ་ཡང་ཇག་པ་མནའ་སྐྱེལ་ཟེར། ཇག་པ་རང་གི་འདྲག་དཔོན་་
གྱི་སྐས་ཡིག་རྒྱབ། གཟས་པ་ལྷུངས་པ་དང་ལས་ལུས་ཕུད། བགོད་ཁོངས་སུ་སེམས་ཅན་ཁ་གྲངས་འདི་ལས་བྱུང་རི་གསུང་རབས་་་་་
མགོ་ཐོག་ཏུ་བཞག་ནས་མནའ་སྐྱེལ། དཔོན་གྱི་གནང་ཕུད་དང་། ཇག་དཔོན་གྱི་གནང་ཕུད། ཨ་མཆོད་དཔོན་གྱི་ལས་ཚན་རྣམས་་
ཀྱིས་ཁང་སློངསས་རྣམས་མི་ཡོང་ཤེར་ལེན་གྱི་མི་སྣ་ལ་ཆས་ཁ་ཤ་རྒྱུ་སྤྲད་པ་རྣམས་ཤེར་ཐོག་ཏུ་རྩི་དགོས། དེ་ཕྱིན་ལག་ཐོག་ཏུ་སྤྲོད་རྒྱུ་་་་
རྣམས་ལ། གསུམ་སྤྲོད་སེམས་ཅན་ཆེ་ཆུང་ཅི་ནོར་ཀྱང་ཁ་གྲངས་ཇག་པས་མནའ་སྐྱེལ་བ་རྣམས་ལ་གསུམ་ཟུར་དུ་བྱས་ནས། གསུམ་
གཅིག་ལ་ཁ་གཙང་། གསུམ་གཉིསལ་དབྱར་གཉིས། གསུམ་ཟུར་ལ་བེའུ་ལུག་སྤྲོད་པ་དང་། ཇག་པ་ཕྱོགས་ནས་ཀྱང་བར་པ་ཟེར།
Page 121
དུག་ཅུ་
༄༅། །མི་གང་ཆུག་བྱས་ནས་བར་ཟན་ཟེར་ཤེར་ཆེ་ཆུང་ལ་དབགས་པའི་ཟ་གང་ཐུག་དང་། བྱ་འབབ་གཉེར་ཟེར་དཔོན་་
ཚང་གི་ལས་ཚན་རྣམས་ལའང་སྟེར་དགོས། རྟས་མིག་དམར་ལས་ཁ་དམར་ཟེར་དཔོན་ཚང་གི་རྟ་རྗི་རྗིའུ་ཆུ་མ་སོགས་ཐམས་ཅད་ཚང་་་་
ནས། དེ་རྣམས་ཀྱི་འང་འབྲེལ་གང་ཐུབ་བྱེད་པ་ཞིག་འདུག་ནའང་། སྡེ་སྲིད་ཆོས་ཀྱི་རྒྱལ་པོའདི་ཉིད་ཀྱི་མཐའ་འཁོབ་ཀྱང་ཁྲིམས་ལ་བཅུག་་་
སྟེ༑ གཞུང་གི་སྒེར་དུ་དེད་པ་ལ་ཤེར་སྒ་སྒ་རོག་རོག་ཏུ་བྱས་ནས་ངོ་ཡོད་དོ། །ངོ་མེད་སྐྱིན་ཚབ་སྒྲིགས་དགོས་པ་ལ། བཟས་་་་་
ལྷུངས་ཕུད་པའི་ལག་ཡོད་འདི་ལས་བྱུང་རི། ད་ལྟ་ལག་ཐོག་ན་ངོ་མ་འདི་ལས་ཡོད་རི། ངོ་མེད་རྣམས་ལ་ཚབ་ལོ་ངེས་མི་སྤྲོད་རི།
སྟོག་ལུང་མཆོད་ཁང་དམར་པོའི་ཤར་སྒོ་ཇག་པས་དཀྲོགས། དེའི་སྤྲོད་འཇལ་ལ་དཔོན་ཚང་དམག་དཔོན་གྱི་གནང་ཕུད་ཀྱང་རྫོག་དགོས།
Page 122
བར་པ་དཔོན་ཚང་རང་གི་མི་བཟང་བསམ་པ་ཆེ་བ་གཉིས་སམ་གསུམ་ཤེར་ལྟོས་ཆེ་ཆུང་གི། ཐོག་མ་ནས་རྒྱས་ཆེད་དུ་མི་བར་པ་བཅུག་པ་དེ་
ལ་བར་ཟན་འབྲི་གཡག་གྲུས་ལུགས་གཉིས་གསུམ་སོགས་ཀྱི་མཐོ་མདའ་ཤེར་འགངས་ཆེ་ཆུང་དང་བར་པ་ཁུར་ཆེ་ཆུང་ག་སྟེང་ལུག་བྱེད།
ལས་ཚན་རྣམས་ཀྱི་སློངས་ན་ལུག་རེ་གཉིས་གསུམ་བཞི་གང་འོས་སྟེར་དགོས། ཤེར་འདོན་པ་དཔོན་ཚང་རང་གི་སྦྲའི་མདུན་དུ་འབབ་པ་མ་
གཏོགས་རྟག་ཏུ་བབས་ན་རྣམས་རྟོག་བྱེད། ཆས་དཔོན་ཚང་རང་གི་ཀྱང་སྟེར། ཤེར་པས་ཀྱང་འདེགས་དགོས། ཤེར་འདོན་རྒྱི་་་
མི་སྣ་ལ་བཅུ་ཁ། དཔོན་ཚང་གི་སྟོན་མོ་ལ་ཤ་ཚང་ར་བྱུང་ཀྱང་ཀྱེར་ཆོག །མི་བཟང་སྒེར་མགྲོན་གྱི་སྟོན་མོ་ལ་ཤ་ཚང་ར་བྱུང་ན་ཟོས་ལྷག་
ཡོན་བདག་མར་ཕར་སྟེར། རུ་བ་འདེགས་ཁྲིམས་ལ་ཚར་དུ་བསྡུད་ན་རྣམ་རྟོག་བྱེད་པས་མཉམ་པོར་འགྲིམས། གཞུང་དི་ཉེས་ཆད་སྟོད་
Page 123
རེ་གཅིག་རྒྱོན་།
༄༅། པས་གཡག་གྲུས་པོའི་ཁ་གྲངས་དང་། སྨད་པས་ཇག་པའི་རྟ་འབུལ་བ་འདི། ཕྱིས་དཔོན་པོའི་མཚན་དོན་
གྱི་ཧོར་ཁྲིམས་ལ་ཆུག་ཏེ་སྲོལ་དོད་པ་ཡིན་ཞིང་གཞུང་ནས་དོ་དམ་གནང་བའི་བཤེར་གཞན་མ་གོང་དང་འདྲ། གཞུང་དུ་ཆད་པ་མི་ཡོང་།
གནང་ཕུད་ཆ་ཕྱེད་དུ་སློག་པ་དང་། གསུམ་སྤྲོད་དུ་སློག་པ་གཞུང་གི་དགོངས་པ་དང་བསྟུན། མནའ་མདའ་གྲི་མདུང་ཚོམས་ལྷ་སྟེན་་་
གྱི་འོག་ཏུ་འཛུལ་བས་འཐུས་པ་སོགས་ཀྱི་སྲོལ་ཡོད་དོ། །དེས་རིགས་མཚོན་པའི་བྱ་བ་ཆེ་ཆུང་གང་ལ་ཡང་བཟློས་པ་རྣམས་ལ་ཁྲིམས་ས་་་་
བར་མི་སུས་བྱས་ཀྱང་ཕྱོགས་ལྷུངས་མེད་པའི་མི་ཤེས་གོང་ཕུད་དཀོན་མཆོག་དཔང་དུ་གཙུགས། དྲང་པོའི་རྒྱབ་སྐྱོར། གཡོ་ཅན་་་་་
རྣམས་ལ་ཟོན་སྒྲིམས། སྤྲ་ཆལ་གྱི་ཚོད་ཟིན་ཉེས་པའི་ཚང་འགྲུ། མ་ཉེས་པ་ཟོལ་གྱི་བསྐྱངས་ནས་བདེན་ཐོག་ཏུ་འཁྱོལ་བ་ཞིག་བྱས་ནས།
Page 124
མི་སྣ་སྣེར་མོར་སླེབས་པ་རྣམས་ཀྱི་ཞབས་རྟོགས་ཏུ་འགྱུར་ཞིང་། རང་གི་དགེ་བ་ཅི་བྱས་པ་ལས་ཚོགས་ཆེ་བ་བར་མི་རྣམས་ཀྱི་འདི་བཞིན་གྱི་
སྤངས་བླངས་བྱས་ན་རང་མི་གྲལ་དུ་ཆུག་ཅིང་། སྤྱི་ཁ་བྱམས་པ། མི་ཐ་མལ་ཞིག་ཡིན་ཀྱང་སྤྱི་དཔོན་དུ་དེ་ཁའི་དགེ་བ་དང་བསོད་་་་
ནམས་ཀྱི་རང་བཞིན་ལྷུན་གྲུབ་ཏུ་འགྱུར་བ་སོགས། དཔེར་ན་མང་བཀུར་རྒྱལ་པོའི་རྣམ་ཐར་གྱི་ཤེས་པར་བྱའོ། །ཟུར་གནས་དྲང་པོའི་་
གཏམ་གྱིས་གཞུང་བསྲངས་ཤིང་། མི་ཤེས་གོང་ཕུད་ཆོས་རྒྱལ་རྣམ་ཐར་ལས། །རྒྱ་མཚོའི་ཆུ་ཐིག་ཟེགས་མ་འཐུངས་པ་ཡིན། །འཇིག་རྟེན་ཞལ་
ཆེ་སྤང་བླངས་སྙོམས་འདོད་ལས། །ངོམས་པའི་ཡིད་དགའ་ཆ་ཙམ་འདོད་པ་ཡིས། །བློ་རྨོངས་རྣམས་ཀྱི་འདི་ལ་ཉམས་བཞེས་མཛོད། །ནོར་་་
འཁྲུལ་འདུག་ན་ཆོས་རྒྱལ་སྔ་ཕྱི་དང་། །འཇིག་རྟེན་ཤེས་ལྡན་མཁས་པས་བཟོད་པར་གསོལ། །ཤུ་བྷ་མ་སྟུ་སརྦ་ཛ་ག་ཏམ།། །།