I. Publication details & remarks

སྡེ་པ་གཙང་པའི་ཁྲིམས་ཡིག་ཞལལྕེ ༡༦ དང་དགའ་ལྡན་ཕོ་བྲང་བའི་ཞལ་ལྕེ ༡༢ སོགས་ཉེར་མཁོ་སྣ་ཚོགས། / sde pa gtsang pa'i khrims yig zhal lce 16 dang dga' ldan pho brang ba'i zhal lce 12 sogs nyer mkho sna tshogs. 1985. Dolanji, Ochghat, Himachal Pradesh: Tibetan Bonpo Monastic Community. http://purl.bdrc.io/resource/W24038

II. Table of Contents

1. Table of contents (དཀར་ཆག / dkar chag) [fol. 27.1–28.4]

2. གཙང་སྟོད་རྒྱལ་པོའི་གདུང་རབས་ཀྱི་ལོ་རྒྱུས། (Gtsang stod rgyal po’i gdung rabs kyi lo rgyus) [fol. 28.4–48.5]

3. གདུང་རབས་འདིའི་ཕོ་བྲང་དང་མངའ་ཁུལ་གྱི་ཆེ་བ། (Gdung rabs ‘di’i pho brang dang mnga’ khul gyi che ba) [fol. 48.5–53.4]

4. གདུང་རབས་འདིའི་བཀའ་ཁྲིམས་ཀྱི་ལུགས་དང་བཀའ་ཆེམས། (Gdung rabs ‘di’i bka’ khrims kyi lugs dang bka’ chems) [fol. 53.4–58.4]

5. སྤངས་བླངས་ཆེན་པོ་བཅུ་དྲུག་དང་དེའི་ལུང་རྒྱབ་ཀྱི་ཁྲིམས་ཡིག་རྙིང་པོའི་ལོ་རྒྱུས་དང་གཏམ་བརྒྱུད་ཞར་བྱུང་བརྒྱུད་པ། (spangs blangs chen po bcu drug dang de'i lung rgyab kyi khrims yig rnying po'i lo rgyus dang gtam brgyud zhar byung brgyud pa) [fol. 58.4–180.4]

6. Zhal lce bcu drug

6.1. དཔའ་བོ་སྟག་གི་ཞལ་ལྕེ། (dpa' bo stag gi zhal lce) [fol. 67.4–88.2]

6.2. སྡར་མ་ཝའི་ཞལ་ལྕེ། (sdar ma wa'i zhal lce) [fol. 88.2–90.5]

6.3. རྒྱལ་པོ་མེ་ལོང་གདོང་གི་ཞལ་ལྕེའམ་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། (rgyal po me long gdong gi zhal lce'am sne mo las 'dzin gyi zhal lce) [fol. 90.5–94.1]

6.4. ཞུ་བཞེས་བདེན་བརྫུན་གྱི་ཞལ་ལྕེ། (zhu bzhes bden brdzun gyi zhal lce) [fol. 94.2–95.5]

6.5. བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། (bzung bkyigs khrims ra'i zhal lce) [fol. 95.5–97.2]

6.6. ནག་ཆེན་ཁྲག་གཅོར་གྱི་ཞལ་ལྕེ། (nag chen khrag gcor gyi zhal lce) [fol. 97.2–98.3]

6.7. དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། (dran 'dzin chad las kyi zhal lce) [fol. 98.3–103.3]

6.8. ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། (hor 'dra za rkang gi zhal lce) [fol. 103.4–114.1]

6.9. བསད་པ་སྟོང་གི་ཞལ་ལྕེ། (bsad pa stong gi zhal lce) [fol. 114.1–137.2]

6.10. རྨས་པ་ཁྲག་གི་ཞལ་ལྕེ། (rmas pa khrag gi zhal lce) [fol. 137.3–143.3]

6.11. བསྙེན་ཧམ་མནའ་དག་གི་ཞལ་ལྕེ། (bsnyen ham mna' dag gi zhal lce) [fol. 143.4–156.2]

6.12. བརྐུས་པ་འཇལ་གྱི་ཞལ་ལྕེ། (brkus pa 'jal gyi zhal lce) [fol. 156.3–159.3]

6.13. ཉེ་འབྲེལ་འབྲལ་འདུམ་གྱི་ཞལ་ལྕེ། (nye 'brel 'bral 'dum gyi zhal lce) [fol. 159.3–163.3]

6.14. བྱི་བྱས་བྱི་རིན་གྱི་ཞལ་ལྕེ། (byi byas byi rin gyi zhal lce) [fol. 163.3–165.4]

6.15. ནམ་ཕར་ཚུར་གྱི་ཞལ་ལྕེ། (nam phar tshur gyi zhal lce) [fol. 165.4–169.2]

6.16. ཀླཀློ་མཐའ་འཁོབ་ཀྱི་ཞལ་ལྕེ། (kla klo mtha' 'khob kyi zhal lce) [fol. 169.2–179.5]

7. ལུང་རྒྱབ་ཀྱི་ཁྲིམས་ཡིག་རྙིང་པའི་ལོ་རྒྱུས་དང་གཏམ་རྒྱུད་ཞར་བྱུང་དུ་བྱུང་བ། (lung rgyab kyi khrims yig rnying pa'i lo rgyus dang gtam rgyud zhar byung du byung ba) [fol. 180.4–213.1]

III. Transcription

0001.jpg

༄༅། །སྡེ་པ་གཙང་པའི་ཁྲིམས་ཡིག་ཞལ་ལྕེ་ ༡༦ འང་དགའ་ལྡན་ཕོ་བྲང་པའི་ཞལ་ལྕེ ༡༢ ་སོགས་ཉེར་མམཁོ་སྣ་ཚོགས་བཞུགས་སོ།། །

0002.jpg

གཅིག་
༄༅། །མཁའ་ཁྱབ་དོན་དམ་ཆོས་དབྱིངས་ངང་ལས་སྤྲོས་མཚན་བྲལ་ཡངས་འགྲོ་ལ་ད་ལྟར་བརྩེར་
དགོངས་ཡང་དག་རྫོགས་པའི་སངས་རྒྱས་དང་། གང་དེས་ལེགས་གསུང་ཉོན་མོངས་རྒྱ་མཚོ་སྐྱེམ་པར་
བྱེད་ལ་དུས་མཐའི་ཞུགས་ཀྱི་དང་ཚུལ་འཕམ་བྱེད་ཞི་གྱུར་དམ་པའི་ཆོས། བསླབ་གསུམ་ནོར་བུའི་

0003.jpg

གཉིས་
༄༅། །སྐྱེད་ཚལ་ཡངས་པོར་རྨད་བྱུང་ཡོན་ཏན་འབུམ་སྡེའི་འབྲས་ཁུར་གྱིས་བརྗིད་ཡོངས་འདུའི་
ལྗོན་དབང་དགེ་འདུན་སྡེ། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཞབས་རྡུལ་བྱང་ཆུབ་བར་དུ་བསྟེན་གྱི་སྡེ་་་
བཞིའི་འབྱོར་ཚོགས་རྫོགས་ལྡན་དཔལ་ལ་འགོད་པར་མཛོད། སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་་

0004.jpg

བདུད་རྩིའི་ཆབ་ཀྱིས་བྱུར་བུར་ཡོངས་གཏམས་གཏིང་མཐའ་མི་མངོན་ཆུ་གཏེར་ལས་། བསྔགས་འོས་བསོད་ནམས་དུ་མའི་མ་ཚན་གྱི་ཆ་
ཤས་ཡོངས་གང་མི་བདག་བདེ་འབྱུང་རལ་པའི་གཙུག་གི་རྒྱན། རྒྱལ་ཕྲན་རྒྱུ་སྐར་གྲངས་མེད་དབུས་ན་མངོན་མཐོ་མེས་དབོན་གསུམ་ཞེས་
གྲགས་དཀར་འཛུམ་ཕྲེང་འོད་པོ་ཆེ། ཡོངས་སྤྲོས་ཆོས་འབྱོར་བདེ་སྐྱིད་ཀུན་མདའི་དགའ་ཚལ་ལྷུག་ལྷུག་གྲོལ་བའི་དགེ་མཚན་སྲིད་་་་
པའི་ཏོག་ཏུ་འཕགས། ལེགས་བྱས་སྣང་བ་རྒྱ་མཚོའི་གཏེར་གྱུར་རྒྱལ་པོའི་བཀའ་ཁྲིམས་ཡིད་བཞིན་དབང་གི་རྒྱལ། ཕན་ངང་་་
བདེ་བའི་སྨན་ཡོན་རྩེ་དགར་ཉེར་འགྲོགས་བླངས་དང་དོར་བྱའི་དགོས་རྒུའི་ཆར། འབད་རྩོལ་མེད་པར་ལྡན་གྱིས་གྲུབ་པའི་སྟོབས་

0005.jpg

གསུམ་
༄༅། །ལས་ས་འདིར་དགེ་ལེགས་ཉིད་བྱེད་པ། འགྲོ་ཚོགས་ཀླུ་དབང་ཀུན་གྱི་གཙུག་ཏུ་སྲིད་མཐའི་བར་དུ་མི་ནུབ་མཛེས་གྱུར་
ཅིག ཅེས་ཤེས་པ་བརྗོད་པའི་ཚིག་གིས་ཕུན་གསུམ་ཚོགས་པའི་ལམ་ཡངས་པར་བྱས་ཏེ་སྐབས་དོན་ནི། འགྲོ་བ་མཐའ་དག་
གི་མངོན་མཐོ་དང་དེས་ལེགས་ཀུན་གྱི་གཞི་དང་རྩ་བ་ལྟ་བུར་གྱུར་པ་ནི་ལེགས་པ་སྤྱད་པ་ཉིད་ལ་རག་ལུས་པ་ད་རྒྱལ་བའི་བཀའ་མོ་
འགྱུར་བས་ཞལ་གྱིས་མཆེས་པ་དང་། མདོ་རྒྱུད་བསྟན་བཅོས་དུ་མ་ནས་ཀྱང་རྒྱལ་པོ་ལུགས་ཀྱི་རྣམ་གཞག་མང་དུ་བཀའ་་་
རྩལ་པ་བཞིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་བློན་ཇི་སྙེད་ཅིག་བྱོན་པ་རྣམས་ནས་

0006.jpg

དགེ་བ་བཅུའི་ཁྲིམས་དང་མི་ཆོས་གཙང་མ་བཅུ་དྲུག་ལ་སོགས་པའི་སྲོལ་གཏོད་ནས་ཁྲིམས་ཀྱི་ཡི་གེ་ཆེན་པོ་རྣམས་དང་སྲོལ་ལུགས་་་
རིམ་ཅན་དུ་འབྱུང་བ་ལྟར། ཉམས་ལེན་རྒྱུན་འཁྱོངས་སུ་དགོས་པ་ནི། དཔག་བསམ་འཁྲི་ཤིང་ལས། ས་སྐྱོང་མཁས་ན་རིག་
པའི་རྩེ་དགའ་སྤྲོལ་མཆོག་ཏུ་རེག་པར་འགྱུར། དཔའ་ན་གཡུལ་གྱི་རོལ་པ་དང་འགྲོགས་བརྟུལ་ཞུགས་འཛིན་པར་འགྱུར།
བླུན་ཞིང་གཡོ་བའི་རྣམ་པར་གཡོ་ལ་གདུག་ན་མ་རུང་སྤྱོད། གང་གང་ས་བདག་བྱེད་པ་དེ་དེ་མཐའ་དག་སྐྱེ་བོས་བྱེད་པར་འགྱུར།
སྐྱེ་བོ་ལེགས་སྤྱོད་བློ་ལྡན་བློན་པོ་དང་། མི་བདག་མཁས་ཤིང་བདེན་པར་སྨྲ་བྱེད་པ། འདི་དག་རྣམས་ནི་དགེ་བ་དར་བའི་དུས།

0007.jpg

བཞི་
༄༅། །མངོན་སུམ་དུ་མཚོན་མཚན་ནི་བཟང་པོ་ཡིན། ཞེས་གསུང་པ་ལྟར། ཆབ་ཀླུ་རྣམ་བཞིའི་སྐ་རགས་ཀྱི་ཉེ་བར་
མཛེས་པའི་ས་ཆེན་པོ་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་གནམ་སྦྱིན་མིའི་དབང་པོ་རྣམས་ནས་ལུས་ཅན་རྣམས་མ་འཁྲུགས་པར་
བདེ་བར་སྐྱོང་བའི་བྱང་ཆུབ་ཀྱི་སེམས་རིན་པོ་དང་། ཟབ་ཅིང་དཀྱིལ་ཆེ་བའི་དགོངས་བཟང་མཁའ་ལྟར་མཉམ་པས་ཆོས་དང་
ཆོས་མ་ཡིན་པ་རྣམ་པར་ཕྱེ་ནས་རང་ཉིད་ཀྱི་ཉམས་སུ་བཞེས་པ་ན། མངའ་འབངས་སུ་གཏོགས་པོ་ཅོག་ཀྱང་རྒྱལ་པོ་ཇི་ལྟར་
སྤྱོད་པ་བཞིན། མ་བསྐུལ་བར་འཇུག་པར་མ་ཟད། ལམ་དེ་ཉིད་ལ་ཐབས་མཁས་ཤིང་བརྗིད་ནོན་ཆེ་བའི་སྒོ་ནས་བཀྲི་བར་་་་

0008.jpg

མཛད་པས་འདི་ཕྱི་དུས་གནས་ཀུན་གྱི་བདེ་སྐྱེད་ཀྱི་རྩ་བ་བརྟན་པོར་ཚུགས་པ་ཤེས་བྱར་གཟིགས་པ་ཡངས་པའི་བློ་ལྡན་ཀུན་གྱི་སྤྱོད་ཡུལ་
དུ་གྱུར་པ་ལྟར། གངས་རིའི་ཕྲིང་བ་དཀར་པོས་ཁོར་ཡུག་ཏུ་བྲིས་པའི་སྨན་ལྗོངས་འདི་ཉིད་དུ་མཁོ་ཤིང་གྲགས་ཆེ་བའི་བཀའ་ཁྲིམས་
ཀྱི་ཡིག་ཚང་ཁུངས་ཐབ་འགའ་ཞིག་ཕྱོགས་སྒྲིགས་ཀྱི་བཀོད་པ་ལ།། ༈ །།བོད་དུ་རྒྱལ་ཁྲིམས་ནམ་གྱི་དུས་སུ་་་
བྱུང་བཤད་པ་ནི་སྦོན་གྱི་དུས་ན་བོད་ཡུལ་མུན་པའི་དམག་རུམ་དང་འདྲ་བ་འདིར། རྒྱལ་ཕྲན་བཅུ་གཉིས་ཀྱིས་ཁྲིམས་བཅས་སོ།
ཁང་པ་ཐམས་ཅད་རི་ཁྱིམ་ལ་བརྟེན་ནས་ལས་སུ་རྔེན་པ་བྱེད། ཟས་སུ་ཤ་ཁྲག་འཐུང་། གོས་སུ་ལྤགས་པ་གྱོན། དགེ་སྡིག་

0009.jpg

ལྔ་
༄༅། །ངོ་མི་ཤེས་པ་ལ། སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒོམ་པོ་དེ་ཉིད་ཀྱིས་བོད་འབངས་བདེ་ལ་བཀོད་པའི་ཕྱིར། ཆོས་
དགེ་བ་བཅུ་ལ་བརྟེན་པའི་རྒྱལ་ཁྲིམས་བཅའ་བ། འདོད་ཡོན་ལྔ་སྤེལ་བ། ཕན་ཚུན་དུ་སྐྱེས་བསྐུར་བ། མངའ་འོག་གི་འབངས་
རྣམས་ལ་དམ་པའི་ཆོས་ཀྱི་བཀའ་བསྒོ་བ་ལ། བོད་ན་ཡི་གེ་མེད་པས། བློན་པོ་དབང་པོ་རྣོ་བ་བདུན་རྒྱ་གར་ལ་ཡི་གེ་སློབ་ཏུ་་་
བཏང་བས། མཐའ་འདྲེ་རྣམ་པ་གསུམ་དང་ཐུག་ནས་ལོག་པས། དེ་ནས་ཐུན་མི་ཨ་ནུའི་བུ་ཐོན་སམ་བློ་ཊ་ཞེས་བྱ་བ།
དབང་པོ་རྣོ་བ་ཡིད་གཞུང་བ། ཡོན་ཏན་དུ་མ་དང་ལྡན་པ་གཅིག་ཡོད་པ་ལས། སྐུ་ནོར་རྫས་གསུམ་ལ་མ་གཟིགས་པར་གསེར་

0010.jpg

མང་པོ་བསྐུར་ནས་རྒྱ་གར་ལ་ཡི་གེ་བསླབ་ཏུ་བཏང་ངོ་། བློན་པོ་དེས་ཀྱང་ལུས་སྲོག་ལ་མ་གཟིགས་པར་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ཏེ།
ཡི་གེའི་སྒྲ་ཚད་ལ་མཁས་པ་བྲམ་ཟེའི་བྱིན་གྱི་དྲུང་དུ་ཡི་གེ་བསླབས། པཎྜི་ཏ་ལྷ་རིག་པའི་སེང་གེའི་དྲུང་དུ་བསྟན་བཅོས་ཐམས་ཅད་
བསླབ་ནས། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཏེ། འདུས་པ་རིན་པོ་ཆེ་ཏོག་གི་བཟུངས། མདོ་ཟ་མ་ཏོག སྤྱན་
རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་བོད་དུ་བསྒྱུར། རྒྱལ་པོ་དགའ་སྟོན་གྱི་གདན་སར་བྱོན་པ་ལ། ན་རོ་ 
གི་གུ་ འབྲེད་པོ་ ཞབས་ཀྱུ་སོགས་སྡེ་མཚན་དུ་བྱས་ཏེ། ཡི་གེའི་ཕུད་འདི་ཕུལ་ལོ། ཞལ་རས་གསལ་ལ་དང་དྭངས་

0011.jpg

དྲུག་
༄༅། །གད་བ་བཟང་། གདམས་ངག་ཟབ་ལ་མ་ཆད་ཐ་དད་རང་། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།
འཕགས་པ་མ་འཕམ་ཡང་དག་དམངས་ལ། བདེ་གཤེགས་བདེ་ངེས་ཡེ་ཤེས་ཏེ། ཏིང་འཛིན་ཇི་སྲིད་རིག་ཅིང་གཟིགས། ཉོན་་་
མོངས་ཚོགས་བཅོམ་མགོན་པོ་མཆོག དུག་གསུམ་བ་དུད་འདུལ་ཀུན་ཏུ་ཐུལ། སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས། སྲོང་
བཙན་སྒམ་པོར་མཚན་གསོལ་པའི། ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། ཞེས་སྟོད་པ་དང་། རྒྱལ་པོ་ཤོནི་ཏུ་མཉེས་ནས།
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་དགོངས་ནས། རྒྱལ་པོས་བློན་པོ་ལ་བསྐུར་སྟི་དང་ཕུད་དུད་མང་དུ་མཛད་དོ། ཡི་གེའི་་་་

0012.jpg

བསྒྱུར་ཚུལ་རྒྱས་པ་གཞན་དུ་གསལ་བས་དེར་བལྟ་བར་བྱའོ། དུས་དེ་ཙ་ན། ཡོངས་གྲགས་ཀྱི་བློན་པོ་སུམ་བརྒྱ་ཡོད་་་
པའི་ནང་ནས་འཕྲུལ་གྱི་སྣ་ཆེན་རིགས་བཟང་། ཞང་པོ་རྒྱལ་གྱི་ཁྲོམ་བཟང་། ཅོག་རོ་རིག་པའི་ཁོང་བཟང་། ལྟར་
གཟིགས་ཤོག་པོ་བསྟན་བཟང་། བཀའི་སྙག་སྟོན་འཕེལ་བཟང་སྟེ། ནང་བློན་བཟང་པོ་དྲུག་ལ་སོགས་པ་བློན་པོ་་
བརྒྱ་ཐམས་པ། རྒྱལ་པོའི་སྐུའི་ཞབས་ཏོག་དང་ནང་གི་བྱ་བ་ཐམས་ཅད་བྱེད་དོ། ཕྱི་བློན་བཙན་པོ་དྲུག་ནི། ཁྱུང་
པོ་སྤུན་བཟུང་བཙན། ལམ་འཁྲི་བདེ་ལག་ཁྲི་བཙན། མུ་ཁྲི་རྡོ་རྗེ་རྣམ་བཙན། མཐིང་གི་བྱང་ཆུབ་མཆོག་བཙན།

0013.jpg

བདུན་
༄༅། །ཐར་པ་ཀླའི་རྒྱལ་མཚན། རོང་པོ་འཕྲུལ་གྱི་ལྡེ་བཙན་ལ་སོགས་པ་བློན་པོ་བརྒྱ་ཐམ་པས། ཤར་རྒྱ་དང་མི་
ཉག་གི་ཡུལ་ནས་བཟོ་དང་རྩིས་ཀྱི་དཔེ་བླངས། ལྷོ་ཕོགས་རྒྱ་གར་གྱི་ཡུལ་ནས་དམ་པ་ཆོས་ཀྱི་སྒྲ་བསྒྱུར། ནུབ་ཕྱོགས་
སོག་པོ་དང་བལ་པོའི་ཡུལ་ནས་ཟས་ནོར་ལོངས་སྤྱོད་ཀྱི་གཏེར་ཕྱེ། བྱང་ཕྱོགས་ཧོར་དང་གེ་སར་གྱི་ཡུལ་ནས་ཁྲིམས་དང་་་
ལས་ཀྱི་སྲོལ་བཏོང་། མདོར་ན་ཕྱོགས་བཞི་ལ་དབང་བསྒྱུར་ཞིང་ལོངས་སྤྱད་ནས། འཛམ་གླིང་ཕྱེད་ཀྱི་བདག་པོ་མཛད་དོ།
དེའི་དུས་སུ་རྒྱལ་པོ་དེ་ཉིད་ཀྱིས། ད་ནི་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས། ངའི་བཀའ་དང་འཁོར་དུ་གཏོགས་པ་རྣམས་་་་

0014.jpg

ཀྱིས༑ ལུས་ཀྱི་སྒོ་ནས་སྲོག་གཅོད་མ་བྱིན་ལེན་དང་འདྲོང་ལོག་སྤྱོད་པ་དང་གསུམ། དག་གི་སྒོ་ནས་རྫུན་དང་ཁྲ་མ་དང་ཚིག་་་
རྩུབ་དང་དག་འཁྱལ་དང་བཞི། ཡིད་ཀྱི་སྒོ་ནས་བརྣབ་སེམས་དང་གནོད་སེམས་དང་ལོག་ལྟ་དང་གསུམ། མདོར་ན་མི་དེག་
བཅུ་སྤོངས་ཤིག བསད་པ་ལ་སྟོང་འདིད་དོ། རྐུན་པ་ལ་བརྒྱད་འཇལ་དངོས་དགུ་འདེད་དོ། འདོད་ལོག་སྤྱད་པ་ལ་བྱི་
རིན་འདེད་དོ། རྫུན་དུ་སྨྲ་བ་ལ་མནའ་བསྒག་གོ། ཞེས་བཅའ་བ་བཞིའི་ཁྲིམས་བཅས། གཞན་ཡང་དའི་འབངས་སུ་འབངསུ་་་
གཏོགས་པ་རྣམས་ཀྱིས། ལྷ་དཀོན་མཆོག་གསུམ་པོ་ལ་དད་པ་དང་མེས་གུས་བསྐྱེད་པར་བྱའོ། དམ་པའི་ཆོས་བཙམ་

0015.jpg

བརྒྱད་
༄༅། །ཞིང་སྒྲུབ་པར་བྱའོ། ཕ་མ་ལ་དྲིན་ལན་འཇལ་བར་བྱའོ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པར་བྱའོ། རིགས་མཐོ་
བ་དང་རྒན་པར་བཀུར་སྟི་ཆེན་པོ་བྱའོ། ཡུལ་མི་ཁྱིམ་མཚེས་ལ་ཕན་བཏགས་པར་བྱའོ། ཉེ་དུ་དང་མཛའ་བཤེས་ལ་གཞུད་་་
རིང་བར་བྱའོ། བཀའ་དྲངས་ཞིང་སེམས་ཆུང་བར་བྱའོ། ཡ་རབ་ཀྱིས་རྗེས་བསྙགས་ཤིང་ཕྱི་ཐག་རིང་བར་བྱའོ། ཟས་
ནོར་ལ་ཚོང་འཛིན་པར་བྱའོ། སྔར་དྲིན་ཅན་གྱི་མི་རྩད་བཅད་པར་བྱའོ། བུ་ལོན་འཇལ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པར་བྱའོ།
ཀུན་ལ་ཕྲག་དོག་ཆུང་བར་བྱའོ། གྲོགས་ཀྱི་ནང་དུ་ངན་པའི་གྲོགས་ལ་མི་ཉན་ཅིང་རང་ཚུགས་འཛིན་པར་བྱའོ། དག་འཇམ་

0016.jpg

ཞིང་སྨྲ་བ་ཉུང་བར་བྱའོ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པར་བྱའོ། ཞེས་བཀའ་བརྩལ་ཞིང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་་
ཀྱི་གཞི་བཟུངས། གཞན་ཡང་ལུགས་ཀྱི་བསྟན་བཅོས་གསེར་གྱི་ལེ་ཚེ་སྒྲིགས་དང་། གླང་བཀའ་མཆིད་ཞེས་བྱ་བ་གཉིས་གསུངས་
ཏེ༑ རྒྱལ་པོས་བཀའ་སྩལ་པ་བཞིན། ཐོག་མི་སམྦྷོ་ཊ་དང་། མགར་བ་གདོང་བཙན། འབྲི་སེ་རུ་གོང་སྟོན། ཉང་ཁྲི་་
བཟང་རྣམས་ཏེ། བཀའི་འཕྲུལ་བློན་བཞི་ལ་སོགས་པ་བློན་པོ་བརྒྱ་ཐམ་པས་བར་གྱི་འཁོད་སྙོམས། བཟང་ལ་བྱ་དགའ་སྟེར་
འཐབ་མོ་བྱས་པ་ཆད་པ་གཅོད་པ། མཐོ་བ་ཁྲིམས་ཀྱིས་གནོན། དམའ་བ་ཐབས་ཀྱིས་སྐྱོང་། སྐུ་བསྲུང་སྡེ་བཞིར་བཅས།

0017.jpg

དགུ་
༄༅། །ཕུ་རུ་རྫིང་དུ་དཀྱིལ། མདའ་རུ་ཡུར་བར་དྲངས། བྲེ་སྲང་གཏན་ལ་ཕབ་ཞིང་ལྷུ་རུ་བཅད། མི་ལ་ཡི་གྲེ་བསླབ།
རྟ་ལ་མདོང་སུ་བྲིས། ལེགས་པའི་དཔེ་སྲོལ་བཙུགས་ཏེ། ཆོས་ནས་ཇི་ལྟར་བྱུང་བ་བཞིན་གྱི་མི་དགེ་བཅུ་སྤངས། དགེ་བཅུ་
ཉམས་སུ་བླངས་པ་ལ་བརྟེན་ནས། བོད་ཁམས་ཐམས་ཅད་བདེ་སྐྱེད་ལ་ལོངས་སྤྱད་པས་ཆོག་པ་བྱུང་གདའ། དེ་ལྟར་དགེ་
བ་བཅུ་ལ་བརྟན་པའི་བོད་ཁྲིམས་ཉི་ཤུའི་བཅའ་ཡིག་ནི། ཤོ་ལ་ར་རུ་གཏན་ལ་ཕབ་ནས། རྗེ་བློན་ཀུན་གྱི་ཕྱག་རྒྱས་བཏབ་
སྟེ་ཉི་ཟླའི་འོད་བཞིན་ཀུན་ལ་ཁྱབ་པར་མཛད་དོ། ༈ བཞི་པ་རྒྱལ་ཁྲིམས་དངོས་ལ་འཇུག་ཚུལ་བཤད་པ་ལ་་་

0018.jpg

སྤྱིར་བསྟན་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི་ཁ་མཆུའི་རིགས་ཀྱི་གཅོང་རྒྱ་བྱེད་པ་ལ། གཟུགས་གཞི་དཔང་བརྒྱད་་་
དྲང་དང་དགུ་ཟེར་བ་ཞིག་འདུག་པ་ལ། བསམ་མནོ་བཏང་དུས་དང་མཁན་ནི་ཁྲིམས་བདག་དང་བར་མི་ལ་ཟེར། གཟུགས་
གཞི་ནི་ཉམས་རྒྱུས་ཆེ་བ། བློ་ཚད་པ་གྲོས་འདྲི་བ། འོག་ཚད་ལེན་པ་རྣམས་སུ་འདུག དཔང་བརྒྱད་ཟེར་བ་ནི། གཉིས་
ཕྱོགས་ནས་མི་གནང་ཆེ་བ་བཞི་ཙམ་རེ་རྒྱུས་ཡོད་ལ་འཇུག་དགོས་པར་གོ། དེ་ལ་བར་པ་བདེ་མོའི་ཐང་། བློ་ཡུས་རི་གཟར་
གྱི་སྦབ། གླིང་མོ་ཕམ་དོགས་ཀྱི་བཤགས། བདེན་རྫུན་ཟ་འོག་གི་ཐིག། རྣབ་གཏམ་གྱི་སྣོད། ཁ་ཤ་ཆང་གི་སྣོད།

0019.jpg

བཅུ་
༄༅། །ཨ་བག་ཁྲག་གཟུའི་སྣོད་བྱ་བར་གྲགག་འདུག གཉིས་པ་ཕྱེ་བྲག་ཏུ་བཤད་པ་ལ། ཁྲིམ་བདག་དང་བར་མི་ལ་དགོས་་་་
ཚུལ་བཤད་པ། གཡུ་འབྲུག་སྒྲོགས་པའི་ཞལ་ལྕེ་སོ་སོར་བཤད་པ་དང་གསུམ། དང་པོ་ནི། ཁྲིམས་བདག་དང་བར་མི་བྱེད་
པ་དག་གིས། དམ་ཚིག་གསུམ་དང་གཅེས་པ་བཞིའི་སྒོ་ནས་ཁྲིམས་དང་ཁ་མཆུ་བྱེད་དགོས་པ་ཡིན་པས། དམ་ཚིག་གསུམ་
ནི༑ བློ་ཡུལ་ཞིབ་པར་ཉན་པ་དང་པོའི་དམ་ཚིག། དྭོགས་གཅོད་ཐེམས་ལ་གཏོང་བ་བར་གྱི་དམ་ཚིག ངང་རིང་ཞབས་སུ་འཇུག་
པ་ཐ་མའི་དམ་ཚིག གཅེས་པ་བཞི་ནི། ཉན་ཡིག་ཁག་ཁུར་མེད་པར་ཞལ་ལྕེ་མི་གཏོང་བ་དང་གཅིག གཉེན་དོ་ཕྱོགས་

0020.jpg

ཆ་མེད་པའི་དྲང་པོའི་གཞུང་ལ་བརྟེན་པ་དང་གཉིས། གཡོ་རྒྱུ་ངན་སྐྱོག་མེད་པའི་འགྲིག་པ་གཙོ་བོར་འདོན་པ་དང་གསུམ། བློ་
སྐྱོན་རང་འདོད་མེད་པའི་མཁས་པའི་མི་ལ་འདྲི་བ་དང་བཞི་འོ། མདོར་ན་འཚེམ་པའི་ཁབ་དང་འབྲེག་པའི་གྲི་ལེགས་སྦྱོར་སོར་
མོས་འཆང་གི་ཚུལ་ཤེས་པ་གཅིག་དགོས་པས། དེ་ལ་དང་པོ་མཚམས་མིས། དངོས་ཁག་སོ་སོ་ཚོགས་སར། འདི་ལྟ་བྱ་སྟེ་
མི་ལུས་གྲུ་བཞི་འདི་སྐྱིད་སྡུག་གི་འབྱུངས་ལེགས་ཉེས་མི་ལ་ཡོང་སྟེ། ཉེས་པ་མིས་འཆོས། མཛེར་པ་ཤིང་ལ་ཡོངས་སྟེ་སྟ་མོ་
དང་སྟེའུས་བཞོག་མི་གཉིས་རྩེད་པའི་བར་དུ་མི་གཅིག་བྱུང་བ་དེ། ལྷ་མངོན་སུམ་དུ་བྱུང་བ་ཡིན། འཁྲུག་པ་ལྷའི་ཡུལ་དང་།

0021.jpg

བཅུ་གཅིག་བཅུགི་
༄༅། །སྡུམ་པ་སྲིན་པའི་ཡུལ་ན་ཡོད་བྱ་བ་ཡིན། དང་པོའི་ཚིག་ལ་གྱ་ནས་ཐ་མ་རོ་ལ་སྡུམ། མི་ཤ་བརྒྱ་ཁྲག་འདས་
ཀྱང་༑ ཐ་མ་སྡུམ་ལ་ལྷོགས། སྡོང་པོ་འགྱེད་འདོད་དེ་རླུང་ལ་སྐྱོ་བ་ཡིན། ཤ་ཟེལ་ལང་འདོད་ཁྲག་ལ་སྐྱོ་བ་ཡིན། དོན་མེད་་་
པའི་ཁ་མཆུ་འཚོལ་བ་འདི། ཚོད་ཆུང་ནོར་ལ་རྡུལ་དཀྲུགས་བྱེད་པ་ཡིན། གང་ལྟར་ཀྱང་སྡུམ་བྱེད་པ་ལ། དང་པོ་བློ་ཡུས་ཀྱི་་་་་
གཤགས་ཉན་དགོས་སྐབས་འདིར་དངོས་བདག་གིས་བཤགས་འདི་ལྟར་འཕེན་ཏེ། གཤགས་ལ་རིགས་ལྔ་ལས། ༈ དང་
པོ་འཐེན་གཤགས་མིག་ནག་ནི་གྲོགས་པོ་མི་འགྲོ་བ་ལ་རྒོལ་མི་ཤེས་པ་མ་འགུགས་མ་ཉེས་བཏབ་ལ་མ་ཆད། ཉེས་པ་སླེ་ལ་མ་་་

0022.jpg

འབོར༑ ཞེས་སོགས་སོ། ༈ གཉིས་པ་ངན་གཤགས་བརྒྱད་གནོན་ནི། ཡའི་ཁ་བྱི་ཁུང་ཙམ་འདིར་གཟུགས་གཉའ་
ཤིང་ཙམ་འདྲི་མ་འཚང་། མི་ཤེས་འབྱུང་ཆུང་རང་རྒྱལ་གྱིས་བསད་ནས། སྟོང་གསེར་རི་ཁོལ་པེ་ལ་མ་ལེན་ཞུས་སོ། ༈ 
གསུམ་པ་བརྗིད་གཤགས་ཉེར་ལྔ་ནི། དྲུང་ནས་ཤི་བའི་རོ་ལ་འཚང་མོད། གསང་པ་ཁྲིས་པ་ཨ་ཁག་ཞེས་སོགས་སོ། ༈ 
བཞི་པ་མན་གཤག་རྩེ་སྙུང་ནི། ཁོ་སྟེ་ཁྱོད་གྱོང་པོ་བཀུག་པས་མི་ཁུགས་པ་གཅིག་འདུག་སྟེ། ད་ཡང་གཉེས་པོ་བཅག་པས་མི་་་
ཆོགས་པ་གཅིག་ཡིན་ནོ། ༈ ལྔ་པ་ཆེ་ཐབས་མཐོ་རྒྱལ་གྱི་གཤགས་ལ། ཆེ་བའི་རྒྱ་བཞི། ཆེ་བའི་རྟགས་བཞི། ཆེ་

0023.jpg

བཅུ་གཉིས་བཅིུས་
༄༅། །བའི་རྒྱུ་བཞི་ནི་ཕ་མེས་རུས་བརྒྱུད་ཀྱི་ཆེ་བ། བྱས་པ་ལག་རིས་ཀྱི་ཆེ་བ། སྤྱད་བ་སྟོབས་ཀི་ཆེ་བའོ། ༈ ཆེ་བའི་་་་
རྟགས་བཞི་ནི། བཏུང་བ་ཇ་དང་ཆང་ལ་བྱེད་ན་ཆེ་བའི་རྟགས། གོས་སུ་དར་ཟབ་གཡི་སྤྱང་གོན་ན་ཆེ་བའི་རྟགས། ཁལ་དུ་མཛོ་དང་དྲིའུ་
ཁོལ་ན་ཆེ་བའི་རྟགས། མགྲོན་ང་མི་ཆེན་དང་ཐག་རིང་པ་ཡོང་ན་ཆེ་བའི་རྟགས། ༈ ཆེ་བའི་ཡོན་ཏན་བཞི་ནི། བླ་མ་དཀོན་མཆོག་
གཙུག་གི་ནོར་བུ་ལྟར་འཁུར་ཆེ་བའི་ཡོན་ཏེན། ཕ་མ་དང་རིགས་རྒྱུད་ལྕགས་ཀྱི་ཡོབ་ཆེན་ལྟར་འདེད་ནུས་ན་ཆེ་བའི་ཡོན་ཏན། བུ་ཚ་
དང་འཁོར་འདབ་བེའུ་ལུག་གུ་ལྟར་སྐྱོང་ནུས་ན་ཆེ་བའི་ཡོན་ཏན། དགྲ་བོ་ངན་བྱེད་ལ་སྤངས་ལ་ཕུར་པ་རྒྱབ་པ་ལྟར་སྡེག་ནུས་ན་ཆེ་བའི་་་

0024.jpg

ཡོན་ཏན་ནོ། ༈ གཤགས་ངོ་བོ་ནི། སྣོད་བཅུ་ཀྱི་འཇིག་རྟན་འདི་ཁྱོད་ཀྱི་ཕ་མའི་རིང་ལ་ཆགས་སམ། དའི་ཕ་མའི་རིང་ལ་་་
ཞིག་སམ། དའི་རང་ལ་བཙོངས་སམ། ཁྱོད་ཀྱི་རིང་ལ་ཉོས་སམ་ཞེས་སོ། དེ་ལྟར་གཤགས་སྒོ་ཉན་ཚར་བ་དང་། ཡང་བར་
པས་འདི་ལྟར་བྱ་སྟེ། ཁྱེད་གཉིས་གསུང་འཇམ་པོ་གསུངས་ཤིག གཏམ་ཞེས་བྱ་བ་འདི་རྭ་མེད་པར་རྡུང་ཤེས་པ། ཡན་ལག་མེད་
པར་ཕྲབ་ཤེས་པ། རྒོད་ཀྱི་རུ་ལ་རྒྱབ་པས། དུང་གི་ཚིལ་བུར་ཕོག་པ། མུན་པ་ལ་མདའ་རྒྱབ་པ་ལྷའི་སྙན་དུ་འགྲོ་བ་གཅིག་དགོས་པ་
ལགས༑ བྱས་ནས་ཉན་ཁག་ཟུར་གཏེའི་བསྡམས་ར་སྐབས་དང་སྦྱར་ནས་བྱེད་པ་ཡིན་ནོ། ༈ གཉིས་པ་དངོས་བདག་དང་་་

0025.jpg

བཅུ་གསུམ་བཅུཾ་
༄༅། །ཁག་ཐེག་མ་དགོས་ཚུལ་བཤད་པ་ཞི། དངོས་བདག་གི་སྡིག་པ་གསུམ་སྤངས་ཤིང་། གཅེས་པ་བཞི་དང་དགོས་པ་གསུམ་
མདོར་བསྟན་པ་དང་བཅས་པ་ཤེས་དགོས། སྡིག་པ་གསུམ་ནི། རྐུན་མོ་གཤགས་ཆེ་བ་དང་གཅིག བྱི་བོ་ཁ་ཕྲེང་བ་དང་གཉིས། བ་
སྐམ་སྨོས་བཟང་བ་དང་གསུམ། དེ་གསུམ་རང་ལ་སྡིག་པས་སྤངས་དགོས། གཅེས་པ་བཞི་ནི་སྤྱི་མི་དགྲ་རུ་མི་ལེན་པ་དང་གཅིག རང་མི་་་
བདེན་པའི་གཤགས་མི་འདེབས་པ་དང་གཉིས། བྱ་བ་ཁ་མ་ཐལ་བ་དང་གསུམ། ཁག་ཁུར་མི་བསླུ་བ་དང་བཞིའོ། དགོས་པ་གསུམ་
ནི༑ འཇམ་པོ་དང་གིས་འགྲོལ་དུས༔ གསུང་དྲིལ་བུ་བས་སྙན་པ་གཅིག་དགོས། མི་འདྲ་བ་གཤགས་སུ་འཕེན་དུས། ལྗགས་ཕུ་

0026.jpg

བས་བདེ་བ་གཅིག་དགོས། གཤགས་སྣ་དགོས་དོན་དུ་སྒྲིགས་དུས་མཆུ་སྐྱི་ཚེ་ལས་རྣོ་བ་གཅིག་དགོས། མདོར་ན་དཔེ་དོན་རྟགས་གསུམ་ལ་
བརྟེན་ནས་གཤགས་གྲལ་ད་གཤིགས་འདོན། འདྲ་འཐད་འོས་གསུམ་ལ་བརྟེན་ནས་ནང་དུ་གྲོས་སྤེལ། དགེ་ཡོན་སྐྱོན་གསུམ་ལ་་་
བརྟེན་ནས་ཕ་རོལ་དུ་གོ་སྐོང་། སྨོད་རག་སྦོམ་གསུམ་ལ་བརྟེན་ནས་མཉམ་ཉིད་ལ་གཤགས་རྒྱག མཐོ་དམན་འབྲེང་གསུམ་ལ་བརྟེན་
ནས་མདུན་མའི་ཧས་བཀོད་ཤེས་དགོས་སོ། ཁག་ཁུར་གཅེས་པ་བཞི་ནི། རང་ཕྱོགས་ཀྱི་ཁག་ཐེག་པ་དང་གཅིག གཞན་ཕྱོགས་ཀྱི་་་
སྐྱོན་ཟིན་པ་དང་གཉིས། སྤྲོད་ལེན་ཞབས་འཇུག་ཚང་བ་དང་གསུམ། མཆོད་ཡིག་དག་གཙང་ལེན་པ་དང་བཞི་དགོས།། །།

0027.jpg

བཅུ་བཞི་བཅིུ་
༄༅། །༸ གཙང་སྟོད་རྒྱལ་བློན་གྱི་མཛད་པ་ཞལ་ལྕེ་བཅུ་དྲུག་པ།། ༈ གང་ཞིག་འཇིག་རྟེན་ཁམས་འདིར་ཕན་བདེའི་དཔལ།
རྒྱལ་ཁྲིམས་གསེར་གྱི་འཁོར་ལོ་རྩིབས་སྟོང་གི མཐའ་བཞིའི་རྣམས་གནོན་ཆོས་ཀྱི་རྒྱལ་པོའི་སྡེ། སྙན་པ་འབྲུག་ལྟར་ཆེ་བ་དེ་ལ་འདུད།
ཨེ་མ་ས་དབང་རྒྱལ་པོའི་སྲས། ཕུན་ཚོགས་དགེ་ལེགས་ཀུན་གྱི་གཞི། གྲངས་མེད་བསྐལ་པའ་ཚོགས་གཉིས་བསྐྲུན། མགོ་ནག་
མི་ལ་སྒམ་བུ་ཕྱ། གཉའ་རིང་དགྲ་ལ་གཤིན་རྗེ་འདྲ། ཆོས་སྲིད་སྐྱོངས་ལ་འཇམ་པའི་དབྱངས། མངའ་འབངས་རྣམས་ལ་ཡིད་
བཞིན་ནོར། མཚན་སྨོས་གཙང་སྟོད་རྒྱལ་པོ་ཡིན། དེ་ཡི་གདུང་རབ་རིན་ཆེན་འཕྲེང་བའི་རྒྱུན། མཛེས་པར་ཐོད་དུ་བཅིང་བར་

0028.jpg

ངོ་མཚར་གྱིས། འདོད་དགུ་ཡིད་བཞིན་འབྱུང་བའི་བཀའ་དྲིན་གཏེར། མཁས་དྲུག་གནམ་གྱི་ཤེད་མོང་ཐོབ་པར་ཤོག༔ ཞེས་མཆོད་
པར་བརྗོད་དེ། སྤེལ་སེར་གཏམ་རྒྱུད་ལས་གཙང་སྟོད་རྒྱལ་པོའི་གདུང་རབས་ཀྱི་རྣམ་ཐར། དེའི་ཕོ་བྲང་དང་མངའ་ཁུལ་གྱི་ཆེ་བ་
དེའི་བཀའ་ཁྲིམས་ཀྱི་ལུགས་དང་བཀའ་ཆེམས། དེའི་སྤང་བླངས་དང་དོན་གོ་བའི་ཞལ་ལྕེ། དེ་རྣམས་ཀྱི་ལུང་རྒྱབ་ཏུ་ཞར་བྱུང་
གི་སྔོན་གྱི་ཁྲིམས་ཡིག་དང་གཏམ་བརྒྱུད་ཁུངས་བཙུན་པ་ཡིག་རྙིང་དང་། རྣ་གཏམ་ཐོས་པ་རྣམས་ཀྱང་བསྒྲིགས་པ་ལས། ཐོག་
མར་གདུང་རབ་ཀྱི་ལོ་རྒྱུས་ནི། སྤྱིར་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་ཞི་རྒྱས་དབང་དྲག་གི་རྣམ་པར་ཐར་པ་སོ་སྐྱེའི་བློའི་སྤྱོད་

0029.jpg

བཅོ་ལྔ་
༄༅། །ཡུལ་ལས་འདས་ཤིང་ཟབ་པ་དང་རྒྱ་ཆེ་བ་བློ་ཆུང་གིས་རྟོགས་པར་དཀའ་མོད་ཀྱི། དེ་མ་རྟོགས་ཤིང་རྨོངས་པའི་བློས་
སྙན་ངག་དང་སྡེབ་སྦྱོར་ཚིགས་བཅད་ཀྱི་རྐང་པ་ལྷུག་པའི་བསྒྲིག་བརྩོམ་རྣམས་མེད་པར་ལྷ་དགའི་གཏམ་བཞིན་བབ་བཅོལ་དུ་བྲིས་པ་་
འདི་ཉིད། རྣམ་དཔྱོད་ཅན་གྱིས་གཟིགས་ན་སེང་གེའི་གཡུ་རལ་ལ་སྤེའུའི་ལག་རྩེད་བྱས་པ་ལྟར་བཞད་མོའི་གནས་སུ་འདུག་ཀྱང་
རང་རང་གི་མོས་དོར་ཤར་བཅུང་ཟད་འདྲི་བར་བྱ་སྟེ། དེ་ཡང་སྤྱིར་གྱི་བདོ་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཉིད། འཕགས་པ་སྤྱིན་རས་་་
གཟིགས་འདུལ་བྱའི་ཞིང་ཁམས་གང་ལ་གང་འདུལ་གྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་ཅིང་། ལྷག་པར་ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་

0030.jpg

གསུམ་གྱི་བཀའ་དྲིན་ལ་བརྟེན་ནས། སངས་རྒྱས་སངྱས་བསྟན་པའི་དབུ་བརྙེས་པ་དང་བསྒྱུར་བ་དང་དར་བར་མཛད། ལུགས་གཉིས་ཀྱི་བཀའ་ཁྲིམས་
བཟང་པོས་སེམས་ཅན་ཐམས་ཅད་བདེ་སྐྱིད་ལ་བཀོད། མངའ་འབངས་དར་རྒྱས་སུ་མཛད་ཅིང་། བོད་ལ་སྔ་དར་ཕྱི་དར་བར་དར་གསུམ་
དུ་བྱས་ན་འདི་ཡན་སྔ་དར་རོ། བར་དར་ནི་དཔལ་ལྡན་ས་སྐྱ་པ་བོད་ཤིང་སྒོ་བཙུགས་པའི་རྒྱལ་པོ་མཛད་པ་དང་། སྡེ་སྲིད་སྣེའུ་གདོང་་་
པའི་མཚན་དོན་རྡེ་དར་སྒང་བཞག་ཡན་དུ་འདུག་ཅིད་། དེ་ནས་བར་གྱི་མཇུག་ཕྱི་མའི་མགོའི་བར་དེར། བོད་དབུས་གཙང་འདིར་བློ་་
བུར་གྱི་མི་རྒོད་འགའ་ཞིག་གི་ཡུལ་གྱི་ས་སྣེ་རྣམས་སུ་ལྗོང་བརྩིགས་ཡུལ་སོ་སོ་བདག་ཏུ་བཟུངས་སྟེ། རང་རང་འདོད་པའི་འཁྲུལ་

0031.jpg

བཅུ་དྲུག་
༄༅། །འཁོར་གྱི་བས་མ་སྦྱོར་མི་བསྲུན་པའི་དམག་མཚོན་གྱི་བསྐལ་པ་དར་། ཧོར་སོག་ཀླ་ཀློའི་དཔུང་ར་མདར་སྦྲན་ནས་ཡུལ་་་
ཁམས་ཐམས་ཅད་འཇོམས་ཤིང་། སེམས་ཅན་ལ་བདེ་བའི་གོ་སྐབས་མེད་པའི་བར་དེར། སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་་་
གྱིས་བོད་ཀྱི་སེམས་ཅན་ལ་ཐུགས་བརྩེ་བའི་དགོངས་པ་ཟབ་མོ་ཆོས་དབྱིངས་རྒྱ་མཚོའི་ཀློང་ནས་ཡེ་ཤེས་ཆེན་པོས་གཟིགས་པ་དགོས་འདོད་་
ཡིད་བཞིན་ནོར་བུའི་འོད་ཟེར་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མཛད་པ་ལས། གཙང་སྟོད་རྒྱལ་པོའི་ཆབ་སྲིད་
ཀྱི་རྟེན་འབྲེལ་རང་བཞིན་ལྷུན་གྱིས་གྲུབ་སྟེ། ཕྱི་དར་གྱི་དབུ་ཚུགས་པ་ཡིན་ཞིང་། རྒྱལ་རབ་འདི་ཉིད་ཀྱི་སྐུ་རུས་ནི་ཁྲི་སྲེང་ལྡེའུ་་

0032.jpg

བཙན་ཡབ་སྲས་ཀྱི་རིང་ལ་རྡོ་རྗེ་ཐེག་པ་ལ་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན་པའི་ནང་ནས། གཞུགས་ཀུ་མ་ར་ཞེས་པ་འདི་ཉིད་
ཀྱི་ལོ་རྒྱུས་ཞིབ་པ་ཡིག་ཚངས་རྣམས་ལ་གསལ་ཞིང་། འདིའི་གདུང་རབས་སུ་སྐྱེས་བུ་དམ་པའི་རིགས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་
མཛད་པ་དང་། ཆོས་བཞིན་སྐྱོང་བའི་རྒྱལ་པོ་དང་། ཡང་ཀུ་ས་ལིའི་ཚུལ་དང་། སྦས་པའི་ཚུལ་སོགས་དོན་དུ་སྐྱེ་བོ་དཀྱུས་མ་མིན་
པའིགདུང་རབས་ཀྱི་འཕྲེང་བ་རིགས་རུས་དང་ཆེ་འཕྲེང་མ་ཉམས་ཤིང་བརྒྱུད་ཀྱི་ལྷ་འགོ་བ་རིམ་བཞིན་ཟམ་མ་ཆད་པ་བྱེན་པའི་ནང་་
ནས་གནམ་སྐོས་ལྷའི་བུ་ཞིང་ཤག་ཚེ་བརྟན་རྡེ་རྗེ་ཞེས་བསོད་ནམས་ཀྱི་མངོན་པར་མཐོ་བ་འདི་ཉིད་ལས་རིམ་པར་བརྒྱུད་པའི་ལྷ་དང་།

0033.jpg

བཅུ་བདུན་
༄༅། །གེ་སར་དང་། ཀརྨའི་ཆོས་སྐྱོང་སོགས་ཀྱི་སྤྲུལ་པའི་མི་ཕོ་རྣམས་བྱོན་ཞིང་། དེ་དག་གི་ཞི་རྒྱས་དབང་དྲག་གི་རྣམ་ཐར་དང་་་
སྤྲུལ་པ་སྐྱེད་པ་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་བ་འདུག་ཀྱང་འབྲི་བར་མ་ལང་ཞིང་། ཟུར་ཙམ་ཞིག་བརྗོད་པ་ལས། གནམ་སྦྱིན་
མིའི་དབང་པོ་ཞིང་ཤག་ཚེ་བརྟན་རྡོ་རྗེ་དེ་ཉིད་ལ། རྒྱལ་བ་ཀརྨས་པ་མི་བསྐྱོད་རྡོ་རྗེ་དང་། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གིས་དབུས་
གཙང་ལ་མངའ་བསྒྱུར་བར་ལུང་བསྟན་ནས་མཚན་དོན་གྱི་དབུ་བརྙེས་ལ། དེ་ལ་སྲས་དགུ་ཙམ་ཞིག་བྱུང་བ་ལས་ཡོངས་སུ་གྲགས་པ་་་
བོད་ཆོས་རྒྱལ་གྱི་སྤྲུལ་པ་ཀརྨ་མཐུ་སྟོབས་རྣམ་རྒྱལ། བེར་ནག་ཅན་གྱི་སྤྲུལ་པ་ཀུན་སྤངས་ལྷ་དབང་རྡོ་རྗེ། གེ་སར་གྱི་སྤྲུལ་བ་ཀརྨ་་

0034.jpg

བསྟན་བསྲུང་དབང་པོ་གསུམ་བྱུང་བ་ལས། སྤྲུལ་པའི་དཔོན་པོ་འདི་གསུམ་གྱི་གཙད་སྟོད་དུ་གཞན་ཕྱོགས་མ་རུང་པ་ཚར་བཅད།
སྒར་ཆེན་ཀརྨ་པ་ཡབ་སྲས་སྤྱན་དྲངས་ནས་འབུལ་ཞབས། དབུས་གཙང་གི་རང་སྲིད་ཆེ་ཆུང་རྣམས་ལ་འཁུར་སྐྱོང་གནང་བ་སོགས་
ཞི་རྒྱས་དབང་དྲག་གི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ལོ་རྒྱུས་གེ་སར་བསྒྲུངས་དང་མཚུངས་པར་འདུག་ཀྱང་འབྲིར་མ་ནུས། འདི་
གསུམ་གྱི་སྐུ་དྲིན་ལས་མཚན་དོན་གྱི་གཞི་ཚུགས། དེ་གསུམ་གྱི་སྲས་ཀརྨ་ཕུན་ཚོགས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས།
ཧོར་སོག་ཕས་ཀྱི་རྒོལ་བ་ཚར་གཅོད་པ་ལ། ཉི་ཟླ་ལྟར་གྲགས་པ་དེ་ཉིད་ལྕགས་ཁྱིའི་ལོ་ལ་རྒྱལ་ཁབ་བསམ་གྲུབ་རྩེར་སྐུ་བལྟམས།

0035.jpg

བཅོ་བརྒྱད་
༄༅། །མ་མའི་ཚོགས་ཀྱི་སྐུའི་སྐྱེད་སྲིངས། སྐུ་ཆུང་དུ་ནས་ཐུགས་བགམ་ཞིང་མཁྱེན་པ་རྒྱས་པ་མའི་དབང་པོར་གྱུར་པ་ཞིག་་་་
ལགས་ཤིང་སྐུ་གཞོན་ནུ་ཡབ་ཡུམ་གནམ་གུང་སྐས་ལ་གཤེགས། དགུང་ལོ་ནི་ཤུ་རྩ་ལྔ་པ་ལ་དམག་དཔུང་ཡན་ལག་བརྒྱད་ལྡན་དང་བཅས་
ཏེ་དབུས་སུ་ཕེབས། ཡར་རྒྱབ་དཔོན་ཆེན་སོགས་གཞན་ཕྱེགས་ཚར་བཅད། དབུས་ལྷོ་རྒྱུད་རང་ཞབས་སུ་བཅུག། དེ་ནས་དབུས་
གཙང་གི་རྒྱལ་ཕྲན་གདུག་རྩུབ་ཅན་རྣམས་ཀྱང་ཚར་བ་ཅང་དེ། བཀའ་ཁྲིམས་བཟང་པོས་རྒན་མོ་གསེར་ཁུར་གྱི་དུས་འཇམ་དར་ཡུག་་་་
གཅིག་ཏུ་བསྐྱངས། དེ་ནས་ས་ཕོ་རྡའི་ལོ་ཧོར་སོག་ཀླ་ཀློའི་དམག་ཚན་ཆེན་པོ་བོད་དུ་འདུད། བྱང་ཁམས་ཐམས་ཅད་དམག་གིས་་་

0036.jpg

བཅོམས༑ ལྷ་ས་གཙུག་ལག་ཁང་ཀྱང་ཧོར་སོགས་གིས་གཟུངས་ནས། རྒྱ་གར་གྱི་ཛོ་ཀི། མདོ་ཁམས་བྱར་དྭགས་ཀོང་གསུམ་དབུས་
གཙང་སོགས་དད་ཅན་གནས་བསྐོར་བ་རྣམས་ཀྱང་ཇོ་ཤཱཀ་ལ་གསོལ་བ་རྒྱང་ནས་འདེབས་པ་མ་རྟོགས་བསྐོར་བ་སྨོན་ལམ་སོགས་དགེ་བའི་
ལས་རྣམས་བགྱིད་མ་ཐུབ། ཤར་ཇ་ལའི་འགྲུལ་གྱི་གསེར་ཟམ་ཀྱང་ཆད་པ་སོགས་དུས་ཤིན་ཏུ་མ་བདེབའི་མི་ཐམས་ཅད་སྦས་ལུང་་་
འབྲས་མོ་གཤིངས་ཀྱི་གནས་སྒོ་སྒུག་པ་ལས་ཐ་མ་སྙེད་པའི་སྐབས་ས་སྐྱོང་མིའི་དབང་པོ་ཕུན་ཚོགས་རྣམ་པར་རྒྱལ་བས་ཕས་ཀྱི་རྒོལ་བ་
ཚར་གཅོད་པའི་གཡུལ་ཆེན་པོ་བཤམས་ཏེ་དཔུང་ཚོགས་ཡན་ལག་བརྒྱད་ལྡན་སྟོད་ལུང་མངར་ཕབ། ལྷའི་དམག་ཚོགས་ས་ལ་

0037.jpg

བཅུ་དགུ་
༄༅། །འཕོས་པ་ལྟ་བུའི་གཟི་བརྗིད་ཀྱིས་མཐའ་དམག་རྣམས་ཚར་བཅད། དབུས་གཙང་རུ་བཞི་མདོ་ཁམས་སྒངས་གསུམ།
ལྷོ་མོན་ཁ་བཞི་སོགས་མདོར་ན་སྟོད་ཛ་ཏི་དབྱུག་པས་བརྡུངས་ནས་སྨད་རྒྱ་མོ་དར་ཐག་པ་ཡན་རང་ཞབས་སུ་བཅུག གཞིས་ཀ་བསམ་
གྲུབ་རྩེས་གཙོས་པའི་ལྗོང་ཆེན་བཅུ་བཞི། སའི་མེ་རྩ་གནོན་པའི་རྫོང་ཕྲན་སོགས་ཞལ་འཛིན་གྱི་སྐྱོང་བ་རྣམས་མ་གཏོགས་ལྗོང་ས་
བཙན་གྱི་རིགས་རྣམས་མ་འོང་པ་ན་དུས་གཟིངས་རྒྱུར་འགྲོ་བར་དགོངས་ནས་ཐམས་ཅད་རྨང་མེད་པར་བཤིག ཤིང་ཆ་རྣམས་ལྷ་
སས་གཙོས་པའི་གཙུག་ལག་ཁང་རྣམས་ཀྱི་ཞིག་གསོས་དང་གྲུ་ཟམ་སོགས་ཀྱི་རྒྱུར་གནང་། སེ་འབྲས་དགེ་གསུམ་གྱིས་གཙོས་་་

0038.jpg

པའི་ཆོས་སྡེ་རྣམས་ཀྱི་འབའ་རེངས་པ་བསྟུན་བཤིག་རྣམས་གནས་དབྱུངས། རབ་བྱུང་གནས་བརྟན་དགེ་འདུན་འདུལ་ཁྲིམས་་་
མཁས་ཤིང་བཙུན་པ་རྣམས་བསྡུས་ནས་བསྟན་པའི་ག་བདར་དང་སྡེ་དགོན་བསྟན་པ་ཉམས་ཆག་ཏུ་གྱུར་པ་རྣམས་ཀྱི་ཁ་གསོའི་དབུ་་་
ཚུགས༑ རྒྱལ་བ་ཀརྨ་པ་ཐམས་ཅུད་མཁྱེན་པ་ཆོས་དབྱིངས་རྡོ་རྗེས་དབུས་གཙང་བདག་པོའི་ལུང་གནང་སྟེ་ཤེལ་ཐམ་དམར་
ནག་སྐྱ་དར་རྒྱ་གླིང་སོགས་ལུང་གི་ཆེ་བས་མངོན་པར་མཐོ་བའི་དགེ་མཚན་བསམ་གྱིས་མི་ཁྱབ་ཅིང་བཀའ་ཁྲིམས་བཟང་པོས་
མངའ་འབངས་རྣམས་རྫོགས་ལྡན་གྱི་དུས་ལྟར་བདེ་སྐྱིད་དུ་མཛད་པའོ། དེའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཆོས་སྐྱོང་བའི་་

0039.jpg

ཉི་ཤུ
༄༅། །རྒྱལ་པོ་སྐུའི་བསོད་ནམས་ཀྱི་མངོན་པར་མཐོ་བ་ཀརྨ་བསྟན་སྐྱོང་དབང་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་འདི་ཉིད།
བཀའ་གདམས་གླེགས་པམ་ཆུང་བར། སངས་རྒྱས་དག་ནི་སྤྲུལ་པ་ཅིར་ཡང་སྟོན། ཞེས་པ་ནས། རྒྱལ་པོར་སྤྲུལ་ནས་འགྲོ་བ་
འདྲེན་པ་ལ། རྒྱལ་པོའི་བུར་སྤྲུལ་རིམ་གྱིས་རྒྱལ་ས་འཛིན། གལ་ཏེ་རྒྱལ་པོའི་བུ་ཉིད་མ་ཡིན་ན། རྒྱལ་པོ་མི་ཐོབ་འཁྲུག་པ་འབྱུང་
བར་འགྱུར། དེ་བས་ཐབས་མཁས་རྒྱལ་པོ་བསྟེན་པར་བྱེད། ཅེས་གསུངས་པ་ལྟར། མེ་ཕོ་རྟའི་ལོ་གཟའ་སྐར་ཕུན་སུམ་་
ཚོགས་པའི་ཉིན། ཡུལ་སེང་གེ་ལུང་། མཆོད་རྟེན་རྒྱལ་པོ་སྐྱེས་སུ་སྐུ་བལྟམས། མཚན་མཁན་རྣམས་ཀྱི་བལྟས་པས། སྐུ་

0040.jpg

འཁྲུངས་པའི་ཡུལ་གྱི་མིང་དང་། འཁྲུངས་པའི་སྐར་མ་དུས་སྦྱོར་དང་། ཁྱད་པར་ལུང་བསྟན་ཀུན་གསལ་མེ་ལོང་དུ། བལ་ཡུལ་ཞས་
བོད་དུ་ཕེབས་པའི་དུས་སུ་ཡུལ་གྱི་མིང་ལ་སེང་གེ་ལུང་དུ་བཏགས། དེར་མཆོད་རྟེན་ཞིག་ནས་རྒྱལ་པོ་སྐྱེས་སུ་མཚན་གསོལ། མ་འོངས་
པ་ན་འདིར་སྤྲུལ་པའི་རྒྱལ་པོ་ཞིག་བཙས་ནས་དེའི་རིང་ལ་བོད་ཀྱི་སེམས་ཅན་རྣམས་ལ་བདེ་སྐྱིད་ཉི་མའི་འོད་ཟེར་ཤར་བའི་ཞུར་ལྟ་བུ་ཞིག་
ཡོང་གསུང་བའི་ལུང་བསྟན་ཁུངས་བཙན་ཡོང་སྣང་བའི་རྟེན་ཅིང་འབྲེལ་བྱུང་གི་སྟོབས་ལས། སྤྱི་བོ་གནམ་བསྟན་གྱི་རྒྱལ་པོ་འགྲན་
པའི་ཟླ་དང་བྲལ་བ་འབྱུང་ཞེས་པ་ལ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པར་གྱུར་ཅིང་། སྐུ་ཆུང་དུ་ནས་གཟི་བརྗིད་ཆེ་་

0041.jpg

ཉེར་གཅིག་
༄༅། །ཞིང་སྤྱན་དཔང་མཐོ་བ་མངའ་ཐང་ཆེ་བ་སྐུ་བྱིས་པའི་ཚུལ་མི་སྟོན་ཞིང་བགམ་པ་དགོངས་པ་ཟབ་ལ་དཀྱིལ་ཆེ་བ་བསྟན་པ་ལ་
ལྷག་པར་གུས་པ། འབྲི་ཀློག་ལ་སོགས་པ་བརྡ་ཙམ་གྱིས་མཁྱེན་ཞིང་། རིག་གནས་ལ་མཁས་པ་འཕོངས་དང་རྒྱུད་རྩལ་གྱི་རིགས་ལ་གེ་
སར་གྱི་རྒྱལ་པོ་ལྟ་བུ། ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་མངའ་འབངས་ལ་བརྩེ་བ། མ་རུངས་པ་འདུལ་འཕོད་
པ་ལྟའི་དབང་པོ་རྒྱ་བྱིན་དང་མཚུངས་པ་འདི་ཉིད། དགུང་ལོ་བཅོ་ལྔ་ལ་ཕེ་བྲང་ཆེན་པོ་བསམ་གྲུབ་རྩེའི་སེང་གེའི་ཁྲིར་ཕེབས། རྗེ་བཙུན་
དམ་པ་ཀུན་དགའསྙིང་པོས་བཀྲ་ཤིས་མངའ་གསོལ་རྟེན་འབྲེལ་མཐའ་དག་བསྒྲིག་པར་མཛད། སྐར་མ་པ་ཡབ་སྲས་རྣམས་ཀྱིས་བོད་་

0042.jpg

ཆོས་རྒྱལ་གྱི་ལུང་གནང་། ཁྲི་འདོན་མངའ་གསོལ་བསམ་གྱིས་མི་ཁྱབ་པ་མཛད། དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ལ་བཏུང་། དགའ་
སྟོན་ལོངས་སྤྱོད་བསམ་གྱི་མི་ཁྱབ་པ་མཛད་ཅིང་། སྤྱི་བོ་གནམ་བསྟན་བོད་རྩམ་ཟན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པའོ། སླར་ཧོར་སོག་གི་
དམག་སྐོར་གཅིག་བོད་དུ་ལྷགས་ཏེ་སྐྱིད་ཤོད་ལུང་པར་གནས་བཅས། ལྷ་ས་ཟིན་ཇོ་ཤཱཀ་རིན་པོ་ཆེའི་མཆོད་སྤྲིན་ལོ་གཉིས་བཅག་དུས་མ་
བདེ་བ་ལ། ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་དམག་དཔོན་རུ། བཞིའི་ལས་ཁ་བསྐོས། དཔུང་ཚོགས་ཡན་ལག་བརྒྱད་ལྡན་བཤམས་ཏེ་དབུས་
སུ་བརྫངས། ཆོས་ཀྱི་རྒྱལ་པོ་འདི་ཉིད་རང་ཀླ་ཀློ་ཚར་གཅོད་པའི་དགོངས་པ་ལ་བཞུགས་ཏེ་ཞལ་དགྲ་ཕྱོགས་སུ་བསྒྱུར་བ་ཙམ་གྱིས་སྐུ་་་

0043.jpg

ཉེར་གཉིས་
༄༅། །བསོད་མངའ་ཐང་གི་ཟིལ་མ་བཟོད་པར་བྱེར་ཏེ་རྒྱ་མཚོའི་མཐར་བྲོས། འཛམ་བུའི་གླིང་ལ་དབང་བསྒྱུར། ཡབ་རྒྱལ་པོའི་
དགོངས་པ་རྫོགས་ཐབས་སུ་རྟེན་བཞེངས། གྲུབ་མཐའ་རིས་མེད་དུ་ཚུལ་དུས་མཆོད་དུས་ཇ་སོགས་ཀྱི་ཐེབས་སུ་ས་ཆ་ཡོང་འབབ་ཁྲི་ཚོ་འབུམ་
ཚོ་སྦྱར་བར་གནང་། ཡབ་རྒྱལ་པོའི་མཛད་པའི་འཕྲོས་ཞྭ་ལུ་སྣར་ཐང་ཐར་པ་གླིང་བསམ་སྡིང་སོགས་བསྟན་པའི་ཞལ་གསོ་རྣམས་་་་
ལེགས་པར་གྲུབ་པ་མཛད། རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོ་ལ་ཟབ་གནད་ཀྱི་ཆོས་བསྐོར་རྣམས་ལེགས་པར་གསན་ནས་ཆོས་ཉིད་
ཀྱི་དོན་ཐུགས་སུ་ཆུད། རྒྱལ་བ་ཀརྨ་པ་ཡབ་སྲས་ལ་བཀའ་བརྒྱུད་ཀྱི་གསན་པ་རྒྱ་ཆེར་མཛད། སྒར་ཆེན་འཛམ་གླིང་རྒྱན་རྒྱལ་ཁབ་

0044.jpg

ཆེན་པོར་སྤྱན་དྲངས་ཏེ་ཆིབས་བསུ་སེར་འཕྲེང་སོགས་ཁྲི་འབུལ་སྟོང་འབུལ་གྱི་འབུལ་ཞབས་སོགས་བསམ་གྱིས་མི་ཁྱབ་པས་མཉེས་པར་་་་
མཛད་ཅིང་། མཆོད་ཡོན་ཐུགས་ཡིད་གཅིག་འདྲེས་གནམ་ལ་ཉི་ཟླ་གཅིག ས་ལ་མཆོད་ཡོན་རྣམ་གཉིས་སུ་གྲགས་པར་གྱུར་ཅིང་།
གཞན་ཡང་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཞལ་ངོ་རྣམས་དང་། དཔལ་སྟག་ལུང་པ་སོགས་བོད་གངས་ཅན་གྱི་སྐྱེས་ཆེན་དམ་པ་རྣམས་་་
ལའང་བཀའ་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད་ཅིང་། མཆོད་གཞིས་དགེ་རྒྱུན་ཀྱང་བརྒྱ་གྲངས་མང་པོ་འབུལ་སྦྱོར་མཛད་པ་དང་། ཁྱད་
པར་དུ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་མཛད་ཆེན་སྔར་གྲགས་པ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ཞབས་ནས་འདེགས་པ་དང་། ཆོས་་

0045.jpg

ཉེར་གསུམ་
༄༅། །བཞིན་སྐྱོང་བའི་རྒྱལ་པོའི་ལུགས་གཟུང་བའི་ཕྱིར་བན་སེར་མོ་བའི་ཕྱག་མི་བཞེས་ཤིང་། གྲུབ་མཐའ་རིས་་་
མེད་ཀྱི་བན་ཁྲི་ཚོ་མང་པོ་རྒྱལ་ཁབ་བསམ་གྲུབ་རྩེར་གདན་དྲངས་ནས་སེར་ཚོགས་ཚར་གསུམ་ལ་མང་ཇ་གདན་ནོན་གྱི་ཞབས་ཏོག་
གསེར་དངུལ་རིན་པོ་ཆེའི་རྒྱན་ཆས། གོས་དར་རྟ་ཁྲབ་ལྕགས་བུ་རམ་བལ་ཚོས་རྩོད། ཚྭ་ནས་སོགས་འདོང་དགུའི་ལོངས་སྤྱོད་
ཐམས་ཅད་སྤུང་སྟེ་འགྱེད་ཆེན་སྣང་བས་དགེ་འདུན་རེལ་ལོ་རེའི་རྒྱགས་གོས་ཀྱི་འཚོ་བར་མཛད་པ་དང་གཅིག མངའ་འབངས་
ཐམས་ཅད་ཀྱི་བདེ་སྐྱིད་དང་སྙོམས་ཆུང་ཉམས་ཐག་པ་ལ་ཕ་མ་ལྟར་བརྩེ་བའི་བོད་ཁྲིམས་བར་དུ་ལད་པ་རྣམས་གསོར་འཇུག་་

0046.jpg

ཕྱིར་བཀའ་ཁྲིམས་ཀྱི་གའུ་ལེ་ཆེན་མོ་བསྒྲིགས་པ་གནང་ནས་མངའ་འབངས་ཐམས་ཅད་ཞོ་ལ་སྤྲིས་མ་ཆགས་པ་ལྟར་ཞོད་འཇགས་ཤིང་ཉིན་
མཚན་གྱི་གཉིད་གོ་མ་ལོག་པར་ཉལ་ཆོག་པ་དང་གཉིས། མངའ་འབངས་ཁྲལ་མི་རྣམས་ལ་གསོ་ཞིང་སྐྱིད་པ་ལ་སྐྱིད་པར་ངོ་ཤེས་
པའི་ཕྱིར་རྒྱ་མཚོ་རེར་མོ་ལོ་བཞིན་རེས་སྐོར་གྱི་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་རྣམས་བཅག་པའི་དར་རྒན་གྱི་ལུང་གནང་་
སྟེ་ལོ་བསྐོར་རེར་རྒྱལ་ཁམས་ཐམས་ཅད་སྐྱིད་སྡུག་ཚར་རེ་སྙོམས་པ་གནང་བ་དང་གསུམ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་
པས་སེམས་ཅན་བདག་མེད་ཤ་རུ་ས་པགས་པའི་ཕྱིར་སྲོག་གི་ཉེན་པ་རྣམས་སྐྱོབ་པ་དང་བདེ་བར་སྡུག་པའི་ཕྱིར་ཆེ་འཕྲུལ་དུས་ཆེན་

0047.jpg

ཉེར་བཞི་
༄༅། །ནས་ཟླ་བ་བཅུའི་བར་རི་རྒྱ་ཀླུང་རྒྱ་བསྡོམ་པ་གནང་བ་དང་བཞི། རས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་ཇོ་
ཤཱཀ་ཡིད་བཞིན་ནོར་བུ་ལ་ཐག་རིང་མཐའ་ཁོབ་ནས་མཎྜལ་ན་བཟའ་ཕུལ་བ་ཕ་མ་དྲིན་ཅན་གྱི་རུས་པ་བསྐྱེལ་བ། ཐོད་པ་གཏུགས་ནས་་་
སྨོན་ལམ་རྒྱག་པ། གྲུབ་མཐའ་རིས་མེད་ཀྱི་ཆོས་ཀྱི་སྡེ་རྣམས་སུ་འབུལ་སྐྱེལ་སོགས་དགེ་རྒྱུན་གསེར་ཟམ་གྱི་བདེ་ཐབས་ཀྱི་ཕྱིར་
བྱང་རུ་རིགས་ཀྱི་ཁྲིམས་ཁ་སྡེམ་པ་མཛད་ནས་བཟང་འགྲུལ་མཐའ་འཁོབ་པ་སྤྲིན་དཀར་པོ་ལ་ཚད་བཙུགས། གངས་དཀར་པོ་ལ་
སྣེ་གཏད། ས་ནག་འདོམ་དུ་གཞལ་ནས་ཉམས་ཐག་ཅིང་ག་ཆད་པ་རྣམས་རྟ་ཆད་བྱང་ཁམས་སུ་གསོས་ཆོག་པ་དང་།

0048.jpg

མི་ཆད་ལྟོགས་འཁྱགས་ཀྱི་བརྩེས་པ་རྣམས་གྲོ་ཁ་བྱང་རུ་རིགས་ནས་གཡག་ལུག་དབུས་གཙང་གི་རྫོང་གཞིས་ནས་རྩམ་སྲན་གོས་རྒྱུའི་སྣམ་་་
ཕྲག་གནང་སྟེ་བྱམས་བརྩེའི་བཀའ་དྲིན་གྱིས་བསྐྱངས། རང་རང་འདོད་པའི་བགྱི་བ་རྣམས་བསྒྲུབ་སྟེ་རང་རང་གི་ཡུལ་དུ་བདེ་བར་ལོག་་
ཆོག་པརྒྱ་ནག་པོའི་བྱང་སྒོ་སོག་ཡུལ་ནས་དབུས་གཙང་གི་བར་རྒན་མོ་གསེར་འཁུར་ལྟ་བུའི་དུས་བདེ་བར་མཛད་པ་འདི་དང་ལྔ། གཞན་
ཡང་ཞི་རྒྱས་དབང་དྲུག་གི་མཛད་པ་སེམས་ཅན་གྱི་བདེ་ཐབས་འབའ་ཞིག་མཛད་པས་སྤྱིའི་དཔོན་གཙང་སྟོད་རྒྱལ་པོའི་མཚན་དོན་དང་མཐུན་
ཞིང་ཆོས་ཀྱི་རྒྱལ་པོར་གྱུར་པ་ནི་ཤབ་དང་ཤོབ་མི་དགེས་པར་འདི་ཀའོ། གདུང་རབ་འདི་ཉིད་རིམ་པར་བྱོན་པའི་ཕོ་བྲང་གི་ལྟེ་བ་ནི།

0049.jpg

ཉེར་ལྔ་
༄༅། །རྒྱལ་ཁབ་ཆེན་པོ་བསམ་གྲུབ་རྩེ་ཞེས་རྣམ་བར་རྒྱལ་བའི་ཁང་བཟང་དམ་པ་འདི་ཉིད་ཡིན་ལ་རི་རྒྱལ་རིན་ཆེན་སྤུང་་
པ་འདྲ་བ་ཕྱོགས་བཞི་ནས་བྲག་སེང་གེ་འདྲ་བ་དྲུག་གིས་བཏེག་པ། ཕྱིའི་སྒོ་ལྕོག་སེང་གེ་སྒོ་མོ་ལྕགས་རི་འབོས་མྱུང་རྣམས་ནི་སྲིན་
པོའི་མཁར་ལྟར་བཙན་ཞིང་བརྡམས་པ། དགྲ་བོའི་མགོ་བོ་དང་རྒྱུ་མ། མ་རུངས་པ་ཁྲིམས་ལས་བསྒྲལ་བའི་མི་གདུང་ལག་པའི་
ཕྲེང་བ་སོགས་འཇིགས་ཤིང་སྐྱི་གཡའ་བ། བར་གྱི་སྒོ་ལྕོག་རྣམ་ཐོས་སྲས་ཀྱི་ཁང་བཟང་ལྟར་འབྲུ་རིན་ཆེན་དཀོར་མཛོད་དང་།
རྡོ་ལེབ་ཟླ་བ་ལྟར་དཀར་བ་གཅལ་དུ་བཀྲམས་པའི་ར་བ་ཡངས་པ། ཕྱོགས་བཞིར་སྒོ་ཁང་དང་། བསིལ་ཁངསྐས་ཀྱི་མཛེས་

0050.jpg

པ༑ ཕོ་བྲང་གི་ལྟེ་བ་ནི་ལྷའི་ཁང་བཟང་ལྟར་མཛེས་ཤིང་ལྟ་བས་མི་ངོམས་པ་གསེར་གྱི་རྒྱ་ཕུབས་དང་བྲེ་མགྱོགས་ཟ་རམ་བརྩེགས་ཀྱི་མཛེས་
པ༑ གསེར་གྱི་རྒྱལ་མཚན་དང་གདུགས་དང་འཕན་གྱིས་བརྒྱན་པ། སྐུ་གསུང་ཐུགས་རྟེན་དེ་བཞིན་གཤེགས་པའི་འཕེལ་གདུང་་
རིན་པོ་ཆེ་ལ་སོགས་པ་ལ་མཆོད་པའི་བྱེ་བྲག རོལ་མོའི་སྒྲ་དཔག་ཚང་བར་ཁྱབ་པ་སོགས་བདེ་བ་ཙན་ནམ་མངོན་དགའི་ཞིང་ལྟ་་་
བུ༑ གསེར་ཁྲི་དངུལ་ཁྲིའི་སྟེངས་སུ་མི་དབང་ཆོས་ཀྱི་རྒྱལ་པོ་བཙུན་མོའི་ཚོགས་དང་མདུན་ན་འདོན་དང་། རྒྱལ་ཕྲན་རྟ་པ་་
དྲུང་འཁོར་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་ཏེ་བཞུགས་པ་ནི། ལྷའི་དབང་པོ་རྒྱ་བྱིནི་གྱི་ཕོ་བྲང་ལྟ་བུ། ཕྱོགས་བཞིའི་

0051.jpg

ཉེར་དྲུག་
༄༅། །བྱ་ཁ་བ་རྣམས་ཀྱི། བྱ་མ་རྟའི་ཚོགས་དང་། རྒྱ་གར་རྒྱལ་པོ་ཨརྒ་སྤ་ཆ། རྒྱ་ནག་རྒྱལ་པོས་ཐམ་གོང་མ། སོག་
པོ་གཞུང་དྲུག་སོགས་ཀྱི་གསེར་ཡིག་མི་སྣའི་ཚོགས་ཀྱི་མེ་ཏོག་ཟིལ་མངལ་ལ་བུང་བ་འདུབ་བཞིན་འཐིབས་སེ་འཁོར་ཡུག་ཏུ་འདབ།
ཕོ་བྲང་གི་ཕྱིགས་བཞིའི་ཚལ་བཞི་ནི། ཤར་རྩེ་དཀར་ཚལ་ལག་མཐིལ་ལྟར་སྙོམས་ཤིང་ཉམས་དགའ་བ། ལྷོར་བཀྲ་ཤིས་ཤིང་་
དགེ་བའི་ཚལ་ཁང་བཟང་དང་འཁྲུས་ཀྱི་རྫིང་བུ་མེ་ཏོག་སྣ་ཚོགས་སྐྱེ་བའི་ལྡུམ་རར་བྱ་སྣ་ཚོགས་སྐད་སྙན་བསྒྱུར་ཞིང་སྐྱིད་པ། ནབ་དགའ་
ཚལ་བཟའ་ཤིང་གི་རབས་ཡོངས་སུ་བསྐོར་ཞིང་དགེ་འདུན་གྱི་ཀུན་དགའ་ར་བ་སོགས་བག་ཕེབས་པ། བྱང་ཆུ་གྲོང་དང་ཇ་ཚོ་ཚལ་

0052.jpg

སྨན་ལྗོངས་འབབ་ཆུས་བརྒྱན་ཞིང་ཡིད་དུ་འོང་བས་བསྐོར་བའི་ཕོ་བྲང་འདི་ཉིད་ཀྱི་མ་ལག་ཏུ་གཏོགས་པ། ཤར་རྒྱལ་མཁར་རྩེ་སེང་གེ་
གནམ་ལ་འཆོད་བ་ལྟ་བུ། ས་རྣམས་ལྷུན་གྲུབ་རྩེ་གནམ་ལ་ཟོ་བ་བཏགས་པ་ལྟ་བུ། གཞིས་ཀ་རིན་ཆེན་སྤུངས་པ་ལྷུན་ཆགས་
པ་སོགས་ཀྱིས་ཡོངས་སུ་བསྐོར་ཞིང་། ཕྱི་ལྕགས་རིའི་ཚུལ་དུ་ཤར་མི་འགྱུར་ཞིང་དྭགས་ཀོང་གི་ཁ་གནོན་འོལ་ཁ་སྟག་རྩེ། ལྷོ་
མི་འགྱུར་ཞིང་ཀློ་མོན་གྱི་ཁ་གནོན་དོ་བོ་རྫོང་ནུབ་མི་འགྱུར་ཞིང་བལ་པོ་རྒྱ་གར་གྱི་ཁ་གནོན་རྣམ་རྒྱལ་ལྷ་རྩེ། བྱང་མི་འགྱུར་ཞིང་ཧོར་
སོག་རྒྱ་ནག་གི་ཁ་གནོན་གསང་སྔགས་བདེ་ཆེན་དང་། གཞན་ཡངས་གནད་མེ་རྩ་གནོན་པའི་རྫོང་མཁར་བཙན་མང་པོས་བསྐོར་

0053.jpg

ཉེར་བདུན་
༄༅། །བའི་དབུས་སུ། བོད་ཀྱི་རྡོ་རྗེ་གདན་ལྷས་འཕྲུལ་སྣང་གི་གཙག་ལག་ཁང་དགེ་འདུན་ཁྲི་ཁྲག་འདུ་བའི་ལྷ་
སྡེ༑ མངའ་ཁུལ་མི་སྡེ་གྲོང་ཁྱེར་གནམ་གྱི་སྐར་མ་སར་ཆགས་པ་ལྟ་བུ། དགོས་འདོད་རྒྱ་བོད་འཕྲུལ་ཟམ་གྱི་ཚོང་འདུས་་
གང་ལ་གང་འདོད་འདུ་བ། ལོ་ཆུ་རྟག་ཏུ་ལེགས་ཤིང་སྐྱ་རྒྱལ་བ། བཀྲ་ཤིས་ཕུན་སུམ་ཚོགས་པ་ནི། ཆོས་ཀྱི་རྒྱལ་་
པོ་དེ་ཉིད་ཀྱི་སྐུ་བསོད་མངོན་པར་མཐོ་བའི་སྐུ་དྲིན་ལས་བྱུང་བ་ལགས། གསུམ་པ་དེའི་བཀའ་ཁྲིམས་ཀྱི་ལུགས་དང་བཀའ་
ཆེམས་གཏམ་བརྒྱུད་སོགས་ལས། རྒྱལ་རབས་འདི་ཉིད་ཀྱི་བཀ་འཁྲིམས་གཙང་མ་འདི་ནི་ཁྲིམས་འགལ་ལ་ནན་ཏུར།

0054.jpg

ཁྲིམས་མཐུན་ལ་བྱ་དགའ་བཟློས་པའི་ཞལ་ལྕེ་རྣམས་ཀྱང་སྔོན་གྱི་ཚིག་ཚོགས་ཚིག་རོའི་རིགས་རྣམས་ཕུད་ནས་བསྙོན་ཧམ་ལ།
སྣུམ་བསྐོལ་ཏེ་དཀར་ནག་མངོན་གསུམ་དུ་ཤན་འབྱེད་པ་དང་། སྟོང་ལ་སྙིང་གནོན་སྲང་ཞོ་འབེབས་ཀྱི་ཁོག་ཏུ་སྟོང་དཀར་་་
སྟོང་ནག མི་བདག་རྒྱལ་སོགས་རྣམ་གྲངས་བསྡུས་པ་དང་། ཧོར་འདྲ་ཆད་ཤུལ་ཁོག་ཏུ་གདན་སྟོན་བཞི་ཟུར་གྱི་ཚིག་ཚོཊ་
རྣམས་བསྡུ་བར་མཛད་པའི་བཅད་ཁ་གཙང་ཞིང་། བརྗིད་ནོན་ཆེ་བའི་བཀའ་ཁྲིམས་ཀྱི་རྒྱལ་ཁམས་རྒན་མོ་གསེར་ཁུར་་་
རྫོགས་ལྡན་གྱི་དུས་ལྟ་བུ་ཀུན་གྱི་གཟིགས་པ་འདི་ལགས་ཤིང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བཀའ་ཁྲིམས་གསེར་གྱི་གཉའ་

0055.jpg

ཉེར་བརྒྱད་
༄༅། །ཤིང་ལྟར་བརྗི་བ། ཉི་ཟླ་དབྱིངས་ནས་འཆར་བ་ལྟར་ཉེ་རིང་མེད་པ། དབུས་ཀྱི་རི་བོ་མཆོག་ར་བ་ལྟར་གང་གིས་ཀྱང་
བསྐྱོད་པ་མེད་པ་བཞིན་ཚུགས་པ་རྒྱ་མཚོ་ཆེན་པོ་ཟབ་ཅིང་གཏིང་དཔག་དཀའ་བ་ལྟར་གང་གིས་ཀྱང་རྟོགས་པར་དཀའ་བ་འདི་ཉིད་ཀྱི་
དགོངས་པ་ཇི་ལྟ་བ་ལོན་པ་སུས་ཀྱང་མི་འགྱུར་བས། བདག་ཐ་མལ་པའི་བློ་ཡུལ་ལས་འདས་མོད་ཀྱང་། རྒྱལ་པའི་ལུང་གི་ཧོར་སོག་
ཁ་གནོན་གྱི་རྫོང་ཆེན་གསང་སྔགས་བདེ་ཆེན་གྱི་ལས་འཛིན་དུ་ལུང་ཕུད། མགྲིན་བཟང་གི་གཟིག་ལྤགས་གྱོན་ཏེ་སྤུ་མེད་ཀོ་གདན་གྱི་
ཚུལ་དུ་ལོ་བཅུ་གཅིག་སྡད་སྐབས་འཇིག་རྟེན་གྱི་རྣམ་བཞག་བཀའ་ཁྲིམས་ཀྱི་ཞལ་ལྕེའི་བཅོད་ལུགས་སོགས། བཀའ་ཆེམས་རྡོ་་

0056.jpg

ལོ་ཡི་གེ་བྲིས་པ་ལྟར་ནག་པོ་འགྲོ་ཤེས་སུ་གནུང་བ་ལ་དཔགས་ན། དབུས་ཀྱི་ཞལ་ལྕེ་དེ་རྣམས་རྒྱལ་བརྒྱུད་ཁུངས་ཅན་གྱི་བཀའ་ཁྲིམས་
མེད་པ་ལ་དཔགས་རང་ཤེས་རང་དྲིན་དུ་སོང་བའི་བདེན་རྫུན་མེད་པའི་ཆད་པ་ཆད་ལན་གཏོང་བ། འདེད་པ་ཧོན་འདྲའི་ཟ་མ་ལ་རྐང་
པས་གང་འཁོར་གྱི་རྩིས་རྒྱག་པ། ཁྱིས་རྨུགས་ནས་རྐྱེན་པ་དང་། གཡོག་ལ་སྡེད་ནས་ཤི་བ་ལ་མི་བདག་ཁ་ཤོད་ཅན་གྱིས་དགེ་
སྟོང་འདོད་པ། གཞན་ཡང་ལུང་པ་རེར་ཁྲིམས་ལུགས་ཀྱི་ཞལ་ལྕེ་མི་འདྲ་བ་རྣམ་གྲངས་མང་དུ་འདུག་པ་ནས། གཙང་སྟོད་་
རྒྱལ་པའི་ལུང་གིས་བོད་དབུས་གཙང་ཐམས་ཅད་ཁྱབ་ཕྱིན། ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་བཀའ་ཁྲིམས་ལ་བརྟེན་དགོས་་

0057.jpg

ཉེར་དགུ་
༄༅། །པ་བབས་ཐོབ་ཆེ་བར་འདུག་པས། ཁྲིམས་ཡིག་ཤེལ་དམ་ཆེན་མོ་སླར་ཞུ་བར་བྱས་དེ་བར་དུ་གཉེར་
ཚང་གི་བསྐུལ་བརྡ། གཉེར་གཡོག་ལུང་ཚན་གྱི་རྒན་པོ་གཙོ་བོ་རྣམས་ཀྱི་ཞལ་ལྕེའི་རྣམ་བཞག ཕུན་ཚོགས་དགེ་་་
ལེགས་མར་བྱས་པའི་ཟིན་བྲིས་ཤིག་བྱས་པ་དེའི་བསྒྲིགས་འཕྲོ་སྣེའུར་སྡེ་ཡངས་ནས་བཞུགས་སྐབས་ཕུལ་བ་འཁྱར་ཏེ་ཁྲིམས་
ཡིག་ཏུ་མིང་བཏགས། མགོ་བརྩོམས་སུ་སྙན་ངག་ཚིགས་བ་ཅད་ཡོད་པའི་ཤོག་དྲིལ་གཅིག་དང་། ཡང་བརྩོམ་གཞི་དེ་ཀ་་
ཡིན་པ་ལ་གཞིས་ཀ་སྣེའུའི་ཁྲིམས་ཡིག་ཡིན་ཁུལ་དུ་མཛད་པ་ཞིག་འདུག་པ་འདི་རྣམས་ཟིན་བྲིས་བྲིས་འཕྲེར་སོང་བས་ཞལ་

0058.jpg

ལྕེམ་མ་ཚང་ཞིང་། ལྷག་པར་གོ་བ་མ་ཐེབས་པའི་མ་དག་པ་དང་མ་ཚང་བ་ཡང་འདུག་ཅིང་། ལྷག་པར་མིང་ཁྲིམས་ཡིག་ཏུ་ཐོགས་
འདུག་པ། ཁྲིམས་ཡིག་ཅེས་པ་རྒྱལ་པོའི་བཀའ་བཅད་ནས་དམ་ཁ་འབྱར་བ་ལ་ཟེར་བ་ཡིན་པས། ཁུངས་བཅད་ན་རེག་གཅོད་
དང་རང་མཚམས་སུ་ཡང་འགྲོ་བ་འདུག་པས། སླར་ཞལ་ལྕེའི་ཟིན་བྲིས་ཀྱི་འཕྲོ་རྣམས་བསྒྲིགས་ཏེ། བཀྲ་ཤིས་བཀྲས་སྒང་ནས་ཨོ་
ལོ་འགྱུར་མེད་རྡོ་རྗེས་འཇིག་རྟེན་ཞལ་ལྕེའི་སྲོལ་ལུགས་ཚུལ་གྱི་དྲི་བ་གནང་བྱུང་བ་ལས། བཞི་པ་སྤངས་བླངས་ཆེན་པོ་ཞལ་ལྕེ་
བཅུ་དྲུག་དང་། དེའི་ལུང་རྒྱབ་ཀྱི་ཁྲིམས་ཡིག་སྙིད་པའི་ཇི་ལྟར་ལགས་ལཊ་ལོ་རྒྱུས་དང་གཏམ་རྒྱུད་ཞར་བྱུང་དུ་བྱུང་བ་ལ། སྔོན་གྱི་ཚལ་པའི་

0059.jpg

སུམ་ཅུ་
༄༅། །ཡིག་སྙིང་སྡེ་པ་མུམ་པ་ནས་ཆོས་རྗེའི་ལག་ན་འདུག་པ་ཁུངས་བཙུན་པ་ཞིག་དང་། ཕ་གཏམ་རྒྱུད་མ་མཁས་པ་ཞིག་
ཡོད་པའི་ངག་རྒྱུན་དང་། རང་གིས་ཀྱང་དབུས་གཙང་ལྷོ་མོན་ཧོར་སོག་གང་གི་སར་སླེབ་པས་དེའི་ལུགས་སོགས་ལས། ཞལ་
ལྕེའི་གཞི་མ་ཁྲིམས་ཡིག་ཡིན། དེ་ལ་ཆོས་ཁྲིམས་ངང་རྒྱལ་ཁྲིམས་རང་ཁྲིམས་གསུམ། ཆོས་ཁྲིམས་དར་གྱི་མདུད་པ་འཇམ་
ལ་དམ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བརྗིད་ནོན་ཆེ་བ། རང་ཁྲིམས་ཐེག་པ་ཁུར་བླངས་ཡོན་ཏན་དང་ལྡན་པ་དགོས་་
ཤིང་༑ ཆོས་ཁྲིམས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མི་དགེ་བ་བཅུའི་གཉེན་པོར་དགེ་བ་བཅུ་གསུངས། དེ་ལ་་

0060.jpg

བརྟེན་ནས་ཆོས་རྒྱལ་མེས་དབོན་རྣམས་ཀྱི་ཆོས་དགེ་བ་བཅུ་ལ་བརྟེན་ནས་རྒྱལ་ཁྲིམས་བཅས་ཏེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་།
འདོད་པ་ལོག་པར་གཡེམ་པ་དང་། མ་བྱིན་པར་བླངས་པར་དགོངས་ནས་སྟོང་དང་། བྱི་འཇལ་དང་། རྐུན་མཇལ་རྣམས་བཅས་
ནས༑ དག་དང་ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་བརྫུན་ལ་སོགས་པའི་ལྐོག་གྱུར་ཉེས་པ་རྣམས་ལ་ཡེ་ཤེས་པ་དཔང་
དུ་བཙུགས་ནས་མཐའ་དག་སོགས་མཛད་ཅིང་། རང་ཁྲིམས་ཐེག་པ་ཁུར་བླངས་སྔོན་རྒྱ་གར་དུ་གླང་པོ་ཆེ་དང་། རི་བོང་དང་།
བྱ་སྲེག་པ་གསུམ་གྱིས། གླང་པོ་ཆེ་སྟོབས་ཆེ་ཞིང་བཟང་བས་ཆུ་མ་ཁུར་ཏེ་བསྒྲལ། རི་བོང་གི་བློ་དང་ལྡན་པས་གྲོས་དང་བྱུས་

0061.jpg

སོ་གཅིག་
༄༅། །བརྩོམས༑ སྲེགས་པ་ནི་ཕུར་ཐུབ་པས་ཤིང་རྩེའི་འབྲས་བུ་རྣམས་བསྡུས་ཏེ་ཁོང་གསུམ་གྱི་ཟས་བྱེད་པ་ཞིག་
ལུང་པའི་ཕུན་ཡོད་པ་ལས། ལུང་པ་དེར་ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་སུ་ཕེབས། བདེ་སྐྱིད་ལྡན་པར་བྱུང་བ་ལས།
བྲམ་ཟེ་མཚན་མཁན་ཞིག་གིས་བརྟགས་པ། སེམས་ཅན་དུ་ད་འགྲོ་གསུམ་པོ་ཁྲིམས་ལ་གནས་ཤིང་མཐུན་ཤིབ་ལེགས་པ་དེའི་
ཡོན་ཏན་ལས་བྱུང་བར་གོ་ཞིང་དེང་སང་ཀྱང་ཚོང་པ་ཁེ་ཕོགས་རང་རང་རྒྱུའི་དོན་དུ་འགྲོ་བའི་དང་དཔོན་ཚོང་པ་འགྲུལ་ཟན་རྣམས་ཀྱིའང་
པ་ཚིགས་ཤོ་འགྲིམ་དགྲ་ཟོན་སོགས་རྟག་ཏུ་དེད་དཔོན་ཡོན་ཏན་ཆེ་བ་ཞིག་གི་ཁ་ལ་ཉན་ཏེ། རང་ཁྲིམས་དམ་ཚིག་ལ་གནས་ན་

0062.jpg

ཐམས་ཅད་ལམ་བདེ་ཞིང་མགོ་ཐོན་པ་གཏམ་ལོན་པ་དང་བཅས་ཏེ་རང་ཡུལ་དུ་བདེ་བར་སླེབ་པ་འདི་ཡིན་ཞིང་། དཔོན་ས་ནས་ལུང་
གིས་བསྐོས་པའི་སྣེ་མོ་ལས་འཛིན་རྣམས་ཀྱིས་ཀྱང་མི་ཆོས་སྒོར་འཇུག་པ་ལ་རང་བདེན་གཙང་མ་དགོས་ཟེར་བའི་དཔེ་ལྟར། རང་
གིས་ཀྱང་ཁྲིམས་དང་མཐུན་པ་ཁྲེལ་ཡོད་པ་ངོ་ཚ་ཤེས་པ་བག་ཡོད་པ་དང་ལྡན་ཞིང་། དཀོན་མཆོག་མ་ཁྲེལ་བ་ཞིག་གཙོ་བོར་བྱས་
ཏེ༑ དཔེན་མཉེས་ན་བོང་བུ་བསོད་ཟེར་བའི་དཔེ་ལྟར། དཔོན་གྱི་བཀའ་གནང་ལ་མངོན་པར་བསྟོང་པ་དགོངས་པ་ལེན་མཁས་
པ༑ ཅི་གསུང་དཔེན་གྱི་བྱ་བ་བསྒྲུབ་པ། དམ་པ་བཟང་བ་མི་དྲན་པ་མེད་པ། གང་དྲན་ལག་ཏུ་མི་ལེན་པ། དམ་པ་ཆེ་དགུ་

0063.jpg

སོ་གཉིས་
༄༅། །ཡ་རབས་ཀྱི་མཛད་བཟང་ལ་མིག་ལྟས་བྱེད་པ། ཟོམ་ལུས་ཧང་ཟོམ་མེད་པ། འདི་ལ་དགོངས་པ་ནས་རང་ཁྲིམས་
རྒྱལ་པོ་མེ་ལོང་གདོང་གི་ཞལ་ལྕེ་ཞེས་འབྱུང་ཞིང་། དྲན་པས་གང་གསལ་ལག་ཏུ་བླངས་ཏེ་གོང་སའམ་ཉེ་གྲོགས་ལ་མངོན་པར་ཤེས་པ་
མེད་པ་གཞིར་བཞག་སྟེ། ཁ་མཁས་ལ་གཏིང་རང་འདོད་ཆེ་བ། འགྲོ་དམིགས་ལ་ཁབ་སྙུང་ཚང་མཁས་པ་ཤིག་གིས་རྒྱས་པ་་་་
འདོན་པ། སྲོ་མའི་ཀླད་པ་ལྡག་པ། སླར་མ་གྲགས་ཀྱི་བྱ་བ་ལ་བློ་འཇུག་ཅིང་། ཟེ་ཐོན་པ་ལས་རྒྱུ་འབྲས་ལ་རྩི་བཞག་མེད་པ་དེ་
རིགས་འཕྲལ་འགྲོ་དམིགས་དུས་ཀྱི་ཡོད་ཀྱང་དཀོན་མཆོག་དབྱིངས་ནས་ཁྲེལ་བས་མཐར་མི་ཕྱིན་ཅིང་། དཔོན་པོའི་ལ་ཡོགས་་་

0064.jpg

འགོ་བ་དང་། འདི་ཕྱི་གང་རུང་ལ་རང་ཐོག་ཏུ་མྱོང་བར་འགྱུར་བས་ཁྲེལ་ཡོད་ངོ་ཚ་རྣམས་ལ་དཔལ་གྱིས་ཤེས། ཞེས་འཇིག་རྟེན་གྱི་བཀྲ་
ཤིས་ཀྱི་ཐོག་མར་ཡོང་བ། ཁྲེལ་དང་ངོ་ཚ་ཡ་རབས་ཀྱི་སྤྱོད་ཚུལ་སོགས་མི་ཆོས་བཞི་ལྡན་གཞིགས་དགོས་ཤིང་། ཚང་མའི་མི་དེ་ལུང་
པའི་གཙོ་རྒན་ཡིན་ནམ། ཚོང་པའི་དེད་དཔོན་ཡིན་ནམ། དཔོན་གྱི་ལས་འཛིན་ཡིན་རུང་གཙོ་དཔོན་དེད་དཔོན་གྱི་སྤྱི་ཚིགས་ལ་བསམ་
པ་ཆེ་བབས་རང་ཁྲིམས་ལ་བཅུག སྣེ་མོ་ལས་འཛིན་གྱི་ཁྲིམས་བཟུང་རྒྱལ་པོའི་ལུང་བཞིན་བསྐྱངས་ན། མངའ་འབངས་མི་སེར་
ཞོད་འཇགས་ཉན་མཚན་གྱི་གཉིད་གོ་ལོག་པར་ཉལ་ཆོག་པས་དཔོན་པོ་གོང་སར་དད་པ་དང་ཞེན་པས་ཨ་འཐས་ཏེ། དཔོན་གདུང་རབས་

0065.jpg

སོ་གསུམ་
༄༅། །དང་གཡོག་མི་རབས་ཟེར་བའི་གསེར་ཞོང་མར་ཁུས་ཁེངས་པ་ལྟ་བུའི་དཔོན་གཡོག་ཡོང་བ་ཡིན་པས།
རྫོང་དཔོན་རྣམས་ཀྱི་དཔོན་པོའི་ཞབས་ཏོག་གི་གཙོ་བོ་ཁྲིམས་དང་ངོ་ཚ་ལ་གཅེས་སྤྲས་སུ་འཛིན་དགོས་ཤིང་། དེང་སང་ཁ་
དཔེར་ཁྲིམས་ཁྲིམས་བདག་ལ་གཅེས་པ་དང་། ཁྲིམས་མེད་གཙོ་བོས་བྱས་ན་འབོད་པ་སུ་ལ་རྒྱག་ཟེར་བ་ལྟར། མི་བཅུ་་
ཡན་གི་གཙོ་བོ་དང་མགོ་མིས་བསམ་པ་ཆེ་དགོས། བསམ་པ་དང་ངོ་ཚ་ཤེས་པའི་གཙོ་བ་མི་ཕོ་དེས། ཁྲིམས་པའི་བཀའ་་
བར་པའི་གཟུ་སོགས་གང་ལའང་སྔོན་དུ་དྲངས་པོ་ཞིག་གིས་ཁྲ་གཟུའི་རས་རྒྱག་པ་ལ་ལྟ་ལོག་ཅན་གྱི་གཟུར་ལོག་ཅན་གྱི་མི་བཤིག་

0066.jpg

བྱ་བ་དང་། གཟུ་སྤྲང་པོས་བཏང་ཀྱང་གཟུ་བདག་རྒྱལ་པོས་གྱིས་ཟེར་བ་ལྟར། རྒྱ་ཡིག་ནམ་མཁའ་ལ་ཕྱར་ཆོག་པ་དང་། བོད་
ཡིག་ས་གཞིར་བཏིངས་ཆོག་པའི་ཆོས་བཤད་ཀྱི་རྩ་བ་དགེ་སྡིག། ཞལ་ལྕེའི་རྩ་བ་རྒྱལ་ཁྲིམས་ཟེར་བ་ལྟར། རྒྱལ་པོའི་ཁྲིམས་
ཀྱི་དགོངས་པའི་ཁྲིམས་ཡིག་ཆེན་མོ་གཞིར་བཞག ཡུལ་ཁྲིམས་ལ་དཔེ་བླངས། རང་ཁྲིམས་ཡིན་ལུགས་གའུ་ལེ་བསྒྲིགས་་་
ནས་ཞལ་ལྕེ་བཅུ་དྲུག་གང་ཞེན། ༼༡༽ དཔའ་བོ་སྟག་གི་ཞལ་ལྕེ། ། ༼༢༽ དྷརྨ་ཝའི་ཞལ་ལྕི། ༼༣༽ སྣེ་མོ་་
ལས་འཛིན་གྱི་ཞལ་ལྕེ། ༼༤༽ ཞུ་བཞེས་བདེན་བརྫུན་གྱིས་ཞལ་ལྕེ། ༼༥༽ བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ༼༦༽
༒ ཆེན་པོ་བཅུ་དྲུག་གཏན་ལ་ཕབ་སྟེ། འཇིག་རྟེན་ཞི་དྲག་གི་སྤང་བླངས་རྣམས་ཟིན་བསྡོམས་དགོས་པ་ལ། ཞལ་ལྕེ་བཅུ་དྲུག་གང་ཞེན།

0067.jpg

སོ་བཞི་
༄༅། །ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེ། ༼༧༽ དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ༼༨༽ ཧོར་འདྲ་ཟ་རྐང་གི་ཞལ་ལྕེ།
༼༩༽ བསད་པ་སྟོང་གི་ཞལ་ལྕེ། ༼༡༠༽ རྨས་པ་ཁྲག་གིས་ཞལ་ལྕེ། ༼༡༡༽ བསྙོན་ཧམ་མནའ་དག་གི་ཞལ་ལྕེ། ༼༡༢༽
བརྐུས་པ་འཇལ་གྱི་ཞལ་ལྕེ། ༼༡༣༽ ཉེ་འབྲེལ་འབྲལ་སྡུམ་གྱི་ཞལ་ལྕེ། ༼༡༤༽ བྱི་བྱས་བྱི་རིན་གྱིས་ཞལ་ལྕེ། ༼༡༥༽ ནམ་
ཕར་ཕྱེད་ཚུའ་གྱི་ཞལ་ལྕེ། ༼༡༦༽ ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་དང་བཅུ་དྲུག་ལས། དང་པོ་དཔའ་བོ་སྟག་གི་ཞལ་ལྕེ་ནི། དགྲ་
འདུལ་བ་ལ་དགོས་ཏེ། དེ་ཡང་འདུལ་བ་ལུང་དུ། རྒྱལ་རིགས་བསྟན་བཅོས་དྲངས་པ་ལས། མཁས་པ་རྣམས་ནི་གཞམ་པ་

0068.jpg

དང་༑ རབ་ཏུ་སྦྱིན་དང་བསླུ་བ་དང་། ཀུན་ཏུ་སྤྱད་དང་ལྔ་པར་ནི། དཔུང་གི་དོན་རྣམས་བསྒྲུབ་པར་བྱ། ཅེས་གསུངས་པ་ལྟར།
དགྲ་ཕ་རོལ་པོའི་འདུལ་ཐབས་ལ། ཐོག་མར་དྲག་པོ་མཐར་སྐྱེལ་ཡ་བུད་དང་མི་བསྲེ་བར། འཇིག་རྟེན་གྱི་ཁ་དཔེར། ཕྱི་པདྨ་དཀར་པོའི་རྒྱ་
མ་ཞིག ནང་ཅོ་ག་བྲོ་མོའི་ཚང་མ་འཐོར་བ་དགོས་ཟེར་བ་ལྟར་དང་། བྱ་མ་ཕུར་སྒོང་ལོན་པའི་དཔེ་ལྟར། མཁས་པ་རྣམས་ནི་གཞམ་
པའི་དོན། རྒྱལ་སྲིད་ལྟ་བུའི་སྟོབས་དང་གཡུལ་ཕན་ཚུན་མཉམ་པའི་དགྲའམ། རང་རང་སྒོ་ཚོད་ཀྱི་དགྲ་གང་ལའང་། ཐོག་མ་ནས་
དྲག་འདུལ་མི་བརྩོམ་པར། ཁྱེ་ཉན་བསྒྲག གོ་བ་བསྐོན། གསེར་ཡིག་འགྲུལ་བཙུགས་ཏེ། ལབ་ཀྱི་སྒོ་ནས་འདུལ་ཐབས་དང་།

0069.jpg

སོ་ལྔ་
༄༅། །ཞི་རྒྱས་དབང་དྲག་གང་འགྲོ་གང་ཟབ་དབྱིབས་པ་དགོས་པ་བཞིན། མི་སྣ་གསེར་ཡིག་གྲས་ཀྱང་རང་་་
གིས་དཔོན་ཁུང་གི་དོན་བསྒྲུབ་གཙོ་བོར་གཟུངས། དྲག་པོ་མཐའ་བསྐྱེལ་དུ་སོང་ན་ལེགས་ཉེས་སྤྱི་མར་ཡོད་པས་ཁྱེ་ཉེན་་
ཤེས་པར་བྱས་ལ། དྲག་པོ་དམག་གིས་འཁྲུལ་འཁོར་ལ། སྦྱོར་དངོས་རྗེས་གསུམ་གྱི་བསམ་སྦྱོར་ངན་པ་ཚང་བའི་དགེ་
སྡིག་བླང་དོར་མ་ནོར་བའི་སྒོ་ནས། ཐོག་མའི་མི་བསྣས་རྒྱུ་བརྔན་པ། འགྲིམས་འགྲུལ་གྱི་བཀའ་ལས་མ་བསམ་པ།
ཐབས་ལ་མཁས་པར་བྱ་ཞིང་བསམ་པ་ཆེ་བར་བཟུང་། ཐེག་པ་ཆེ་བར་འཁུར། གཏམ་གྱོང་བར་བྱས་ཁ་འཇམ་པོར་བྱས་་་

0070.jpg

ནས་སོ་སོའི་བློ་འཁྲིད་པའི་ཁོག་ནས་རང་དོན་ལ་འཇུག་གང་ཐུབ་བྱས་ཏེ། འཇིག་རྟེན་ཁ་དཔེར། འདྲ་བ་མཉམ་པོར་གྲུ་བཞིར་་་
བྲོས༑ ཟེར་བ་ལྟར་ཁྱེ་ཉེན་བསམ་བསིལ། བདེན་པའི་སྒྲུབ་བྱ་བཀོང་། ཕ་རོལ་གྱི་གྲོས་རར་འཚངས་ནས་འཆར་བསྟན།
དེ་མ་ཉན་ན་མི་གཏི་ཐུག་གཅིག་གིས་དོན་ལ་འཇུག་མི་ཤིས། གཡོན་ཅན་དྲང་པོར་སྨྲ་ཟེར་བའི་དཔེ་འདིར་འོང་སྟེ། ཕ་རོལ་་་
པོས་རང་གི་བྱ་བ་མ་ཤེས་ན་སྤྲ་བ་ལ་མེ་མཆེད་པ་ལྟར་གྲོས་བྱེད་དེ་དགྲ་ལ་དྲིས། བྱ་བའི་དེ་ཡོང་སྡེ་གཟར་ཕ་འཁྲུག་བུ་འཁྲུག་ཀྱང་མི་
སྣ་གསེར་ཡིག་གི་འགྲུལ་མི་གཅོད། ཁ་ངན་དང་ཚིག་ངན་མི་རྒྱབ། གསེར་ཡིག་གིས་སྔོན་འགྱུར་བསླུས་ཧམས་སྡེབས་སྟོང་

0071.jpg

སོ་དྲུག་
༄༅། །མི་བྱེད། ཕན་ཚུན་གྱིས་བདག་རྐྱེན་བཟང་བ་བྱེད། མི་སྣ་གསེར་ཡིག་ཕན་ཚུན་སུའི་ཡིན་ཀྱང་སྤྱི་མིར་ཆ་འཇོག།
བར་མི་བླ་མ་སྡེ་དཔོན་གཙོ་བོ་སུ་འདྲ་ཞིག་གིས་གསེར་ཡིག་ཡིན་ཀྱང་སྐྱིལ་མ་ཐུབ་དགོས་སོ། ༈ གཉིས་པ་རབ་ཏུ་སྦྱིན་དང་ཞེས་པའི་
དོན་ནི། དགྲ་ལ་ནོར་རྫས་ཟང་ཟིང་གི་དངོས་སྦྱིན་ཏེ། གཏན་གྱི་དོན་ལེགས་པ་དང་། དགྲ་དཔུང་ཚོགས་ཆེ་བ་ཡོད་ན། དགྲ་གཉིས་
བྱུང་ན་དགྲ་གཅིག་དབང་དུ་ལོང་ཟེར་བའི་དཔེ་ལྟར། དགྲའི་དཔུང་ཚོགས་ནས་ནང་ཚན་ཁ་བྲལ་ཏེ་ས་ཁང་ཡུལ་མཁར་སོགས་བྱིན་་་
ཏེ༑ དགྲ་བོ་ནུས་པ་ཇི་ཆུང་ལ་གཏོང་བའི་ཐབས་དང་། བསླུ་བ་དང་ཞེས་པ། མནའ་བཟའ་བ་དང་། ཉེ་འབྲེལ་བ་དང་།

0072.jpg

གྲོགས་པོ་བྱས་ནས་བསླུ་བྲ་མ་ཡིན་ཏེ། ཐབས་མཁས་ཀྱི་སྒོ་ནས་ཁ་དྲངས་མགོ་བསྐར་བའམ། ལབ་ཀྱི་སྒོ་བློ་ཁྲིད་དེ་
བརྩོན་དུ་འཇུག་པ། ཡོད་མེད་ག་ལོག་གི་དགྲ་ཐབས་ཀྱི་བསྐུ་བ་འཇུག་པ་དང་འབེབས་སྤྲོད་པ། དཔུང་ངོ་བརྫུས་རྟ་་་་་
བརྫུས་བྱ་ལོག་གདམ་ལོག མཚན་མོ་དགྲ་ཕྱོགས་ཀྱི་ཐག་ཉི་མ་རིངས་ལ་ངོ་མ་ཕག་རུ་མི་ཁ་མང་པོ་སྦར་ཏེ་བསྡབས་སྤྲད་་
ནས་བསླུ་བ་ཡིན། དཔའ་བོ་དགྲ་ཐབས་ལ་མཁས་པ་ཞེས། རང་ཟོང་ཟད་དུ་མ་སོང་བའི་ཐབས་མཁས་ཀྱིས་བསླུ་ཞིང་་
མནའ་ཟོས་དུག་སྦྱོར་གྱིས་བསླུས་ནས། ཁྲེལ་མེད་ངོ་ཚ་མེད་པའི་གསོན་པོ་ལས། བག་ཡོང་ཚུལ་དང་ལྡན་པའི་ཤི་བ་་་་་

0073.jpg

སོ་བདུན་
༄༅། །མཆོག༑ ཟེར་བ་ལྟར་ཕོ་རབ་ཀྱི་རྒོད་པ་འདི་ཡིན་ལགས། ཀུན་ཏུ་དཔྱད་དང་ཅེས་པ་ནི། བརྟགས་་
དཔྱད་ལེགས་པར་བྱས། གཞན་ཕྱོགས་གཉེན་པོའི་ཐབས་གང་འགྲོ་བརྩམས་པ་དང་། ས་ཆ་ལུང་པའི་གནས་དབྱིཔས་རྫོང་
ལྟ་བུའི་བཙན་དམིགས་ལ་བརྟགས་དཔྱད་བྱས་ནས། དམག་དཔུང་གི་འཁྱེར་འཁྲིད་དང་། འཚངས་ཁའི་གནས་ཡུལ་དང་།
རང་ཕྱོགས་ཀྱི་བཙན་དམིགས། གཞན་ཕྱོགས་ཕ་རོལ་པོ་གང་ཡོང་ལ་བརྟགས་དཔྱད། རང་ཟོན་སྐྱོར་ནས་དགྲ་དང་འཐབ་ཟེར་
བའི་དཔེ་ལྟར། ཁྱེ་ཉེན་གྱི་བརྟགས་དཔྱད་ལེགས་པར་བྱེད་དགོས་ཤིང་། དཔུང་གི་དོན་རྣམས་སྒྲུབ་པར་བྱེད་ཅེས་པ་ནི།

0074.jpg

གོང་གི་ཐབས་རྣམས་ཀྱི་མ་ཐུལ་ན། དཔུང་དང་དམིགས་ཡུལ་བཤམས་ཏེ་དགྲ་ཕ་རོལ་བ་འདུལ་དགོས་ཏེ། དེ་ལ་རང་ཕྱོགས་ཐམས་ཅད་
བསམ་པ་གཅིག་ཏུ་འཛོམས་དགོས་པའི་ཁ་དཔེར། གསེར་བཅག་དངུལ་དཀྲུམས་ར་གན་ལྷད་ཕུད་ཟེར་བ་བཞིན། རང་ཕྱོགས་་
སུ་འགྲིལ་བའི་སྲིད་པོ་རྣམས་སྐྱིད་ཆང་གཅིག་དང་སྡུག་བསྐོར་གཅིག་གཞུ་ཕྱོགས་གཅིག་ཏུ་བརྡུང་། སྐྲ་གཅིག་ནས་བསྡུས་ན་མགོ་་
བོ་ཡོངས་ཚ་ཟེར་བ་ལྟར། འོག་གཞོལ་ཕྱི་ནུར་མི་བྱེད་པ་སོགས་བསྐོར་སྦྱངས་ལེགས་པར་བྱས། བློ་མི་ཁེལ་བ་རྣམས་ཐབས་
མཁས་ཀྱིས་རང་སྲིད་མ་ལོག་ཙམ་གྱི་སྒོ་ནས་སྤངས་ན་ནུས་འཆི་ནུས་ཀྱི་ནུས་པའི་བསམ་པ་གཅིག་ཏུ་བྱུང་བ་རྣམས་བློ་སྟོབས་ཀྱིས་

0075.jpg

སོ་བརྒྱད་
༄༅། །ས་གསུམ་འདེགས་ཞུས་པ། ད་རྒྱལ་གྱི་ཕ་ལའང་བརྡོག་ནུས་པ། ཁྱེ་ཉེན་བལ་འདབ་རྡོ་གནོན་རྩི་ཤེས་་
པ༑ འགྲོ་འཚམས་ལ་མཁས་པ། ཡིད་མི་ལྷོད་ཅིང་བློ་མི་འགེལ་བ་ཚེར་ཕུང་སྟེང་དུ་ཉལ་བ་ལྟ་བུ། གཞན་གྱི་བློ་འདྲི་འདྲུ་ལ་
མཁས་ཤིང་གང་ཟེར་ལ་མི་གཏོང་བ། ཚང་འདྲུ་འཇབ་ཤེས་པ་སོགས་ཡོན་ཏན་དེ་རྣམས་དང་ལྡན་པའི་དཔའ་བོ་རྣམས་ཀྱིས་གཡུལ་
བཤམས་དེ་དྲག་ཤུལ་དང་གདུག་རྩུ་བ་བཙན་ཆས་པ་ལྟར་དགོས་ཤིང་། བུ་དམག་ལ་ཆས་གདོང་ཕ་མ་སྡོད་བྱ་བ་དེ་འདི་ཡིན།
འོན་ཀྱང་མི་ཕྱེད་སྲིན་པོར་སོང་ཀྱང་གཞོགས་ཕྱེད་ཁྱིམས་ལ་བརྟེན་ཟེར་བའི་དཔེ་དེ་འདིར་འཇུག་པ་ཡིན་པས། ཁྲམིས་ལ་བརྟེན་པ་་

0076.jpg

ཞིག་མ་བྱུང་ན། ནང་འཐབ་ནང་འཁྲུག་ནང་རྐུན་སོགས་གྲ་མ་འགྲིག་གིས་རྒྱུར་འགྲོ་བས། ཐོག་མར་རྒྱལ་པོ་དང་་་་དཔོན་པོའི་ལུང་
དང་༑ ཡུལ་མི་གཙོ་དཔོན་གྲོས་དཔོན་སོགས་ཀྱི་དམག་དཔོན་མྱོང་བ་ཆེ་ཞིང་ཚན་ཆེ་བ། རང་འདོད་ཆུང་བ་སྤྱི་ཚིགས་ཆེ་བ་ཞིག་
བསྐོས༑ དེས་ཀྱང་དམག་ལས་དཔའ་བརྡར་འཛངས་གསུམ་ཚང་བ་ལས་མ་འཇུག་པ་གཉིས་བསྐོས། དམག་དཔུང་རྣམས་ལ་
གཡས་རུ་གཡོན་རུ་སྣུབ་རུ་གསུམ་དུ་བྱས། དེ་ལའང་དཔོན་རེ་དང་བརྒྱ་དཔོན་བཅུ་དཔོན་བསྐོས། དཔོན་གྱིས་ལྟོ་གོས་ཀྱིས་
བསྐྱངས་པའི་དད་ཞེན་ཆེ་ཞིང་དང་འདོད་པའི་དཔའ་བོ་སྐྱེམ་སྡུས། སྐུ་ལ་བཅར་བའི་གཟིམས་ཆུང་བ། ཡུལ་དམག་ལྟ་བུ་ཡིན་

0077.jpg

སོ་དགུ་
༄༅། །ན་དཔའ་ཚན་ཅན་དེ་རྣམས་ལའང་ལྡིངས་ལོངས་སུ་བཅོས་ནས་ལྡིང་དཔོན་མགོ་བཅུན་པ་ལ་མཁས་པ་རེ་་་་
བསྐོས་ནས། ཐོག་མར་མགོ་མིར་གཏོགས་པ་རྣམས་དམག་དཔོན་གྱིས་བསགས་ནས། ཕ་རོལ་གྱི་དགྲ་ཆེ་གེ་མེས། རྒྱལ་
པོའི་ཡུལ་ཡིན་ན་ཆོས་ཀྱི་རྒྱལ་པོའི་མཚན་དོན་ལ་དགྲ་རྒོལ་ལུགས། འདི་རིངས་ན་མངའ་འབངས་མི་བདེབས་སྔེ་གཟར་ཞེས་
པའི་མིང་དང་མཐུན་པའི་དུས་མི་བདེ་ལུགས། ཡུལ་དམག་ཡིན་ན་ཡུལ་གྱི་སྤྱི་ཚིགས་ལ་གནོད་ཅིང་མ་ཐུས་པ་འདི་ཞེས་བྱ་བ་་་
བྱུང་ཟེར་བའི་བདེན་པ་བདར། ཁྱེ་ཉེན་ལེགས་པར་བཤད། དགྲ་ལ་མཚན་རྩེ་གཉེན་ལ་སྐྱོར་ཁ་གཅིག་ཟེར་བའི་ལུང་དོན་

0078.jpg

ལྟར༑ དགྲ་ལ་ནུས་འདོན། རང་ཕྱོགས་ཞོད་འཇགས་དགོས་པ་སོགས་སྤངས་བླངས་གན་རྒྱར་བཀོད། དོན་འགག་ཐེལ་ཁུང་་་
གིས་བསྡམས། གན་རྒྱའི་འགལ་ཐོའམ་དོན་ཉན་སྒྲུབ་བྱེད་པ་ལས་མི་འདའ་བའི་འདུས་པ་ལྟརུ་ཁ་དཔེར། དཔེ་རྒྱ་ཤོག་དཀར་་་
ཆུང་ལ་དོན་སྣག་ཚའི་རི་མོ་འགག་ཐེལ་ཚེ་ཁྲ་མོ་ཟེར་བ་ལྟར། དོན་ཉན་ལེན་སྤངས་བླངས་གི་དོན་རྩའི་འགག་ལ་སོ་སོ་ནན་ཏན་་
དགོས་པའི་ཕྱརི་དང་། མི་འགྱུར་བའི་ཕྱིར་མིང་བྲིས་རྟགས་བཞག དོན་སེམས་ལ་བཟུངས་ནས་རང་རང་གི་སྲོག་འཚོ་བའི་རྟ་
ཕོ༑ མགོ་ཕིགས་ཀྱི་གུར། སྲོག་ཁེ་བ་ཀྱི་ཁྲབ། འཆོར་སྐྱོང་གི་ལུས་ཆས་རྣམས་ལ་ཁྲལ་འཇམ་དུ་མ་སོང་བ་དང་དོད་ཆེ་

0079.jpg

བཞི་ཅུ་
༄༅། །བར་བྱེད། ལྟང་སྟོན་གྱི་ཡུལ་མའི་ཁྲོམ་ཚོགས་སར་འཆོར་སྐྱོང་བྱེད་ཟེར་བ་ལྟར་མི་འདྲ། རྒྱལ་ཁམས་ཀྱི་མི་
ང་ཡིན་པ་ཀུན་འདོར་ཚོགས་པ་ཡིན། རང་ལ་དཔགས་པའི་ཟལ་ཐོན་པ་བྱེད་དགོས་སོ། དམག་འདི་ལ་མེད་དུ་མི་རུང་བའི་མི་བཞི་
དགོས་ཏེ། ནུབ་གསོ་བའི་སྨན་པ། ལེགས་ཉེས་སྟོན་པའི་མོ་མ། དགྲ་ཕྱོགས་རྩི་བའི་གཡུལ་རྒྱལ། དགྲ་ལྷ་གསོལ་བའི་
ཐུགས་དཀར་དང་བཞིའོ། དང་པོ་གཡུལ་རྒྱལ་གྱི་གཟའ་སྐར་དང་། སྒྲ་གཅན་གྱི་འགྲོས་དང་ཕྱོགས་རྩིས། ལྟོ་བསྒྱུར་གཟའ་་
གསོལ་ཏེ། དཔའ་བོ་སྟག་ལྟར་ཆས་པའི་ཁྲིམས་ཀྱི་ཐོམ། དམག་ལས་ཀྱི་སྒར་ཐོ་རྒྱབ༏ དེ་ལས་མ་འགལ་བར་སྒོར་ཕབ།

0080.jpg

དགྲ་ཕྱོགས་སྒར་སྒོ་དང་མཚོན་རྩི་གཏད། རང་ཡུལ་ལ་དཀོན་མཆོག་རྟེན་དང་སྔས་བསྟན། རྟག་ཏུ་བཏེག་པ་ནས་བཟུངས་སྒྲིགས་
མ་འཆུགས་པར་བྱ། རྟག་དུང་གསུམ་པ་ལ་དཀྱིལ་སྒར་ནས་དོ་དམ་པ་རྣམས་འཛོམ་ཚར་བ་བྱས་ནས། དམག་ལས་ཀྱིས་འདེགས་འདེཊ་
འགྲིམས་ཚུགས་མལ་ཤོ་རིམ་གཟན་ལེན་ཤོ་རྒྱག་སོགས་དགྲ་ཕྱྭ་གྲོགས་ཕྱྭའི་སྒར་སྐད་སླབ་སྟོན་མཐིལ་ཕྱིན་པ་བྱེད་དགོས། འགྲིམ་
དུས་འདེགས་དུང་གསུམ་གྱི་དང་པོ་ལ་མེ་ཁ་གསོ་བ། གཉིས་པ་ལ་གུར་བསྡུད་པ། གསུམ་པ་ལ་གཡས་རུ་ནས་རིམས་བཞིན་་
གཤེགས་པའི་དགྲ་ཟོན་ལམ་འཕྲང་ལ་དཔགས་པའི་འགྲིམ་ལུགས་ཤོ་རིམ་བྱས་ཏེ་ཆུང་ཁལ་ཆེ་ཁལ་གྱི་མི་བརྗི། ནད་པ་ལ་སྦུད་མི་

0081.jpg

ཞེ་གཅིག་
༄༅། །རྒྱག༑ ཀོ་གྲུ་སྔ་བཙན་དུ་འཛིན། ལམ་ལ་ཆས་ཁ་སྒྱུར་བ་བརྩད་ཆོད་ནབརྔན་པ་མི་དགོས། སྤོད་བློ་ཤུག་
བློ་བྱས་ན་འདབ་འཇལ། གོང་རོག་བྱས་པ་ལོ་ངོ་བོ་བརྒྱད་འཇལ། ཉིན་རྐུན་ལ་སྐྱེད་འཁྲིད་ཚབ་གསུམ་དང་ཆད་པ། མཚན་
རྐུན་ལ་ངོ་སྤྲོད་མ་གཏོགས་འཇལ་མི་དགོས། རྐུན་མ་ཟིན་ན་ལག་པ་རྒྱབ་བསྐྱིགས་མ་གཏོགས། བརྡུང་རྫོགས་མི་བྱེད།
ཁྲམིས་རར་མི་འཇུག སྒར་མཚན་མོ་གསང་བའི་དགོས་པ་ཡོད་པ་ཡིན་ནོ། དགྲ་དང་ནོར་ནས་བསད་པ། མདའ་་་་
འཁྱམས་རྡོ་འཁྱམས་ཀྱིས་བསང་པ་སོགས་ལ་དགེ་བ། ནང་འཐབ་མི་དཔུང་དགྲ་སྡེབས་གོ་གྱོན་མཚོན་ཐོགས་ཀྱི་བསད་པ་

0082.jpg

ལ་ཆད་པ་འདབ་འཕར་དང་སྙིང་གནོན་འདབ་འཇལ། རྨས་འཇལ་ཡང་དེ་འགྲོས། བྱུར་ཆགས་ཐུག་པ་དཔེ་འདྲ། ལོང་ཅན་རྭ་
ཅན་གྱིས་བསད་པ་ལ་རུ་དམར། ཡུལ་བསྲུངས་དར་ལྕོག་བཅོམ་པ། རང་ཕྱོགས་བཅོམ་པ་སོགས་ལ་མའི་རྟ་ཁྲབ་དཀྱིལ་སྒར་
དུ་བཞེས་པ། ཤེར་ངོ་ཡོད་ངོ་མ་ངོ་མེད་བསྐྱིན་འཚབ་སྤྲོད་ལེན་མི་སྣ་ལ་བཅུ་ཁ། ཇག་པ་ཁྲབ་ཤུལ་ཟར་ཁྲབ་གང་ཡོང་ལ་རྒྱུ་ནོར་
གྱི་བཅུ་ཟུར་ལེན། ཐོབ་ཤོར་ཁ་གྲངས་མ་འཆམ་ན། མནའ་གཡག་རུ་ཁུགས་ཞེས། ཤོ་རྒྱབ་པའི་ཐོབ་པོས་ཁ་གྲངས་ལ་་་
སྐྱེལ་ཤོར་པོས་སྐྱེན་ཚབ་ལ་སྐྱེལ། དགྲ་གཉེན་ཆ་ཕྱེད་ལ་བགོ་ཁོང་གང་བྱུང་ཇག་པ་མནའ་སྐྱེལ་དང་སྤྲོད་གསུམ་སྤྲོད་ཟེར། སེམས་སེསཾ་

0083.jpg

ཞེ་གཉིས་
༄༅། །ཅན་ཆེ་ཆུང་ཅི་ཤོར་ཀྱང་ཁ་ཚང་གི་ཆོ་ཕྱེད་གཅིག དབྱར་གཉིས་ཀྱི་ཆ་གཅིག བེའུ་ལུག་གི་ཆ་གཅིག་སྤྲོད་པ།
དཔེ་གཡང་མོ་སྦབ་ལ་གཤོར་ཀྱང་ལྷུ་དྲུག་ལྤགས་ཁུད་མི་ཚང་བ་ཟེར་བ་ཡོང་ཞིང་། དམག་རོང་རིགས་ལ་འགྲིམས་ན་ཁྱེ་བཀྱེ། རི་
དྭགས་པ་ཉིན་གཅིག་ཙམ་གྱི་སྔོན་ན་བཏང་བས་ས་འཁྲུ། རྒན་མི་ཉམས་ཆེ་བས་རྫབས་བལྟོས། དང་པོར་དགྲ་འཚོལ།
དེ་ནས་ཤ་བལྟོས། རྒྱ་རུ་དང་ཚོམ་ཁྱི་སྤྱོད། གཞོན་པས་དང་པོར་ས་འཁྲུས། དེ་ནས་ཁྱི་བཀྱེ། དགྲ་འདུག་ལ་ཤ་
བཞོག་ལ་ལན་ཐོང་པ་འཇམ་ན་ཤ་འཚོལ། བཞོན་ལས་ཀྱིས་དབུག་མོང་། རྒྱ་ཁྱི་འཛོམ་པ་ལ་གླ་རྩི། ཁྱི་ལ་མགོ་མཇིང་།

0084.jpg

རྒྱ་ལ་ལྤང་པ། ཤ་མོངས་པ་ན་ཤ་འགྱེད་དུ་ཆེ་ཐོབ་ཆུང་ཐོབ་བགོ་དགོས། བྱང་ཐང་ཡངས་པ་དང་། དགྲ་ཁ་པོ་ཐུག་པར་རྟ་པོ་གཏོང་
དགོས་ཏེ། དེ་ཡང་ས་ངོ་མ་ཕག་གི་རྩིབ་བཅོད། མཚ་ན་སྔ་རུ་ལ་ལྡན་པ་ཕབ། ཉིན་ཕྱི་རུ་ལ་ཧོར་སྟོགས་བགྱིས་ཟེར། མཚན་
ལས་ཉན། ཉིན་ལ་མིག་བསྒྲུངས་ཏེ། དགྲའི་འགྲུལ་འགྲུལ་བྱེད་པ་དང་། རི་དྭགས་རྒྱུགས་པ་མ་འཁྲུལ་བ་དགོས་ཤིང་།
དགྲ་འགྲིམས་པའི་རྟའི་ཚིག་རྡུལ་ནི། གཅིག་ཏུ་འཕྱུར་སེ་གནམ་དུ་སྐྱ་འཕྱུར་འགྲོ་ཞིང་། རི་དྭགས་ཀྱིས་རྒྱུགས་པའི་རྡུལ་ནི་་་
འཐོར་ཞིང་སྐབས་རེ་སྐབས་རེར་སྐྱ་འཕྱུར་པར་ཡལ་ཚུར་ཡལ་བྱེད་པ་གཞན་ལས་བྱིངས་ཆུང་བ་ཞིག་ཡོང་། དངོས་སུ་མཐོང་བ་ནི་

0085.jpg

ཞེ་གསུམ་
༄༅། །རི་དྭགས་རྐྱང་འགྲིམ་པ་ནི་སྐྱ་ལྷེབ་ལྷེབ་པ། འབྲོང་འགྲིམ་པ་ན་ནག་ཉིལ་བ་ཡོང་། དགྲའི་རྟ་པ་བྱང་རིགས་ཧོར་སོགས་ཡིན་
ན་ཐུམ་སེ་འགྲིམ་པ་དང་། བོད་རྟ་པ་ཡིན་ན་ཤར་སེ་འགྲིམ་པ་དང་། ཁལ་མ་ཡིན་ན་མྱུར་འགྲོས་སུ་ཡོང་བ། རྐང་དམག་ཡིན་ན་ཆབ་
སེ་འགྲིམས་ཡོང་བས་དེ་རྣམས་བརྟགས་ཤིང་། དགྲ་བྱ་ལོག་གི་མེ་རྫུས་དང་། ཡངས་ཕབ་སའི་མེ་ཁ་མ་ནོར་བག་དགོས་ཏེ། མེ་
རྗུ་ས་ལ་ནི་གཞན་ལས་བཀྲག་ཆེ་བ་གཅིག་གཉིས་ནས་འདྲེན་ཐུབ་པ། ས་ཡུལ་དེ་གཞན་ལས་མཐངས་དཀར་ཞིང་སྐྱ་ཆམ་པ་གཅིག་་་་
ཡོང་། སྒར་མེ་ངོ་བོ་ནི་ས་ཡུལ་གཞན་ལས་བྱིང་མེ་རབ་རིབ་མང་བ། མེ་དམར་ནག་ཙེག་ཙེག་ཡོང་བ་ཞིག་འདུག་ན་ཡིན་ཏེ་མ་འཁྲུལ་

0086.jpg

བར་བརྟག་དགོས་སོ། རི་འཛིན་གྱི་དར་འཕྱོར་སོས་པས་སོ་སྒྲིམ་ཞིང་དེ་ནས་དགྲ་དང་གཡུལ་འཐབ་པའི་དུས་སུ། རུ་གསུམ་ལ་
ཐག་གསུམ་རྔ་བརྡཱ་གསུམ་ཐམས་ཅད་དུང་ཆེན་དང་རྐང་གླིང་གནམ་ས་འབིར་བ་ལྟ་བུ། གཡས་ཀྱི་གདོང་དུ་མེ་མདའ། གཡོན་
གྱི་གདོང་དུ་མངའ་པ། བར་བར་དུ་མདུང་དང་མདུང་ཐུང་རྟ་གྲི་ཐོགས་པ། ཞོལ་བཏགས་ལྕགས་སྦྲེལ་ཁྱེར་བ། དེའི་རྒྱབ་ཏུ་རྟ་་་
རྐང་བསྲེས་པས་དམག་ཚོགས་བཙན་ཆས་པ་ལྟ་བུ། དེའི་རྒྱབ་ཏུ་རྒྱབ་དམག་དཔུང་གི་ཚོགས་བྱ་སྤུ་གནོན་དུ་ཡོད་པ། ཟུར་དམག་
གཡས་གཡོན་རྟ་པག་ཐ་པའི་རིགས། རྟ་སྒྲོམས་སུ་སྤུངས་ནས་ཐུམ་གྲིལ་སེ་འཕྱོ་བ། རུ་མཁྱེར་འཁྲིད་བརྟའ་རོལ་ལ་ལྟས་ནས་

0087.jpg

ཞེ་བཞི་
༄༅།  །འགྲིམ་ན་ཆིམ་སེ་འགྲིམ། སྡོ་དན་ཐུམ་སེ་སྡོད་པས་དཔུང་སེ། བྱང་རྟ་དམག་གི་དགྲ་ལ་དཔུང་་
བ་དང་། ལྷོ་མོན་གྱི་དགྲ་ལ་ཕྱུགས་པ་དང་། བོད་རྟ་རྐང་གི་དགྲ་ལ་བསྒྲིགས་ནས་དམག་དཔོན་གྱི་བྱས་ཁ་ལ་རྣ་བ་་་
གཅིག་ཏུ་གཏུང་ནས་ཉན་ཏེ། དགྲ་ལ་འཁྱུང་བའི་ས་སྐལ་ན་བཞག་ན་གཡག་ཆད་གང་ལ་འཆོང་བ་དང་འདྲ། རང་
ལ་འཁྱུང་བའི་ས་ཆ་མ་རྩལ་ན། བྲོག་པོ་མགོ་སྡུམ་དུ་ཆུག་པ་དང་འདྲ་ཟེར་བ་ཡིན་པས། འདས་མ་འོང་ལེགས་པར་་་་
བརྩིས༑ ཐུག་གསུམ་གྱི་འཕྱར་སྟབས་ལ་བལྟས་ནས་འཛིངས་པས། གཡུལ་ལས་རྣམ་པར་རྒྱལ་ཏེ། དཔའ་བོ་་་

0088.jpg

སྟག་གི་མིང་བཟང་པོ་ཐོབ་སྟེང༔ དེ་ཉིན་དམག་གི་གཡུལ་གང་སླེབས་ཀྱིས་ཆ་ཡུལ་འཁོར་རྟ་རྨིག་ཁྲག་གཤམ་ཟེར། དམག་་
བྱུས་ཀྱི་རུ་སེ་འཇོག་ཁའི་སྐབས་ལ་ཡང་བརྗོད་མེད་དཔའ་ཚན་ལ་ཆོད་འགྲོ་བ་ཡིན་ནོ། ༈ གཉིས་པ་དྷརྨ་ཝའི་ཞལ་ལྕེ་ནི༔
ཁུམ་པའི་ཐ་སྙད་དུ་བྱས་ཏེ། དཔའ་བོས་རྫོང་མཁར་ལ་བསྐོར་ན། ཁ་འདོན་དང་འབུར་ཉུག་མང་པོ་མི་བྱེད། གཞི་འཁྲེགས་འཁྲེཊ་
པར་བཟུངས། མངའ་རྡོའི་རྒྱབ་ལག་ཆ་དགོས་མེད་ལ་མི་རྒྱག བཙན་དམིགས་དང་ཆུ་སྤེ་ལ་གཟབ། ཕྱི་ནང་འདྲེས་སུ་མི་་
འཇུག༑ ཇོ་མི་བཟང་བར་འཚངས་ས་ལ་རྒྱག་མི་བསྒུལ། གཡུལ་དུས་འཕམ་ན་སྐུ་ཆེ་ཆུང་ལ་མ་ལྟོས་པའི་ཁྲབ་རྨོག་དཔའ་་

0089.jpg

ཞེ་ལྔ་
༄༅། །བོ་ལ་གཏོང་། དེ་བབས་ཐོང་ན་བསད་པའི་དཔེ་མེད། གལ་སྲིད་བསད་པ་བྱུང་ན་དྷརྨ་མཚོན་ཐོག་ཏུ་དཔའ་ཟེར་་་
བའི་ཁ་བཤགས་མི་ཐུབ། དམག་དཔོན་དང་དམག་དཔོན་ཐུག་ནས་དྷརྨས་སྲོག་བབས་བཏང་ན་ལག་པ་དར་མདུད་ཀྱི་བཀྱིགས། རྟ་་
རང་རྟ་ལ་བསྐྱོན་ནས་རང་དང་ཡུལ་གཉན་ལ་དཔགས་པའི་སྟོང་གསོ་གཡོགས་ཏེ་ཚུལ་མ་དོར་བར་འཁྲིད། ཕལ་དྲན་སྤྲ་ལག་ཅན་་
ལ་ལག་པ་རྒྱབ་ཏུ་འཁྱིག སྐུ་བསྙིལ་དོར་འཇོལ་བྱས་ལ་འཁྲིད་པ་དང་། མགོ་མི་ཡིན་ན་རྟང་ནལ་སྒ་ཚག་མཇུག་ཕབ་སྟེ་བྲིས་་
ཡོབ་བྲིས་ཐུར་བྱས་ཏེ་འཁྲིད་པའི་སྲོལ་འདུག་རྫོང་མཁར་ནས་ཕབ་ན་དམར་འབེབས་ལ་གོང་དང་འདྲ་ཞིང་། ལབ་ཁོག་ནས་ཕབ་པ་

0090.jpg

ན༑ དམག་དཔོན་དམག་ལས་ལ་བབས་རྟེན་རྒྱུ་ནོར་སྟེར་དགོས་ཤིང་། བབས་གཏད་ནས་ཁ་ངན་ཚིག་ངན་མི་གཏོང་། གདན་བཟོས་
བདག་རྐྱེན་སྔར་བབས་ལས་ལོད་པ་མི་བྱེད། སྐུ་ཆེ་བ་ཡིན་ཀྱང་འདི་སྐབས་སུ་ཆིབས་སུ་སྐྱེལ་མི་དགོས། ལབ་རིང་བུག་ཏེ་ལ་་་
ཆས་ཟུར་གསོས་ལྷ་མགུ་མི་མགུ་གཏང་ངོ་། འགྲོ་རྫོངས་གཟབ་བརྩོན་ཡིན་ཀྱང་ལབ་དན་ལ་འཁྱོན་ནས་གཏོང་བ་ལ་བརྩོན་རྫོངས་དྲག་
ཞན་ལ་དཔགས་པ་སྟེར། ཕྱིན་ཆད་ཀྱི་སྡོམ་ལ་ཀོ་དམར་མདུང་ཚོམས་ཁྲག་གཞོངས་སོགས་སུ་རྩི་ཁ་དམ་པར་ལེན་ཅིང་། མི་རབས་མ་
སོང་གི་བར་ཕམ་སློག་བློ་ངན་གྲོས་ངན་མི་བྱེད་པའོ། ༈ གསུམ་པ་རྒྱལ་པོ་མེ་ལོང་གདོང་གི་ཞལ་ལྕེའི་སྣེ་མེ་ལས་འཛིན་གྱི་ཞལ་

0091.jpg

ཞེ་དྲུག་
༄༅། །ལྕེ་ནི། རྒྱལ་པོའི་ལུང་གྱིས་སྣེ་མོར་བསྐོས་པ་རྣམས་ཀྱིས་རང་འདོང་ཁོ་ནའི་སྐྱོན་སྤངས་གཞུང་དོན་གཙོ་བོར་་་
བྱས་ཏེ། སྡེ་སྲིད་ཀྱི་སྐུ་རིམས་དང་། ཆོས་རྒྱལ་གྱི་རྣམ་ཐར་འཕྲིན་ལས་སྒྲུབ་པ་ལ་དམིགས་པའི་སངས་རྒྱས་ཀྱི་་་་
བསྟན་པའི་ཞབས་ཏོག་གཙོ་བོར་བྱས་ཏེ། ཆོས་ཕྱོགས་ཀྱི་ཞྭ་རིགས་དང་གྲུབ་མཐའ་མི་བསྒྱུར། དུས་ཆེན་གྱི་ཟླ་བ་་
ལྔ་ལ་རི་ཀླུངས་ཀྱི་རྒྱ་སྡོམས། གཉེར་ཚང་ལ་དཀར་སྡོར་བྱེད། སྐུ་གསུང་ཐུགས་རྟེན་ཞིག་གསོ། ལམ་འཕྲེང་་་
འཆོས་པ་སོག་བཟློག་ལ་དམིགས་པའི་སྤྲེའུ་ཟླ་སྤྲེ་ཚེས་ལ། ཡུལ་ཚན་སོ་སོར་སྐྲ་ཐོགས་གསོལ་འདེབས་བྱེད་འཇུག་པ།

0092.jpg

གཉེར་ཚང་དུ་ཚེས་བཅུ་ཆག་མེད་འཇུགས་པ། འཕྲལ་ཆས་ཀྱི་གཉེར་འོག་ལ་ཐེལ་གཏོང་མ་གཏོགས་རྫོང་དཔོན་གྱི་གཏན་ཚིགས་མི་་་
སྟེར༑ ཏི་སེའི་བཀའ་ཆེམས་ལས་དཔོན་གཡོག་གི་སྲག་ནས་རྩམ་པ་བཟང་ངན་ལས་མེད་ཟེར་བའི་རྫོང་དཔོན་གྱི་ཞིབ་ཆེན་མི་་
བཟའ་། སྒེར་གྱི་བུན་ཆགས་འབྲེལ་གཞུང་ཁུངས་སུ་ཡོད་པ་རྣམས་ལ་སྒེར་གྱི་ཟ་འདོད་གཏོང་མ་འཇུག སྡེ་གཟར་ཡུལ་
འཁྱོམས་ཀྱི་རེག་ཉིས་འཐོར་རྐྱེན་དུ་འགྲོ་རིགས་ལ་མ་གཏོགས་ཤེ་བམ་མི་སྟེར། བུན་རྙིང་ལོ་འཁོར་དུ་ལོན་པ་ལ་དངོས་གཅིག་བདེ་
གཅིག་འགྲིག་ན་དེ་ལྷག་མ་སྤྲོད་ཤེས་ལེན་ཤེས་གཅོད་རྒྱ་བྱེད་པ་མ་གདོགས་རྩིས་སྒྲུབ་བྱེད་མ་འཇུག ཕྱག་ཞབས་དང་ལྟོ་ཟན་པར་་

0093.jpg

ཞེ་བདུན་
༄༅།  །ཁ་ལྟས་ཁྱབ་པའི་ཧོར་འདྲ་མི་སྡེའི་ཁྱད་པར་གྱིས་ཧམས་ཟོངས་སུ་མ་སོང་བ་བྱས་ཤིང་། ཁྲིམས་ཀྱི་སར་སོར་པ་ཞག་
ཕྱོགས་ཆ་ཉེ་རིང་མེད་པས་བདེན་རྫུན་ཤན་ཕྱེད་པའི་ཁྲིམས་འགལ་ལ་སྙིང་སྟོབས་ཀྱིས་བརྡར་འདོད། ཁྲིམས་མཐུན་ལ་བྱམས་་་
བརྩེས་སྐྱོང་བ། ཕྱི་ནང་གི་ཁ་མཆུ་སྦྱོར་བ་དང་འཚོལ་བ་མི་བྱེད། ཁྲིམས་སར་ཤེར་འབོད་བྱུང་བ་རྣམས་ལ་ལོ་དབར་མི་འཇོག་པར་་་
བསྐྱར་བཤད་ཕན་ཚུན་བློ་ཁ་རྫོགས་ཐབས་བྱེད་པ་མ་གཏོགས་དབང་ལྟག་བསྐུར་མི་བྱེད། རང་ཁྲིམས་པར་སྡད་རིང་རང་གི་ཉེ་བ་དང་
དགྲ་ཕྱོགས་ལ་འདི་སྐབས་ན་འགྱང་མི་བྱེད། མདོར་ན་མི་ཤེས་པ། གོང་ཕུད་ཀྱི་ཕྱོགས་སུ་མ་ལྷུང་བ་དང་། དཔོན་ཁུངས་ཀྱི་བྱ་བ་

0094.jpg

ཆེ་ཆུང་གང་ལའང་འཇིག་རྟེན་དུ་གྲགས་པའི་ཐོག་ནས། མིག་ལྟོས་ཡར་བལྟ་བྱས་པའི་ལ་ཡོགས་མི་འགོབ་ཞིག་བྱེད་དགོས་པ་ཡིན་ནོ།
༈ བཞི་པ་ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ་ནི། དང་པོར་རྨོས་པའི་སྤངས་བླངས་དང་ལྡན་པས། ཐོག་མར་མི་དོང་སྙམ་ངེས་་་
གཤེར་བ་དང་། དོད་མི་སྙོམས་ན་གདོང་གཤེར་མི་བྱེད་པར་བསྐོར་སྦྱངས་གཏོང་བ་སོགས་བློ་ཁ་རྫོགས་ཐབས་སུ་འགྲོ་བ་ཅེས་ཀྱང་བྱེད་དགོས
ཤིང་། ལྷག་པར་སྐྱིད་ཤོད་ཁུལ་འདིར་ཁྲིམས་འཆོལ་བའི་ཁྲིམས་མཚེས་སོགས་རང་རང་གི་དོན་གྱིས་འཁོན་བཟུངས་ནས་ཁྲིམས་སར་
ཉེ་བརྒྱུད་རིང་བརྒྱུད་ཀྱི་ཆད་པ་ཆད་ལན་ཞུ་རེས་བྱེད་པ་ཞིག་གིས་རང་སྡུག་རང་གི་ཉོ་བ་ཞིག་འདུག་ནའང་། ད་ནས་བཟུངས་ཆད་པ་

0095.jpg

ཞེ་བརྒྱད་
༄༅། །ཞུ་མི་རྣམས་ལ་སྔ་འགྲོས་ཐལ་ཆ་མི་བྱེད། བཤེར་འབོད་བདེན་བརྫུན་བརྟགས་པའི་ཆད་པ་ཐོབ་དེས་ན་དེ་
ཐོག་ཏུ་གཏོང་བ་གཞིར་བཅས་ཤིང་། གཡོར་ཞུས་ཡནི་ན་ཞུ་མཁན་གྱི་ཐོག་ཏུ་ཆད་པ་དེ་ཁ་སློག་ཡང་ཧམ་རེས་བྱུང་ན།
ཆང་པ་སྦུས་སུ་བཞག་པའི་འཁྲུ་དག་གི་ཡོ་གལ་བྱེད། གཉིས་ཀས་དག་པ་མ་འཁྱོལ་ན་ཆད་པ་རེ་རེའམ་ཕྱེད་འཁྱེར་ནག་ཆེ་་
ཆུང་ལ་དཔགས་པའི་འགེལ། ཁྲིམས་མཆུ་ཁྲིམས་སར་ཐལ་བའི་སླར་ནང་འདུམ་བྱེད་ན་ཉེས་པའི་ཁྲིམས་འདེགས་ཀྱི་་་
ཕྱེད་དང་། ཞུ་འགབ་འོས་འགབ་ཁྲིམས་སར་ཕུལ་ནས་བཟློས་པ་ནང་འཇགས་སུ་འདུམས་འཇུག་གོ། ༈ ལྔ་པ་

0096.jpg

གཟུངས་བཀྱིགས་ཁྲིམས་རའི་ཞལ་ལྕེ་ནི། ཁྲིམས་འགལ་གྱི་རིགས་ལ་ཐོག་མར་བཟུང་བཀྱིགས་བབ་ཐོབ་ཏུ་འདུག
ཅིང་༑ དམིགས་གསལ་ཕོ་བྲང་འོག་ཏུ་གྲི་འདོན་རྒྱ་འདྲེ་བྱས་པར་བཟུངས་བཀྱིགས། ལྟོགས་ཧྲལ་རྐུན་མ་བྱིས་པར་
བཟུངས་བཀྱིགས་མགོ་རིར་རང་ཤེད་བྱས་པར་བཟུངས་བཀྱིགས། བློ་ངན་གྲོས་མཚང་འདྲུ་བ་ལ་བཟུངས་བཀྱིགས། མི་
མཉམ་པའི་ཁ་ངན་སློག་པར་བཟུངས་བཀྱིགས། ཉེས་པ་ཆེ་བ་ལ་སྡིག་བཀྱིགས་དམ་ཕྲུག་གསི་མནན་ནས་ཨ་རས་ལྕི་བ་་་
སྤྲོད། དེ་ནས་ཁྲག་གཙོར་ཐོབ་པ་རྣམས་ལ་ཁྲོམ་བསགས་ནས་ཁྲིམས་ཡིག་བསྒྲགས་ནས། བརྔམ་ཟིལ་ཆེ་བས་ཁྲིམས་གཅོད།

0097.jpg

ཞེ་དགུ་
༄༅།  །དེ་ཁར་དཔགས་པ་བཟུངས་བཀྱིགས་རྣམས་ལ་དྲག་ཞན་གྱི་སྲོག་རིན་བཞེས་པ། སྐུ་ངོར་གཏོང་བ་ཆད་གོ་གཅོད་
པ་སོགས་ཇི་ལྟར་སྐབས་དང་མཚུངས་པར་བྱེད་དོ། ༈ དྲུག་པ་ནག་ཆེན་ཁྲག་གཅོར་གྱི་ཞལ་ལྕེ་ནི། འཚམས་མེད་་་
ལྔའི་ལས་བྱས་པ་དང་། བླ་མ་དགེ་འདུན་རྒྱལ་པོའི་ཕྱག་རྫས་ལ་འབགས་པ། དཔོན་ཁུངས་སུ་ཞབས་འདྲེན་ཚབས་ཆེན་དུ་་
ཞུས་པ། དུག་སྦྱོར་གཏོང་བྱས་པ། ཕུང་གཡོ་འཕྲུལ་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་མི་བསད་རྟ་འཁྱེར་བྱས་ནས། དུས་
བདེ་བ་འཇམ་གྱི་ཁྲིམས་ཞོད་འཇགས་སྐབས་ཨར་ཇག་བརྡུངས་འཇོམས། གོ་གོན་མཚོན་ཐོགས། ངན་གྲ་བསྒྲིགས་འབངས་

0098.jpg

ཀྱི་གྱེན་སློག་མདོར་ན་མིག་ལྟོས་ལ་གནོད་པའི་ཁྲིམས་འགལ་གྱི་བྱ་བ་བྱས་པར་ལུས་སྟོངས་མིག་འདོན། སྐྱིད་འབྲེག་ལྕེ་གཅོད་ལག་་་
འབྲོག་གཡངས་སྐྱུར། དམར་གསོད་སོགས་བྱེད་པར་དཔགས་པའི་ལུས་སྟོངས་ནས་འགེལ་ལུགས་ཕྱིར་འདོམས་ཆེ་བ་ཞིག་དགོས་
པ་ཡིན་མི་མཉམ་པས་ལག་སློག་པ་ལ་ལྟེ་བོ་ཆུ་ལ་བསྐྱུར་བའོ། ༈ བདུན་པ་དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ་ནི༔ ལུས་
སྟེངས་རྩད་གཅོད་མི་ཐོབ་པའི་ཁྲིམས་དང་འགལ་བ་རྣམས་ལ་ཕྱིས་སྡོམ་སེམས་ཀྱི་དྲན་གཏོང་དགོས་ཏེ། ཉེས་ཆད་ཅེས་ཆད་་་
པར་མིང་དུ་བཏགས་པའི་ཁྲིམས་སར་སྒྲུབ་དགོས་པ་འདི་ལ། སྤྱིར་གྱི་ནི་དེ་ལ་དཔགས་པའི་ཉེས་བྱས་ཆེ་ཆུང་གི་གསེར་བསིལ་

0099.jpg

ལྔ་ཅུ་
༄༅།  །མ་སྲང་གྲངས་སུ་བྱེད་པ་དང་། སྨར་གསེར་ཕྱེད་མའི་སྲང་གྲངས་སུ་བྱེད་པ་དང་། སླར་ཞོའི་གྲངས་བྱེད་པ་་་
སོགས་འདུག་པར། ཉེས་བྱས་ཆེ་བའི་མི་དཔུང་གྲས་སྡེབས་ཀྱི་མི་བསད་པ། འཁོན་འཛིན་ལྟོས་ལན་གྱིས་ཇག་རྒྱབ་པ། ངན་པ་
གྲ་བསྒྲིགས་སོགས་ཁྲིམས་སར་དགོངས་འཕོག་ཆེ་བ་རྣམས་ལ། གསེར་བསིལ་མ་སྲང་བརྒྱད་ཅུ་ནས་བཅོ་ལྔའི་བར་ཉེས་པ་ཆེ་ཆུང་་་
དང་བསྟུན་ནས་གཏོང་བ་དང་། དེ་བས་ཅུང་ཉེས་པ་ཆུང་བ་རྣམས་ལ་བྱུར་ཆགས་ཐུག་པའི་མི་བསད། ལྟོགས་ཧྲལ་གྱི་རྐུན་ཇག་
སོགས༑ ཏིགས་དེས་མཚུངས་པ་རྣམས་ལ་རྨར་གསེར་ཕྱེད་མའི་སྲང་ལྔའམ་གསུམ་མམ། ཇི་ལྟར་སྐབས་དང་མཚངས་པར་་་

0100.jpg

བྱེད༑ ཡང་ཕྲན་བུའི་སྤང་བླངས་འཛོལ་བའི་དྲན་འཛིན་མར་ཞོ་དོ་གསུམ་རྣམས་ཇི་ལྟར་འོས་པ་གཏོང་དགོས་ཤིང་། དེ་ལ་་་
གསེར་བསིལ་མའི་ལྗི་བ་རྣམས་གསེར་རྐྱང་དུ་མ་གཏོག་སྤུས་ཆ་མི་འབུལ། གསེར་རྐྱང་སྲང་གང་ལ། སེ་བ་ཉི་ཤུ་རྩ་བཞི་མའི་
ཞོ་བརྒྱད་ལ་སྲང་གང་། མཛོ་གཡག་སོགས་སྤུས་གང་གཙང་ལ་རིན་གྱི་ཁུང་གཅོད་གནང་ཞིང་དེ་ལ་རྨར་གྱི་རིན་རྒྱབ་ཀྱིས་ཟི་ཁུངས་
ནས་སུ་འབེབས་པ་དང་། མགུར་ཞོ་རེ་ལ་སེ་བ་ཉི་ཤུ་རྩ་བཞི་མའི་དབང་དུ་བྱས་པ་ནས་སེ་བ་རེར་གཙང་བྲེ་ཚད་ཀྱི་ཁལ་རེ་རྩིས་པའི་
ཞོ་གང་ལ་ནས་ཁལ་ཉི་ཤུ་རྩི་ཐོབ་པ་རིན་རྒྱབ་ཏུ་འབེབས་པ་དང་། མཁར་རུའི་གསེར་ཁལ་མཛད་པ་དང་། ཚོང་དུས་ཀྱི་གསེར་

0101.jpg

ང་གཅིག་
༄༅།  །རིན་གང་འདུག་ལ་ཆ་བཞག་པ་སོགས་གནང་སྲོལ་འདུག་ཅིང་། རྨར་གསེར་ཕྱེད་མའི་སྲང་གང་ལ་གསེར་ཞོ་བཞི་
རྨར་ཞོ་བཞི་ཡང་མཁར་རུའི་ཁལ་དྲུག་ལ་རྨུར་ཞོ། བཅུ་གཉིས་ལ་གསེར་ཞོ། ཡང་མཁར་རུའི་ཁལ་བརྒྱད་ལ་རྨར་ཞོ། བཅུ་
དྲུག་ལ་གསེར་ཞོ། དབུས་ལ་གསར་ཨོའི་བཞི་ཞོ་དང་གསུམ་ཞོ་སོགས་རྣམ་གྲངས་ཤིན་ཏུ་མང་བ་འདུག་པ་ཞོ་ཚད་ནི་ཚལ་པའི་ཁྲིམས་་
ཡགི་ཏུ་ཞོ་བཟང་ངན་འབྲིང་དུ་བྱས་པའི་མཛོ་རྟ་དྲིལ་རྒྱབ་ལོང་པ་ལ་བཟང་ཞོ་དང་། བོང་བུ་ཕོ་རྒྱགས་ཚད་ཀྱི་རྒྱབ་ལོང་ལ་འབྲིང་ཞོ།
བོང་བུ་ཕོ་གླང་ཆུང་གི་རྒྱབ་ལ་ཆུང་ཞོ་བྱེད་པ་སོགས་འདུག་པ་ཐམས་ཅད་མཁར་རུའི་དྲུག་ཞོ་ནི་ཚད་པར་ཤེས་ཤིང་། ནས་སུ་ཕབ་ན་

0102.jpg

བརྒྱད་ཞོའི་རྨར་གསེར་གྱི་སྲང་གང་ལ་ནས་ཁལ་དགུ་བཅུ་གོ་དགུ། མཁར་རུའི་དྲུག་ཞོ་ལ་བདུན་ཅུ་དོན་གཉིས་ཐོབ་པར་སྤུས་ཆའི་སྟེང་
དུ་ཕབ་ན། སྔོན་གྱི་ཆོས་རྒྱལ་རྣམས་དང་ཚལ་དུས་ཀྱི་སྐབས་རྨར་གསེར་ཕྱེད་མའི་སྲང་གི་ཆད་འགྲོས་ལ་བརྒྱད་སྟོང་པ་སྐྱ་པོད་དམ།
གསེར་ཆོས་རྡོར་གཅོད་བཞིང་དུ་འཇུག་པ་སོགས་ཀྱི་སྲོལ་རྒྱུན་བཟང་པོ་འདུག་ཅིང་། ཕྱིས་ཇ་རྔ་ཧམ་སྤབ་རྩེ་རེ་ལ་སྨར་གསེར་གྱི་
སྲང་གང་རྩི་བ་དང་། གཡག་གྲུས་པོ་རེར་གསེར་ཞོ་རེ་སྨན་རྩེ་ཁ་དོ་ལ་སྨར་ཞོ་རེ། མདོ་དར་ཁ་བཞི་ལ་སྨར་ཞོ་རེ་དང་། ཡུལ་
གྱི་ཆུ་བགོད་འགྲེམས་ཀྱི་འབབ་ཆང་སོགས་གཉེར་ཚང་གི་ཆད་འགྲོས་ཐམ་ཐུམ་རྣམས་ལ་མར་ཆད་ཀྱི་མར་ཞོ་རེ་ལ་དོ་བསྐོར་གྱི་དབང་དུ་

0103.jpg

ང་གཉིས་
༄༅།  །བྱས་པའི་སྨར་དུ་ལེན་ན་ཁལ་དྲུག་མར་རྐྱང་དུ་ལེན་ན་མར་ཁལ་གསུམ་རྣམས་ཡིན་ཅིང་། དེང་སང་ཁ་་
གདམ་ལ་མར་གསེར་གྱི་སྲང་ཟེར་བར་འདུག་ཀྱང་། ཚལ་པའི་ཁྲིམས་ཡིག་ཏུ་སྨར་གསེར་གྱི་སྲང་ཟེར་བ་འདུག་པས་གསེར་
ཤིན་ཏུ་དམར་བ་ལ་ཆ་བཞག་དེ་འོག་སྨར་ཞོ་ཟེར་བའི་སྨར་ཞོ་དེ་ལ་ཆ་བཞག་ཡིན་འདུག་པས་དག་ཁུངས་སུ་ངེས་སོ། ༈ 
བརྒྱད་པ་ཧོར་འདྲ་ཟ་རྐང་གི་ཞལ་ལྕེ་ནི། ཧོར་འདྲ་ཞེས་པ་རྒྱ་ནག་ཧོརར་དུས་བོད་ལ་ལུང་རྒྱུགས་པའི་དུས་སུ་རྒྱ་ནག་གི་མི་ལ་རྩི་་
འཇིག་ཤིན་ཏུ་ཆེ་བ་ཞིག་བྱེད་དགོས་ཀྱིན་ཡོད་འདུག་དེ་དང་འདྲ་བའི་ཐ་སྙད་དུ་བྱས། དཔོན་ཁུངས་ཀྱི་མི་སྣ་ལ་རྩི་འཇོགས་ཆེ་

0104.jpg

དགོས་པ་དང་། མི་སྣས་ཀྱང་བབ་འབྲེལ་དང་མཐུན་པ་བྱེད་དགོས་ཤིང་། ལྷག་པར་སྐྱིད་གཤོད་འདི་ཕྱིས་ཁྲིམས་འཆོལ་བའི།
འདེད་རྐྱང་སྒེར་གཞུང་གི་དོན་ལ་དབྱེ་བ་མེད་པར་མཁས་བུ་བཙན་གྱིས་རྩེ་ནས་ཐེལ་ཚེ་རེ་བླངས་པའི་ཞོལ་སོགས་ནས་གང་རིགས་རེ་
འཁྲིད་ནས་ཟ་འདོད་གཏོང་ཞིང་། ཟ་འདོད་ལ་ཡང་འདི་ཕན་འདི་ཚུན་གྱི་འཚམས་མེད་པར་ཟ་མ་འཕྲལ་ཆས་ལ་ཆས་ཁའི་ཁོང་་་
རྩིས་ལ་བྲེ་དོ། ཆང་རིན་ལ་བྲེ་རེ་བྱས་པའི་བྲེ་གསུམ་མ་ཉི་མ་རེ་ལ་མི་སྣའི་རྐང་པས་གང་འཁོར་གྱི་ཕྱིན་པའི་ལོན་རྩི་བ་ཞིག་འདུག་
ཀྱང་༑ གཙང་ལུགས་རང་གི་ཁ་གཙང་ཞིག་བྱས་ཀྱང་སྔ་སོར་ཟ་འདོད་མངས་པའི་ཁྲེབས་འཆོས་ནས་དོན་འབྲས་ཆེ་ཆུང་གང་ལ་ཡང་

0105.jpg

ང་གསུམ་
༄༅།  །འཁུལ་བ་ཞིག་ཡོང་གི་མི་འདུག དེ་ལྟའི་འདི་ཁ་བྱས་ན་ཕྱག་ཞབས་ལ་ཡང་བརྡབས་བསིགས་ཆེ་བ་འདུག་པས།
འོས་བབས་ཀྱི་བཅད་མཚམས་བསྒྲིགས་པར། སྒེར་གྱི་དོན་ལ་བབ་འབྲེལ་མེད་པར་ཟ་འདོད་གཏོང་པ་མེད་ཅིང་། མི་སྣ་ཡང་རྩི་ནས་
དམིགས་གསལ་བྱུང་ན་མ་གཏོགས་སུས་འཁྲིད་ལ་མི་འགྲོ། གཞུང་གི་འདོད་བྱང་མ་བཏང་བ་རྣམས་ཀྱིས་སྔོན་གྱི་ཁྲིམས་ཡིག་རྙིང་པ་
རྣམས་ལ་ཆད་པ་སྲང་དུ་མ་ལོངས་ན་གདན་སྟོན་ཆས་ཀྱི་བརྙས་མི་བྱེད། སྲང་དུ་ལོངས་ན་གདན་སྟོན་ཆས་ཟ་རྒྱབ་རྐང་གླ་སོགས།
ཆད་པའི་བཞི་ཟུར་རིམ་འགྲོས་སུ་བྱེད་པ་ཞིག་འདུག་ཀྱང་། དགོས་གསེར་བསིལ་མའི་ཆང་པ་ཆེ་བ་རྣམས་ལ་མི་སྣ་དཔོན་གཡོག་

0106.jpg

གི་རྟ་དྲིལ་སོགས་ལྗི་ནོན་བཏང་ནས། ཟ་མ་གཟུགས་འབྲེལ་རྒྱབ་བཅས་སྤྲོད་གསུངས་བཀའ་ཤོག་ཏུ་གནང་བ་ལྟ་བུ་ལ། ཆད་
པ་མ་འཕྲོད་བར་གྱི་མི་སྣའི་ཟ་མ་ལ། མི་དོ་མར་དུས་གཉིས་ལ་ཆུང་གཟུགས་རེ་དང་ཆེ་གཟུག་རེ། གཡོག་ཏུ་ཡོད་ལ་དུས་རེ་ལ་ཆུང་
གཟུག་རེ། ཇ་སྦྱོར་ལྔ་རེ། ཆང་ རྟ་དྲིལ་རྣམས་མཆག་བྲེ་དེ་མ། ངོས་མའི་ཟ་མའི་རྒྱབ་ཞོ་རེ་ལོན་ཅིང་། བུ་ཚལ་རྒྱབ་མི་་་
ཐོབ༑ ཟ་རྒྱབ་ཆད་འདེད་སླེབ་པ་ནས་བཟུངས་བསྡུས་ཤོག་ནམ་བྱུང་གི་བར་རྩི་བ་དང་། དེ་སྔའི་ཤོག་གི་བཀའ་ཤོག་ཚིག་རིགས་སུ།
གདན་སྟོན་ ཆས་ རྐང་གླ་ ཆད་ཤུལ་བཞི་ཟུར་རིམ་འགྲོས་ལོང་ལས་ཕྱིར་བསྡུས་ཕེབས་པ་འདི་ལ། དེ་སྔ་གོ་བ་ཟུར་པ་རྒྱབ་

0107.jpg

ང་བཞི་
༄༅།  །ནས་གདན་ཞེས་པ་མི་སྣ་རང་ལ། དཔོན་གྱི་བཞུགས་གདན་དང་མཉམ་པ་དགོས་ཟེར་བ་དང་། སྟོན་ཆས་ཞེས་པ་་་
སྟོན་མོའི་རྣམ་གྲངས། ཞམ་འབྱེད་ལ་རྒྱ་གླང་ཞེས་ནས་ཁལ་བརྒྱ་རེ་དང་། བཤས་གླང་རེ་ལོན་པ་སོགས་འཚམས་ཚིགས་མེད་་་
པའི་ཁྲེལ་གང་ཐུབ་བྱས་པ་ཞིག་འདུག་ཀྱང་། སྡེ་སྲིད་དེ་ཉིད་ཀྱི་བཀའ་ཁྲིམས་ལ་གདན་ཟེར་བ་བཀའ་ཤོག་ཐང་དུ་མ་ལྷུང་བའི་གོ་དོན་་
གྱིས་བཀའ་ཤོག་གི་གདན་ལ་ཆད་པའི་བཞི་ཟུར་སྟོན་ཆས་ཟེར་བ་བཀའ་ཤོག་ཞལ་འབྱེད་པའི་སྟོན་མོ་ལ་བཞི་ཟུར། རྐང་གླ་བཞི་་་
ཟུར༑ ཆད་ཤུལ་ལ་བཞི་ཟུར་རེ་རྣམས་མིང་སོ་སེར་བྱེད་པ་ཁྲིམས་པའི་ཆེ་བ་ཡིན་ཞིང་། ལག་ཡོད་དེ་རྣམས་བསྒྲིམ་ནས་་་་

0108.jpg

གཞུང་དུ་ཆད་པ་གང་ཕུལ་བའི་ཤུལ་ལས་སྤྲོས་པ་མི་ལེན། ཟ་རྒྱབ་ཆད་པའི་རྟིང་བསྐུལ་ཡིན་པས་ཞག་དུ་སོང་གི་རྩིས་རྒྱག སྨར་
གསེར་གྱི་སྲང་གྲངས་ལ་མི་སྣ་ཉེས་སྦྲེལ་ཙམ་ལ། ཟ་མ་གཟུགས་སྤྲོད་གསུང་བ་ལ། དུས་གསུམ་དུ་ཆུང་གཟུགས། ཇ་ཆང་ རྟ་་་
ཡོད་ན་གཟན་ཆག་འོས་འགབ་ལས་སྤྲོས་པའི་ཟ་རྒྱབ་མི་ལེན། ཆད་པ་སྲང་དུ་མ་ལོངས་ན་མི་སྣ་འོས་འགབ་རེ་ལ་ཟ་མ་གཟུགས་ཕྱེད་སྤྲོད་
འཕེབས་པར་ཆུང་གཟུགས་གི་ཕྱེད་དང་། རྐང་གླ་བྲེ་ལྔ། སྲང་དུ་མ་ལོངས་པས་གདན་སྟོན་ཆས་སོགས་བསྙད་མེད་པར་བྱེད།
ཐོགས་ཡོངས་བཞེས་སོགས་ཁྲམ་གྱི་འདེད་ལ་མི་ཉིས་སྦྲིལ་རི་གནང་བའི་ཟ་མ་འཕྲལ་ཆས་བསྒྲུབས་ཕེབས་པ་མ་རྒས་པོ་རྒན་འཆག་་

0109.jpg

ང་ལྔ་
༄༅། །ཡོད་པ་རྣམས་ཀྱི་རྒན་པོ་རང་གི་ཟ་མ་དུས་གསུམ་ལ། ཁ་ངོམ་གྲོད་འགྲངས་རྒྱུ་རི་ཟན་ཕོགས། ཁྲལ་ཡོང་དུས་
ཐོག་འགྲིག་ན་རྐང་གླའི་བསྙད་མི་བྱེད། དེ་ལས་འགྱང་ན་ཉིན་རེར་རྐང་གླ་བྲེ་ལྔ་རེ་བྱིངས་སུ་བསྡུས་ནས་ཉི་མའི་ཁ་གྲངས་བསྒྲིགས་་་་
དགོས་པ་མ་གཏོགས། འདེད་ཡུལ་གྱི་ཐེམ་དུ་ཡོང་རྐང་པས་གང་འཁོར་གྱིས་འདེད་པར་མི་བྱེད། རེ་གཉིས་ངན་ཁྲེབ་ཀྱིས་རྒན་
པོས་མ་འཁུལ་ན། མི་རྐང་གཏད་ཀྱི་བྱས་པའི་ཁོ་རང་གི་ཞག་གང་ཐོགས་ཀྱི་ཟ་རྐང་ལེན་དགོས་པ་དང་། བཟློས་པ་ཆེ་བའི་བཤེར་་
འབོད་ལ་ཞོ་རེ། སྡེ་སྲིད་གཞུང་དོན་གྱི་མནའ་མ་མནའ་གོས་མི་ཡོང་ཞིང་། རང་རང་བཟློས་པའི་མི་དྲག་པའི་མནའ་རྒྱབ་ལ།

0110.jpg

སྲང་གང་དོ་སོགས་སྐབས་དང་བསྟུན་ཞིང་། འབྲིང་སྨད་ཀྱི་ལག་འཇུ་ཅན་ལ་གསེར་ཞོ་དོ་རེ། རང་མནའ་ལ་གསེར་ཞོ་རེ། རྡོ་ལ་ལྷ་
གསོལ་ལྷ་གདན་བཀྲབ་སླང་བཀྲབ་སྡེར། མེ་ཁྱེམས་ལྕགས་སྐམ་ཟེར་བ་མི་སྣའི་བཟའ་སྒེ་དང་། རྡོ་ཁུང་སྒེར་གཞུང་གི་ས་ཁོངས་ལ་
ཡོད་ཀྱང་། དཔོན་ཁུངས་དེ་ལ་བདུན་ཚན་དགུ་ཚན་ལྔ་ཚན་གང་འོས། མི་སྣ་ལ་རྡོ་རྒྱབ་གོམ་པ་རེའི་སར་ཐོན་གསུམ་གྱི་སྲང་རེ་སྣུམ་
ལ་ཡང་ལྷ་ཡོལ་ལྷ་གདན། སྣུམ་སྣོད་ཀྱི་སླ་ང་ཟངས་གང་རུང་སྣུམ་རྒྱབ་སྲང་རེ་རྣམས་འོས་བབས་དང་བསྟུན་པའི་ལེན་ལུགས་་་་
དཀྱུས་མའི་འཇུ་ཅན་གྱི་མནའ་ལ་སྨར་ཞོ་དོ། རང་མནའ་ལ་སྨར་ཞོ་གང་། ནང་ཚགས་འབྲལ་འདུམ་ཟོག་མཐུ་མ་འཚམས་པའི་བགོ་ཤ་

0111.jpg

ང་དྲུག་
༄༅། །སོགས་ཕན་ཚུན་བདེན་པ་མེད་པའི་རང་གཤེད་ཅན་ལ་དབུས་ལུགས་ཀྱི་བགོད་ཕུད་གསུམ་ཟུར། དཀྱུས་མ་འདྲ་བབ་ལ་
ཕན་ཚུན་སྤྱི་ཐོག་ནས་བཅུ་ཁ་ལེན་པ་དང་། བགོས་ཚར་ནས་ཕུན་ཚུན་ཕྱོགས་ཕྱོགས་ནས་བཅུ་ཁ་ལེན་པ་ཇི་ལྟར་འོས་པ་རང་ཤེད་ཆེ་ཆུང་
གི་བབས་འབྲེལ་དང་མཚུངས་པར་བྱེད། ནག་ཆེན་བཟུངས་བཀྱིགས་བྱས་པ་ལ་ཁེ་རའི་ལུས་འཇར་གང་ཡོད་མི་སྣས་ལེན། དགེ་་
སྟོང་གི་སྤྲོད་མཇལ་ཚོགས་ཆས་སོགས་ཐོབ་ཐང་འཆར་ཅན་ཁྲ་མ་ལྟར་ལེན་ཅིང་། གཞན་མ་དབུས་ལུགས་ལ་བཅུ་ཁ་ལེན་པ་ཞིག་ཡིན་
འདུག་ཀྱང་། འདི་འགབ་ཡུལ་ཆགས་པར་མི་འདུག་པས། གཙང་ལུགས་ལ་ཕན་ཚུན་ཟོང་ཟོང་ཕུད་ཟོང་སྟན་ཟེར། ཟོང་

0112.jpg

ཁྲག་གཉིས་ནས་སྤྲོད་མཁན་གྱིས་ནས་ཟོང་ཕུད་དང་། ལེན་མཁན་གྱིས་ནས་གདན་ཕན་ཚུན་སྙོམས་པའི་རྩིས་ཀྱི་བློ་ཚད་རེ་ལེན།
སྨར་སྤྲོད་དགོས་ལ་སྤྲོད་མཁན་གྱིས་ནས་དྲང་ཤིང་བཅད་པ་རྣམས་དང་། ལེན་མཁན་གྱི་ས་ནས་ཁལ་ཤུལ་བྲེ་འབྲང་སྤྲོད་མཁན་གྱི་
བྲེ་གདན་འབྱར་བ་རྣམ་བཞི་མ་རེ། སྤང་ཁེབས་གདན་འོས་འོས་རིགས་དང་པོའི་ཁྲིམས་ཡིག་རྙིང་པ་རྣམས་ལ་འདུག་པས།
མི་ཤ་གྲི་སྲི་མི་ལྡང་བའི་རྟེམ་འབྲེལ་དུ་ལག་དམར་གྱི་བསད་པའི་གྲི་ངོས་མ་བྲེ་ཤིང་གི་ཚབ་ཏུ་སྤྲོད་པ་སོགས་སྲོལ་འཁྲུད་དུ་འདུག་པ་ལྟར་
བྱེད༑ ཁྲ་མ་དཀྱུས་མིའི་ཞབས་འཇུག་ལ་སྤམ་ཆེ་ཆུང་གི་འཚོག་ཆས་ཁྲ་འཁོད་ལྟར་དང་རྐང་གླའི་དོད་དུ་སྤྲོད་མཇལ་ཡོང་ན་དེ་

0113.jpg

ང་བདུན་
༄༅། །ཁའི་ཁལ་ཤུལ་བྲེ་འབྲོང་སྤྲོད་མཁན་ནས་ལེན་ཅིང་། འདི་ལ་སྤྱི་ས་ནས་ལེན་པ་སོ་སོ་ནས་ལེན་པ་བབ་འབྲེལ་་་
དང་མཚུངས་པ་བྱེད། དངོས་པོའི་སྤྲོད་ལེན་མེད་པའི་ས་ཆའི་རྩིས་སྤྲོད་དམ། ཁྲ་མ་ཞབས་སུ་འཇུག་པ་རྣམས་ལ་དཀར་ཡོལ་གྱིས་
གཙོས་པའི་ལྔ་ཚན་ནམ་གསུམ་ཚན། ཇ་མགོ་སྡུམ་བར་སྡུམ་གྱིས་གཙོས་པའི་བདུན་ཚན་དགུ་ཚན། གོས་ཡུག་དེར་ཡུག་རྟ་ཁྲབ་
མཛོ་སོགས་རྣམ་གྲངས་དོན་རྩ་འགངས་ཆེ་ཆུང་གི་ཇི་ལྟར་འོས་པ་བྱེད་ཅིང་། བཀའ་ཁྲའི་བབས་སྨྱུག་བཞི་ཟུར་རིམ་འགྲོས་སྤྲོད་་་
ཕེབས་པ་ལ་སྐུ་རྒྱལ་གྱི་བཞི་ཟུར་གཅིག་གི་བབས་མགྲོས་གཉེར་རམ་ཡར་ཞུས་ཕྱི་ནང་གི་མི་སྣ་ལ་ཐོབ། དེའི་བཞི་ཟུར་སྨྱུག་གུ་མཆུ་

0114.jpg

རིན་དྲུང་ཡིག་གིས་ཐོབ་པ་ཡིན་ནོ། ༈ དགུ་པ་བསད་པ་སྟོང་གི་ཞལ་ལྕེ་ནི། སྟོང་ཞེས་ཁ་སྐོང་ཤིན་ཏུ་མཐོ་བ་ལ་ཆ་བཞག
སྔོན་གྱི་གཏམ་རྒྱུད་རྙིང་པ་རྣམས་སུ། སྟོད་ཡར་རྩེ་རྒྱལ་པོ་ཧོར་གྱི་བསད། རོ་དང་གསེར་གཉིས་མཉམ་རྗེས་བྱས། སྨད་གེ་
སར་རྒྱལ་པོ་ལྡན་མས་བསད། ད་དུང་སྟོང་ལ་འཁྱེར་དུས་མེད། ཅེས་པའི་དོན་ཀྱང་མི་སྟོང་ནི་རྣམ་དཔངས་ཤིན་ཏུ་ཆེ་ཞིང་།
ལྷག་པར་མི་རབ་འབྲིང་ཐ་གསུམ་གྱི་རབ་དང་། བཙན་པོ་ཁ་དྲག་ཅན་གྱི་སྟོང་ནི་ཁྱེར་ས་མེད་པའི་ཐ་སྙང་དུ་བྱས་པ་ཡིན་ཀྱང་། ཕྱིས་
མི་རབ་ཀྱི་རབ་དང་། བུད་མེད་བསད་པ་ཆེར་མི་ཡོང་ཞིང་། གལ་ཏེ་བྱུང་ཡང་རབ་ལ་ས་ཆའི་སྤྱོད་སྦྱོར། གསེར་བསིལ་གྱི་

0115.jpg

ང་བརྒྱད་
༄༅།  །སྲང་གྲངས། སྟོང་ཆེན་གྱི་སྤྲོད་འཇལ་སོགས་སྐབས་དང་མཐུན་པ་བྱེད་ཅིང་། བུད་མེད་རྣམས་ལ་སོ་སེའི་་་
སྟོང་ཁུངས་ལས་འདབ་ཀྱིས་ཆུང་བ་ཡིན་ནོ། ཚལ་པའི་ཁྲིམས་ཡིག་རུ། སྨྱོ་འབོག་བསམ་མེད་བྱིས་པ་དུད་འགྲོ་ཡིས། བསད་
དང་རྐུན་གྱིས་ཤི་ལ་སྟོང་མི་དགོས། ལྷ་རྗེའི་དཔྱུད་ཉེས་ཤི་ལ་བསམ་པ་ཡིས་ནད་དེ་ཕན་དུ་རེ་བ་མ་གཏོགས་པ། དེ་ལ་སྐྱོན་མེད་
ཤི་ཀྱང་བཀའ་དྲིན་འཁུར། ཞེས་པ་ལྟར་མི་སྨྱོ་འབོག་བསམ་མེད་དང་། བྱིས་པ་ལོ་བརྒྱད་མན་གྱིས་རྐྱེན་པ་རྣམས་ལ་དགེ་འཐུད་མ་
གཏེགས་སྟོང་མི་དགོས། དུད་འགྲོ་བསམ་མེད་ཀྱིས་རྐྱེན་པ་ལའང་། དགེ་བའི་བཞི་ཟུར་སྤྲོད་པ་སོགས་དེང་སང་གི་བར་དར་ཞིང་།

0116.jpg

དེ་སྔ་མི་བསད་དཀྱུས་མ་རྣམས་ལ་ད་ལྟའི་རྒྱལ་ཁྲིམས་བཙན་པོ་འདི་མེད་པར། སྒེར་དཔོན་བདག་བཙན་མག་པ་ཉེ་དཔུང་ཤེད་ཆེ་
ཆུང་གིས། མི་བདག་ཤེད་ཆེན་རེ་མགོ་སྐྱོལ་བ་ཟེར། རོ་པ་ཞིང་ཐོག་ནས་བསྐྱལ་ནས་གཅོད་པ་དང་། མི་ཤའི་དམག་བསགས་བསཊ་
ནས་དམག་སློག་མིན་པ་དང་། ཡུག་སས་དུས་དྲན་དུ་དུས་པ་ལ་གདན་གོས་ཀྱི་བསྐྱིལ་བ་དང་། བྱི་ཕྲུག་ཡོད་ན་མགོ་ཐག་མ་ལྕོག
བར་རྒྱགས་སྐྱེལ་དགོས་པ་སོགས། དེ་སྔའི་ཁྲ་མ་རྣམས་སུ་མི་བདག་གི་རྒྱགས་ལ་ཕ་ཚན་གྱི་དམག་སློག དྭ་ཕྲུག་གི་རྒྱགས་ཕྱེ།
ཡུག་སའི་མཆི་ཕྱིས་བྲང་གདན་སོགས་ལ་སྲང་གྲངས་འདི་ཞེས་གཅོད་རྒྱ་གནང་བ་འདི་ཡིན་ཞིང་། ཡང་དེ་སྔ་ལག་དམར་ཤེད་ཆེ་ན།

0117.jpg

ང་དགུ་
༄༅། །རོ་བབས་གཏོང་བ་ཞེས། རོ་ལ་མལ་སྟན་སྐྱལ། རྟ་ནོར་འདོགས་གང་ཐུབ་བྱས་ནས་སྟོང་ཡུག་ཆོང་དུ་འགྲོ་བ་
དང་༑ དངོས་པོ་ལ་འདབ་གཅོད་པ་དང་། སྟོང་ལ་ཞུ་དོ་སྒྲོན་འཇུག་པ་སོགས་ལག་དམར་གྱིས་ཆགས་ལ་དགོངས་ནས། ཁྲ་མ་རྙིང་
མའི་ཚིག་རིགས་སུ། གོང་མ་ཆེ་བཙུན་གྱིས་སྐུ་ངོས། བསྟན་པ་སྤྱིའི་ཆག ལག་དམར་འབབ་ཤེས་ཀྱི་རོ་བབས་སོགས་ལ། སྟོང་་་
སྟོང་ནས་སྲང་འདི་འཆག་ཟེར་བ་ལ་དགོངས་ནས། དེང་སང་གྲ་ཕུད་ཀྱི་འཆག་གནང་བ་ཡིན་ཞིང་། དོན་དུ་སྟོང་ལ་སྤམས་ཆུ་ངན་ཕྱིས་
འདོམས་མིག་ལྟོས་ལ་གནོད་དོགས་དང་། ཧ་ཅང་འགེལ་ཆེ་ལག་དམར་གྱིས་མ་ཐེག་པར་ཡུལ་དོན་ཁམ་མཆུ་ཡ་མེད་དུ་སོང་ན། མི་

0118.jpg

ཤ་གཏོང་ལེན་གྱིས་མ་བདེ་བའི་རྒྱུར་སོང་དོགས་ལ་དགོངས་ནས་གཉིས་འཇུགས་ཚིག་གི་སྒོ་ནས་བློ་ཁ་ཁྲིད་དེ་མི་བདག་ལ་སྙིང་གཞོན་སྲང་
ཆེན་གྱི་འཕར། ལག་དམར་ལ་གྲ་ཕུད་ཀྱི་འཆག་སོགས་གནང་བ་འདི་ཡིན་ཞིང་། དེ་སྔ་ལག་དམར་གྱི་བབས་རྟེན་དང་། མི་བདག་
ཕན་ཚུན་གྱི་ཉན་སྒྲུབ་ཀྱི་ཐེལ་གདན་ཟེར་བ་འདུག་པ་ལ། དེང་སང་བབས་རྟེན་ལ་ཆང་པ་སྲང་གསུམ་དང་། ཐེལ་གདན་ལ་ཕན་ཚུན་
གཉིས་ཕྱོགས་ནས་སྐུ་རྒྱལ་འབུལ་དགོས་པ་ཡིན་ཞིང་། དེ་སྔ་སྤྲོད་འཇལ་གྱི་སྐབས་ཀྱང་། སྟོང་དཀར་དང་སྟོང་ཁྲ་སྟོང་ནག་་་
གསུམ༑ འཇལ་ལ་དམར་དང་ཁྲག་དང་ཟོང་དང་གསུམ། སྨར་ལ་སྨར་དང་སྨར་རི་དང་། ཁྲ་ལ་ཁྲི་དང་ཁྲ་ཆགས། ཟོང་ལ་

0119.jpg

དྲུག་ཅུ་
༄༅།  །ཟོང་དང་ཟོང་ནག  ཟོང་ནག་གི་རྦད་གཅོད་ཟེར་རྣམ་གྲངས་མང་བར་འདུག་པའི་སྟོང་དཀར་ཞེས་པ་ལྗི་བ། སྟོང་་
ཁྲ་འབྲིང་བ། སྟོང་ནག་ཅེས་ཤིན་ཏུ་ཡང་བའི་ཐ་སྙད་དུ་བྱས་ནས། སྟོང་དཀར་གྱི་སྐབས་སྨར་དང་སྨར་རི་ཞེབ་པའི་སྨར་ལ་གསེར་དངུལ།
ཇ་ནག་རྩེ། ནས་དྲས་གཙང་སོགས་དངོས་པོ་སྡིག་ཐུབ་རྔམས་ཆེ་བ་ལ་ཆ་བཞག་པ། སྨར་རིང་ཟེར་བ་དེབས་ཅུང་ལོད་པ། ནས་་
གཤོར་ཐུབ་ལེན་ཐུབ། ཇ་མངར་ཧང་། གོས་རྣམ་ཐེར་ཕྲུག  སྟོང་ཁྲའི་སྐབས་དང་ཁྲ་ཆགས་ཞེས་ཁྲ་ལ་འབྲུ་པར་སྲན་ནོར་ཕྱུགས་
སྐོལ་ཕེར་གོས་ཕོ་བ། ཚོང་རྣམ། ཁྲ་ཆགས་ལ་འབྲུ་སྐམ་བསྲེས་ཤ་རིན་ལོ་བ། དུད་འགྲོ་ཤ་འཕེར་རས་ཤ་ཆ། ར་ལུག་ཐད་ཀོ།

0120.jpg

སྟོང་ནག་གི་སྐབས་ཟོང་དང་། ཟོང་ནག་ལ། ཟོང་ཞེས་པ་ཤོག་བུ་རོ་སླེམ། རྟ་བོང་རིས་མེད། འབྲུ་རྦད་བསྲེས་ཐོང་་་
གུག༑ གཟར་བུ། གོས་ཟན་ཟད་རོ། སྣམ་བུ་ཟོང་བྱང་། ཟང་ནག་ལ་འབྲུ་བཀྲབ་མུན་དགྲ་མདའ་དཀྱུས་ཨོད།
ཕོར་སྡེར་གོག་པོ། འབའ་ཆ་རྦངས་སྐམ། ཟོང་ནག་གི་རྦད་གཅོད་ཅེས་པ་སྤྲོད་འཇལ་གྱི་འཇུག་ཏུ། ཤོག་བུ་དུམ་པ་
དང་༑ ཐོང་ཁུག་ལ་སྲང་རེ། སྒ་གོག་དང་དོང་འོག་ལ་ཞེ་རེ། མདོར་ན་བརྡོ་བུག་པ་ཕུག་པ་དང་། རྟ་རྒན་བོང་རྒན་་་
ཁྲིམས་རའི་ཐེམ་པ་འགོམ་ཐུབ་ཙམ་རེ་ལའང་འཆར་ཅན་དུ་གཅོད་ཀྱི་འདུག་ཅིང་དེ་བས་ཀྱང་མེད་པོ་སྟོང་གཞུགས་རླུང་འཁྱེར་ཟེར།

0121.jpg

རེ་གཅིག་
༄༅། །མི་སྤྲང་པོ་ཚུན་གྱི་ངོ་ལའང་སྲང་གྲངས་གཅོད་པ་བྱུང་འདུག་པ་འདི་ཡང་དགོངས་པ། སྔོན་གྱི་མི་ཚད་ལྡན་རྣམས་
ཀྱིས༑ མི་བདག་ལག་དམར་ཆགས་ཆེ་ཆུང་ལ་དཔག་པ་དང་། ནག་ཆེན་གྱི་སྟོང་མིང་བཏགས་པ་ཙམ་ལ་མིང་འདོགས་ཀྱི་སྒོ་ནས་
ཐབས་ལ་མཁས་པར་མཛད་པ་ཡིན་འདུག་ཀྱང་། ཕྱིས་འཆམ་བའི་ཤིན་ཏུ་ཟོད་ལ་རོང་སྤྲོད་སྤྲོད་ཟེར་བ་དཔེར་བྱས་ནས། སྟོང་་
ལ་ཟེབ་ཟོལ་གང་འགྲོ་བྱེད་པ་ཞིག་བར་དུ་དར་འདུག་ནའང་། ཆོས་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་བཀའ་ཁྲིམས་ལ། མི་ཤེད་ཆེ་
ཆུང་གིས་མི་སྣའི་དམག་བསོག རོ་བབས་རོ་ཐོག་སོགས་ཀྱིས་མི་དཔུང་རྫི་སྡིང་བྱེད་པ་མི་འདུག་ཅིང་། བྱས་པར་ཤར་ཀྱང་སྟོང་

0122.jpg

ལ་ཆར་ཅན་ལས་སྤྲོས་པ་མི་གནང་ཞིང་། མི་ཤེད་བྱས་པར་ཆད་འཕར་གྱི་བརྡ་འདོད། མི་ལ་རབ་འབྲིང་ཐ་གསུམ་དུ་བྱས་རབ་ཀྱི་རབ། རབ་
ཀྱི་འབྲིང་། རབ་ཀྱི་ཐ། འབྲིང་ཐ་གཉིས་ལའང་དེ་དང་འདྲ་བའི་རབ་ཀྱི་རབ་ནི་ཁྲིམས་ཡིག་སྙིང་པའི་ལོ་རྒྱུས། དཔའ་བོ་སྟག་གི་ཞལ་
ལྕེའི་སྐབས་ཀྱི་ལོ་རྒྱུས་ལྟར་ཡིན། རབ་ཀྱི་འབྲིང་རྫོང་བདག་གཡོག་སུམ་བརྒྱ་ཡན་ཙམ་གྱི་དཔོན་རིགས་གཞུང་གི་གཉེར་ལས་ཚན། ཆོས་
སྡེའི་མཁན་པོ་སོགས་ལ་སྟོང་སྲང་བཞི་བརྒྱ་དང་གསུམ་བརྒྱ། རབ་ཀྱི་ཐ་མ་ནི་གྲྭ་ཚང་གི་བླ་མ། དགེ་འདུན་སྙེན་རྫོགས་གཞུང་གི་དྲུང་་་
འཁོར་གཡོག་རྒྱ་ལོངས་ཀྱི་དཔོན་རིགས་རྣམས་ལ་སྟོང་སྲང་ཉིས་བརྒྱ། འབྲིང་གི་རབ་ནི་རྟ་པ་དྲུང་འཁོར་ལ་རྟོགས་ཙམ་དང་། གྲྭ་ཚང་་་

0123.jpg

རེ་གཉིས་
༄༅།  །ཆོས་སྡེའི་ལས་ཚན་ཆོས་ཁྲིམས་སོགས་ལ་སྟོང་སྲང་བརྒྱ་དང་བཞི་བཅུ་ལྔ་བཅུ་གང་རིགས། གཟིམས་ཆུང་པ་དང་གྲྭ་པ་
བགྲེས་རིམ། རྟ་ཆུང་དཔོན་ཆུང་རྣམས་ལ་སྟོང་སྲང་བརྒྱད་ཅུ། འབྲིང་གི་འབྲིང་ནི་བཟའ་པ་མདའ་བདག སྐྱེམ་བསྡུས། གྲྭ་པ་ཆུང་
བའི་གྲས་ལ་སྟོང་སྲང་དྲུག་ཅུ་བདུན་བཅུ་ལྔ་བཅུ་གང་རིགས། འབྲིང་གི་ཐ་མ་ནི་སྒེར་པ་གཟུགས་བཙུན་གྱི་རིགས་ཡིན་ཏེ། སྟོང་སྲང་་་
བཞི་བཅུ་སུམ་ཅུ་གང་རིགས། ཐ་མའི་རབ་ནི་ཕོ་རང་ཁུང་མེད་དང་། གཞུང་གི་གཉེར་ཚང་ཕྱག་གཡོག་ཤན་པ་རྣམས་ལ་སྟོང་་་
སྲང་སུམ་ཅུ། ཐ་མའི་འབྲིང་ནི། ས་འཛིན་མགར་བཤན་ལྟོགས་སྤྲང་རྣམས་ལ་སྟོང་སྲང་ཉི་ཤུ། ཐ་མའི་ཐ་མ་ནི། ཁྲིམས་ཡིག་

0124.jpg

རྙིང་པར་ཀྱང་། ཡ་ཕོ་མགར་བ་བཤན་པ་གསུམ་གང་བསད་ཀྱང་སྟོང་ལ་གྲེས་ཐག་གཅིག་ཟེར་བ་ལྟར། འཁྱམས་པོའི་མགར་བཤན་ཡ་
སློང་རྣམས་ལ་སྟོང་སྲང་བཅུ་ནས་བཅོ་ལྔའི་བར་དང་། ཡང་སྙིང་རྗེར་དགོངས་ནས་གནང་བའི་སྲོལ་འདུག་ཅིང་། རབ་འབྲིང་ཐ་གསུམ་གྱི་་་
སྲང་གི་སྟོང་ཐང་དེ་རྣམས་ལ། དེ་སྔའི་ཁྲིམས་ཡིག་དང་གཏམ་བརྒྱུད་རྙིང་པའི་བབ་ཐོབ་ཀྱི་སྲོལ་རྒྱུན་རྣམས་ནས་ཀྱང་བསྡུ་བར་གནང་བའི་དེ་
སྔའི་གོང་མ་ཆེ་བཙུན་རྣམས་ཀྱི་ཞུ་ངོ་སྒྲོན། བསྟན་པ་སྤྱི་ཆག་རེ་བབས་སོགས་ལག་དམར་གྱི་ཆག་ལ་གྲྭ་ཕུད་སྟོང་སྲང་རེའི་ས་ནས་བཅུ་ཟུར་
གྱི་ཆག་དང་། དེ་སྔའི་མི་བདག་རྒྱལ་གྱི་ཡུག་སའི་མཆི་ཕྱིས་བྲང་གདན། དྭ་ཕྲུག་རྒྱགས་ཕྱེ། ཕ་མཚན་མག་པའི་དམག་སློག་སོགས་

0125.jpg

རེ་གསུམ་
༄༅། །མི་བདག་གིས་བློ་ཁ་རྫོགས་ཐབས་ལ་སྙིང་གནོན་སྲང་ཆེན་སྟོང་སྲང་སྟེང་ནས་གཉིས་སྐྱེས་ཀྱི་འཕར་དང་སྟོང་ཟོང་ནག་རྦད་
གཅོད་ནས་ཀྱང་ཆ་ཤས་བ་ལ་སྲང་ཞོ་འབེབས་དེང་། དགེ་བ་སྟོང་སྲང་རེའི་སར་དགེ་ནས་ཁལ་རེ། དགེ་ནས་ཁལ་བཅུ་རེའི་སར་དགེ་ནས་་་
ཁལ་རེ། དགེ་ནས་ཁལ་བཅུ་རེའི་སར་དགེ་མར་ཁལ་རེ། དགེ་བསྟོང་སྟེངས་སུ་ཕན་བ་དང་མི་ཕན་པ། ཞོ་ཞོ་ཆེན་དུ་འཇོག་པ་དང་།
སྨར་ཞོ་ཁྲག་ཞོ་ཟོང་ཞོར་བྱེད་པའི་དབྱེབ་གནང་ནས་ཞལ་ངོ་གོང་མའི་དུས་སུ་ཁྲིམས་བྲེ་ཁྲིམས་སྲང་མཁར་རུ་ཁེ་རྒྱང་ལ་གནང་། བྲེ་ཚད་ཀྱི་
ཡུལ་ཞོ་ཁལ་བརྒྱད་མར་འདུག་པ། བྲེ་ཁྱད་ཁོངས་རྩི་བར་གནང་ནས། མཁར་རུའི་དུག་ཞོ་གནང་། སྤྱིར་གཀྱི་ཞོ་ཐག་མཐོ་མན་ཡུལ་

0126.jpg

ཕྱོགས་མི་གཅིག་པ་ན། བྲེ་ཆེ་ཆུང་གི་ཁྱད་པར་གྱི་བྲེ་ཆེ་བ་རྣམས་ཀྱིས་ཁལ་གཉིས་ལ་ཞོ་རེ་བྱེད་པའང་འདུག་ཅིང་། ཞོའི་ཚད་འཇོག་པ་
འདི་ཆེ་རྒྱབ་མཛོད། དྲིའུ་ནོན་པ་ལ་ཞོ་བཟང་བ་དང་། འབྲིང་གླང་གཡག་བོང་ཕོའི་རྒྱབ་ནོན་ལ་ཞོ་འབྲིང་པ་དང་། ཆུང་རྒྱབ་བོང་
མོ་གླང་ནོན་པར་ཞོ་ངན་པར་འདུག སྔོན་ཆོས་རྒྱལ་མེ་དཔོན་གྱི་རྒྱལ་ཁྲིམས་བཅས་པའི་ཁྲི་མ་སྟོང་མའི་འགྱུར་གྱི་གསེར་བྲོ་གཏན་་་
འབེབས་མཛད། གསེར་བྲེ་ཚད་མ་ལ་བཞི་ཞོ་ད་ལྟའང་སྐྱི་ཕོད་ན་དར་གྱི་འདུག་པ། རྒྱབ་ཚང་དང་གསེར་བྲེའི་ཞོ་ཐོག་སོགས་ནས་
རྩིས་ན། མཁར་རུ་འབོའི་དྲུག་ཞོ་འདི་ཕུལ་ཐམས་ཅད་དུ་ཚད་པར་ཤིས་ཤིང་། ཡད་དེང་སང་མཁར་རུའི་བརྒྱད་ཞོ་གནང་བ་ཞིག་

0127.jpg

རེ་བཞི་
༄༅།  །འདུག་པ། དུས་ཀྱི་མི་འདི་པ་རྣམས་མ་རུང་སུ་སོང་བའི་ཁྲིམས་ཀྱང་ནོན་ཆེས་ཆེར་མགནང་ན། མ་འོངས་པར་
ཁྲིམས་འཆོལ་དོགས་ཀྱི་དགོངས་པ་ཅན་དུ་འདུག་པ། དཔོན་ཁྲིམས་ལ་མཁས་ཟེར་བའི་དཔེ་ལྟར་དགོངས་བཞེད་སོ་སོ་དང་བསྟུན།
དཔེར་ན་ཟ་པ་སྟོང་འབྲིང་ཞིག་བྱུར་ཆགས་ཐུགས་ནས་རྐྱེན་རྩ་ནག་ཆེ་ཆུང་མེང་བ་ཞིག་ལ། མིའདི་ཞེས་པས་རྐྱེན་ལམ་དུ་བཏང་་་་
འདུག་པ། ཆད་འདོད་གྲུབ་ན་དྲན་འཛིན་བསྔགས་སྦྱངས་སོང་གྲུབ་པ་དེ་ཡིན་ཞིང་། ད་རྒོས་དགེ་སྟོང་གི་མཇལ་སྤྲོད་སྤང་བླངས་
དགོས་རྒྱུ། འདས་སོར་སྟོང་ཐུན་གསུམ་གྱི་སྲང་དྲུག་ཅུ། དགེ་ནས་ཁལ་དྲུག་ཅུ། དགེ་མར་ཁལ་དྲུག སྙིང་གནོན་སྲང་ཆེན་་་

0128.jpg

གསུམ་རྣམས་དགོས་པའི་ཐོག་ནས་གྲ་ཕུད་བྲང་དྲུག་ཆག སྟོང་སྲང་གྲ་ཕུད་ཞོ་འབེབས་དང་། བྲེ་མཁར་རུ་ལ་ཆ་བཞག སྤུས་ཁ་་་
ཐོན་གསུམ། ཞེ་ཐག་ཁྲག་ཐོག་ཕབ་པའི་བཞི་ཞོ། རྩིས་སྤྲོད་དུས་ཐོག་མཐའ་བར་གསུམ་གྱི་དུས་ཚེས་མི་སྣའི་སྒོ་གསལ་བྱས་པ་ལྟར་
གྱི༑ སོ་སོ་ནས་སྐུ་རྒྱལ་བཀྲ་ཤིས་ཁ་བཏགས། ཟངས་དཀར་རྩ་རིང་། ཇ་མར་ཧང་བར་སྡུམ། སྨན་རྩེ་བཅུ་གཉིས་ཡག་་་
སོགས་ལྔ་ཚན་བདུན་ཚན་གང་འོས་སྒྲུབ་བླངས་བགྱིས་ཤིང་། བབས་སྙུག་བཞི་ཟུར་རིམ་འགྲོས། མི་སྣའི་ཚོགས་ཆས་ཇ་སྦྱོར་་་་
གསུམ་རྡོར་བཅས། དཀར་ཤ་ཁོག ཚགས་ཤ་ལག ཆང་ཚོད་བཞི། རྩམ་པ་ཁལ་དྲུག་གསུང་བ་དང་། དེ་ཕྱིན་རྩན་་་་་

0129.jpg

རེ་ལྔ་
༄༅།  །འདིར་རྟེན་གྱི་མི་ཤི་གཏེས་ལེན་དུས་འགྱངས་ཕྱིར་འཕུལ་བྱས་པ་ཤར་ན། འབབ་འདི་ཞེས་གསུང་བའི་བཀའ་ཤོག་
གིས་མནན་པའི་སྤྲོད་འཇལ་ལ། སྙིང་གནོན་སྲང་ཆེན་ཞེས་པའི་སྲང་ཆེ་བའི་ཐ་སྙད་ནི་སྨར་ཞོ་འོ། ནས་ཞོ་བརྒྱད་ལ་སྲང་ཆེན་རེ་བྱས་
པའི་མཁར་རུའི་དྲུག་ཞེ་བྱས་ནས་ཁལ་བཞི་བཅུ་ཞེ་བརྒྱད་ལ་སྲང་ཆེན་རེ། བརྒྱད་ཞོ་བྱས་ན་ཁལ་དྲུག་ཅུ་རེ་བཞི་ལ་སྲང་ཆེན་རེ་བྱས་
པའི་འདི་ལ་སྨར་ཁྲ་ཆ་ཕྱེད་དུ་སྤྲོད་དགོས་པ་དང་། དགེ་ནས་དང་དགེ་མར་སྨར་རང་གི་ནས་ངོས་མར་ངོས་སུ་སྤྲོད། སྟོང་སྲང་རེ་་
བྱས་ཀྱང་ལག་ཡོད་ཞོ་རེར་ཕབ། སྨར་དྲུག་ཞོ་ཁྲག་བཞི་ཞོ། ཟོད་ཉིས་ཞོ་ཡིན་པར་ལག་ཡོད་བཞི་ཞོ་ཉག་ཅིག་བྱས་པས་ཡས་་

0130.jpg

བསྡུས་མས་བསྣན་འགྲིག་འགྲོ་ཞིང་། བཞི་ཞོར་ཕབ་རྗེས། རིན་རྒྱབ་ལུང་པའི་དགུ་ཐག་གི་རི་ཁུངས་བྱས་པས་འཐུས་ཤིང་། ཡང་་
ཐུན་གསུམ་ནས་སྨར་ནས་ཟོང་ལ་ཕབ་ན་འདབ་གཅོད། ཟོང་ནས་སྨར་ལ་སླེབ་ན་ཕྱེད་འཆག་ལ། ཁྲ་མ་ཡས་མས་ནས་ཕུལ་དགུའི་
འགྲོས་རྩི། ཡང་བརྒྱད་ཞོ་ལ་ནི་གོང་དང་འདྲ་ཞིང་། རྐྱེན་རྩ་འཆི་མཁན་ནག་ཆེ་བ་ཡོད་ན། འདས་པོ་ཚེ་ཚད་ཀྱིས་གཏུགས་པའི་་
རེ་བཞིན་བྱས་འདུག་ཀྱང་། རྨ་འོག་ནས་གཤགས་དང་། རོ་འོག་ནས་སྨས་ཡིན་པས། གསུང་ཚིག་རིགས་གཞན་གོང་དང་འདྲ་བ་
ལ་དགེ་བ་དགེ་ཐོག་ཏུ་ཕན་ན་སྟོང་སྟེངས་འདབ་རྩི། མ་ཕན་ན་ངོ་བོ་རྩིས་ལ་ཐོང་ཕེབས་བྱུང་ན། དགེ་བ་དགེ་ཐོག་ཏུ་ཕན་མ་ཕན་ལ་་་

0131.jpg

རེ་དྲུག་
༄༅།  །འཛིན་ཕྱོགས་ཡོ་དབས། བཞི་བཅུ་ཞེ་དགུ་ཡན་ལ་སྤྲད་ན་དགེ་ཐོག་ཏུ་ཕན་པར་ཆ་བཞག ཞེ་དགུ་ཐེན་ནམ་ཕན་་་
བར་ཆེ་བཞག་ནས། ཞེ་དགུའི་ཐོག་ཏུ་དགེ་བ་སོང་འདུག་ན། དགེ་བ་གང་སོང་ཐུན་གསུམ་གྱི་ཐོག་ཏུ་འདབ་རྩིས་ནས་ཁྲ་ཞོར་ཕབ་པ་དང་།
དགེ་བ་དགེ་ཐེག་ཏུ་མ་ཕན་ན་ཞོ་ཞོ་ཆེན་དུ་བཞག་ནས་རིན་དགུ་ཐག་ཏུ་བཅད་པས་དོན་དུ་དགེ་པའི་ངོ་བོ་སྟོང་སྟེངས་འགྲོ་བར་བྱེད་པ་དང་། ཡང་
བྱུར་ཆགས་ནག་ཆེ་ཆུང་མེད་པ་ལ་དགེ་བ་དགེ་ཐོག་ཏུ་ཕན་ན་ངོ་བོ་རྩིས་ལ་སྟོང་ཕེབས་པ་འདུག་ནའང་། དགེ་བ་གང་སྤྲད་སྟོང་སྟེངས་ཐུན་
གསུམ་དུ་ཕབ། ཞོ་མལ་ཞོ་ཆེན་དུ་བཞག རིན་དགུ་ཐག་རྩིས་པའི། དོན་དུ་སྟོང་སྟེངས་དགེ་བ་སོ་སོར་སྤྲོད་དགོས་པས།

0132.jpg

མིང་འདོགས་ཀྱི་མི་བདག ལག་དམར་གྱི་བློའི་ཁྲིད་ཕྱོགས་སམ་སྲོལ་རྒྱུན་གྱི་ཁྱད་པར་ཡང་ཡིན་འདུག་ཅིང་། ཡང་ནག་ཆེ་ཆུང་མ་མཛད་པ་་་
ཞིག་ཀྱང་འདུག སྤྲོད་འཇལ་རྣམས་ཚར་བསྟུན་མི་སྣས་བཀའ་ཁྲའི་རྒྱབ་ལ་ཆོང་། ཡིག་གིས་འདོམས་དགོས་ཏེ། མདུན་གྱི་བཀའ་
ཁྲ་འདི་ནང་གི་སྤྲོད་འཇལ་སྒྲུབ་བླངས་གཙང་མ་གྲུབ་པས་ད་ཕྱིན་ནས་ཁག་མེད་ཁག་འདོགས་དང་ང་མིན་ཁོ་ཡིན་སོགས་སྙོག་མ་གཏིང་སློང་
བྱས་པ་ཤར་ན། གསེར་བསིལ་མའི་སྲང་འདི་བསྒུབ་ཞེས་སོ་སོའི་ཐེལ་རྩེ་བླངས། འདི་བཞིན་གྱི་མི་སྣ་ཕྱ་དཔངས་འདི་བཞིན་གྱི་ཐེལ་
རྩེ་ཞེས་བསྡམ་དགོས་ཤིང་། ཡང་གཉེར་ཚང་རྫོང་དཔོན་ལྟ་བུས་ཁྲ་མ་གཏོང་ན། ལོ་ཟླ་ཚེས་གྲངས་འདི་ཞེས་བྱ་བར་ཁྲ་མ་འདྲ་གཉིས་

0133.jpg

རེ་བདུན་
༄༅། །སུ་བཏང་དོན། ཁྱེད་གཉིས་ལ་འཁོན་རྩ་ཆེར་མེད་པར་བྱུར་ཆགས་ཀྱིས་འདི་ཞེས་རྐྱེན་ལམ་དུ་བཏང་འདུག་པར། ཐོག་
མར་ཁྲིམས་པ་གོང་གི་སྐུ་རྒྱལ་འདི་བཞེས་བསྒྲུབ་པ་དང་། ལག་དམར་གྱིས་ཁྲིམས་འདོགས་དྲན་འཛིན་སྨར་གསེར་ཕྱེད་མའི་སྲང་གསུམ་བསྲུབ
ཤིང་༑ དགེ་སྟོང་གི་སྤྲོད་འཇལ་སྤངས་བླངས་དགོས་པ་ཞེས་ཁྲིམས་སྲོལ་གང་ཡོད་གོང་ལྟར་བྱེད་ཅིང་། ཡང་བར་མི་བསམ་ཆེན་ནང་་་
སྡུམ་ལ་ཁྲིམས་པ་ནས་དགོངས་པ་ཞུས་པའི་རིགས་ལ། དཔེར་ན་ལོ་ཟླ་ཚེས་གྲངས་འདི་བཞེས་ལ་ཁྲ་ཆུང་འདྲ་གཉིས་སུ་བཏང་དོན། རྐྱོན་
འདི་དང་འདི་ཞེས་བྱ་བ་བྱུང་འདུག་ཀྱལ་སོགས་རྒྱུ་མཚན་ཀྱང་ཕན་ཚུན་བློ་ཁ་རྫོགས་ཐབས་རགས་རིམ་རྒྱབ་ནས། དེ་རྣམས་ཀྱི་གསུང་

0134.jpg

རིགས་སྦྱངས་བཤད་ཁོག་ཏུ་ཐུས་པར་ཞུས། སོ་སོའི་དོན་དགོངས་བཞེས་གནང་དགོས་སམ་ཉམས་བཞེས་གནད་དགོས། ཐོག་མར་
ཁྲིམས་པའི་ཞུ་བགོགས་ཟེར་བ་བྱས་ནས། སོ་སོའི་ནས་མི་བསད་འཆར་ཅན་གྱི་སྐུ་རྒྱལ་སྟེངས་སུ་ཆད་འགྲོས་ཀྱི་ཕྱེད་ཙམ་རྩིས་་་
པའི་ཚན་གྲངས་འདི་ཞེས་ཁྲིམས་སར་འབུལ་བ་དང་། དགེ་སྟོང་གི་སར་མ་བབས་ཁྲིམས་སྲོལ་གང་ཡོད་དང་། འདི་སྐབས་ལག་
དམར་གྱི་མི་བདག་ལ་རྒྱལ་ཡུལ་སུ་སྲང་གསུམ་སྤྲོད་དགོས་ཤིང་། རོ་འོག་ཏུ་སྨས་ཟེར་ཀྱང་བར་གཟུ་འདི་ལ། འདས་པོས་ལག་
དམར་ལ་སྨས་བཅོས་ན་སྨས་ཚབས་ཆེ་ཆུང་གི་སྨས་འཇལ་རྒྱལ་ཡུས་སྟེངས་ནས་གཅོད་ཅིང་། ཚིག་འདྲ་མི་འདྲའི་བཤགས་བདེན་

0135.jpg

རེ་བརྒྱད་
༄༅། །ཡུས་ཀྱང་འདི་སྐབས་སུ་བྱེད་སྲོལ་མེད་ཅིང་སྤྲོད་འཇལ་ཞེ་ཐག་རྣམས་ནི་ཁྲིམས་སྲོལ་གང་ཡོད་དགོས་པ་དང་། ཡང་
ནང་སྡུམ་གཙང་མའི་ཁྲིམས་སར་ཞུ་མ་ཐལ་བ་དང་། དགོངས་ལེན་མ་ཞུས་པ་ཡིན་ན། ཐོག་མར་ཉན་ཡིག་བླངས་སྟེ། དཔེར་ན་བར་
པའི་མིང་བྱས་ཏེ། འདི་ཞེས་པ་ནང་པར་རམ། ནང་པོར་རམ། དེད་ངོ་བདག་མིང་འདི་ཞེས་ཕན་ཚུན་མཐུན་གྲུབ་ཀྱི་ཉན་ཡིག་
ཕུལ་དོན། ད་ལམ་གྱི་བཟློས་སྐོར་འདི་ལ་ཆེ་གཅོད་ཅི་འདྲ་ཞིག་གནང་སོང་ཀྱང་། རི་འཁང་མདུན་བསྟན་ཕྱི་འགྲོས། ཆེ་སྙན་་་
བསྒུལ་བསྐྱོད་མི་བྱེད་བྱས་པ་ཤར་ན། ཁྲིམས་བདག་ཞབས་དྲུང་དུ་འབའ་གསེར་སྲང་འདི་ཞེས་སྒྲུབ་ཀྱི་ཉན་ཐེལ་དང་། སོ་སོའི་་་

0136.jpg

ཁག་འཁུར་བསྡུས་ཏེ་ཁྲ་མའི་ཚིག་རིགས་དང་གཞན་གོང་འདྲ་བ་ལ། འདི་སྐབས་སྐུ་རྒྱལ་འདི་ལུང་ཚན་གྱི་རྫོང་དཔོན་ནམ་སྐུ་ཚབ། ཡང་
ཕོ་བྲང་འོག་ཏུ་ཡིན་ན་ཕྱག་མཛོད་དུ་འབུལ་ཞིང་། ལག་དམར་གྱིས་མི་བདག་ལ་རྒྱལ་ཡུས་སོགས་གོང་བཞིན་བྱས་ཏེ། ཚོད་ཡིག་གི་སྐབས་
འབའ་བསྡོམས་ནོར་གཏེ། མནའ་འཇོགས་སོགས་ཇི་ལྟར་འོས་པ་བྱེད། བར་པ་བསམ་ཆེན་ལ་ཕྱོགས་ཀྱིས་བར་པ་གཤགས་ཀྱི་དྲས་་
གདན་བཞེས་ལོད་པའི་ཕྱོགས་འབུལ་དང་། ལབ་རྒྱུ་དགོས་པ་ཡོད་ཀྱང་དོན་དུ་ཕྱོགས་ཕྱོགས་ནས་བཀུར་བསྟི་ཞབས་ཏོག་བཀའ་དྲིན་བསབ་
ལུགས༑ ཁྲིམས་པར་ཐུག་ན་མི་སྣ་ཧོར་འདྲའི་འགྲོ་སྒོ་ནས་བརྩིས་པ་སོ་སོ་ནས་བྱེད་དགོས། མི་བདག་མེད་ཀུས་བསད། ཇག་

0137.jpg

རེ་དགུ་
༄༅། །པ་རྒྱ་འདྲེས་བསད་བ་ལ་ཁྲིམས་པ་མི་དཔོན་གཙོ་རྒན་གྱིས་མི་བདག་བྱས་པའི་ཆད་པ་མི་བསད་དཔེ་འདྲེ་དང་།
སྟོང་དགེ་ཐོག་ཏུ་དྲིལ་བའི་དགེ་འདུན་ངན་སློང་སོགས་ལ་དགེ་རྩར་འགྲོ་བ་བྱེད་དགོས་པའི་ཁྲིམས་ལུགས་སུ་འདུགགོ། ༈ །།
བཅུ་པ་སྨས་པ་ཁྲག་གིས་ཞལ་ལྕེ་ནི། སྔར་གྱི་ཁྲིམས་ཡིག་རྙིང་པ་རྣམས་ཁ། མི་རབ་ཁྲག་ལ་ཐིག་ཞོ་དང་། མི་མཐའ་ཁྲག་ལ་ཐིབ་
སེ་ཟེར་བ་གྲགས་འདུག་ནའང་། འདིར་མི་དོད་མི་སྙོམས་པའི་འབངས་ཀྱི་གྱེན་སློག་ལྟ་བུའི་སྨས་པ་ལ། སྨས་ཚབ་ཆེ་ཆུང་གི་ཡིན་ལག་གི་
སྟེང་དུ་རྩ་གཙོ་དཔོན་གཡོག་གི་སར་དཔོན་པོས་ལག་ཐལ་བ་ལ། སྨས་གསོས་ལྷ་རྗེ་སོགས་ངོ་ཚ་ལ་དཔགས་པའི་བདག་རྐྱེན་བྱེད་ལུགས་

0138.jpg

ཉེས་བྱས་ལ་དཔགས་པའི་བྱེད་པ་མ་གཏོགས། དཔོན་གཡོག་གི་གོ་རིམ་གྱིས་རྨས་འཇལ་གྱི་སྲོལ་མེད། ཕན་ཚུན་འདྲ་འོས་
ཀྱི་སར་རྣས་འགྲམས་ལ། སྔ་སོར་རྨ་འོག་ཏུ་ཤགས་དོར་ཟེར་བ་གཅིག་འདུག་ཀྱང་། དེས་ན་བདེན་པ་བདེན་མེད་དུ་འགྲོ་
བ་འདུག་པས། འདིར་བདེན་པ་གཙོ་བོར་བྱས་ནས། མི་འོས་པའི་ལག་འཇོག་བྱས་པའི་རྐྱེན་མ་ཐེག་པའི་ཚུར་ལག་སློག་་
པའི་རྨས་ལ་རྒང་གསོས་མ་གཏོགས་འཇལ་གཅོད་མི་དགོས། ཕན་ཚུན་གྲི་འདོན་སྔོན་མ་ལ་གྲི་ཆད་འོས་རིགས་དང་མ་སྤམ་
གྱི་བདེན་བརྫུན་ཆད་འགྲོས་ཁྲིམ་ས་ནས་བསྔགས་པའི་ཕན་ཚུན་རང་གི་སྐོར་མ་ལུས་ཀྱི་གཉེན་པོར་ཕན་ཚུན་གསོད་གྲི་རྒྱབ་ན་

0139.jpg

བདུན་ཅུ་
༄༅། །རྨས་འཇལ་ཐོབ་ཐང་གི་སྟེང་དུ་གསོན་སྟོང་རྨར་གསེར་གྱི་སྲང་གང་། ཕྱེད་སོགས་ཀྱི་འགྲོས་བདེན་འབྲེལ་ངང་མཚུངས་
པར་བྱེད། རྨས་རང་གི་སྐོར་ལ་མི་དྲག་པའི་རིགས་ལ་གསོན་སྟོང་རྒྱལ་ཡུས་རྨས་གོས་ཁྲག་གདན་ཞེས་རྣས་འཇལ་བསོད་པོའི་སྟོང་་
ནས་བཤགས་པའི་བཞི་ཟུར་སོགས་ཆེ་ཆུང་གི་འགྲོས་རྨས་ཚབས་ཆེ་ཆུང་ལ་དཔགས་པའི་གཅོད་པ་དང་རྨས་གོས་མ་གོས་གཟན་གཡོག་
དགོས་པ་དང་། ཁྲག་གདན་ལ་ཕྱིང་པ་སྣམ་དཀར་སོགས་སྤྲོད་དགོས་པའི་རྒྱུན་འདུག་ཀྱང་། ཕྱིས་མི་དྲག་པའི་རྨས་འགྲམས་ཆེར་མི་
ཡོད་ཞིང་། བྱུང་ཀྱང་སྐབས་བབས་བདེན་འབྲེལ་དང་མཐུན་པར་བྱེད། གཟའ་པ་འབྲིང་ལ་ཆ་བཞག་པའི་རྨས་ལ་ཉེས་པ་ཆེ་ཆུང་

0140.jpg

བདེན་འཛུན་བཤེར་བའི་གདན་ཚིག་གཞིར་འཇོག་པ་སོགས་གོང་གི་གཞི་ནས་བླངས་པའི་ད་ལྟ་ཡོངས་སུ་གྲགས་པའི་མེ་ཞོ་གྲས་སྲང་ཞེས་
མེ་དུ་རྒྱབ་ལ་ཐུན་གསུམ་གྱི་ཡུལ་ཞེ་རེ་དང་། གྲས་པ་ལ་ཐུན་གསུམ་གྱི་སྲང་རེ་བྱེད་པ་ཞིག་འདུག་པ། སྤྱི་ཙམ་དུ་ངེ་ཁ་དགོས་པ་འདུག་་་
ཅིང་༑ ཞིབ་པརེ་ན་དཔྱད་ཀྱི་གྲངས་ཀྱང་ཚབས་ཆེ་ཆུང་ལ་དཔགས་པའི་སྲང་གྲངས་མཐོ་དམན་བྱེད་དགོས་པ་དང་། རྨས་པ་ལ་ཡང་་་་
གཏིངས་གནད་ཆེ་བར་སྲང་དོ་གསུམ། གཏིང་གནད་མེད་པའི་ཁ་སོར་བཞི་ལ་ཆ་བཞག་པར་སྲང་རེ་གཅོད་དགོས་པ་སོགས་དེ་ཁའི་
འགྲོས་ཀྱིས་ཤེས་པར་བྱེད་དགོས་ཤིང་། གྲུས་ས་ལ་རུས་པ་ཆེ་ཆུང་ལ་དཔགས་པའི་གསེར་དང་མཉམ་འདོགས་བྱེད་ཟེར་བ་ཞིག་འདུག

0141.jpg

དོན་གཅིག་
༄༅། །ཀྱང་༑ དེ་རང་ཅུང་ཞིག་ནད་པ་ལ་གུད་པར་འགྲོ་བསམ་པས། རུས་པ་སྲན་མ་ཙམ་ལ་ཞེ་རེ་བྱེད། ཁྲག་
ཤོར་ཆེ་བ་ལ་ཁྲག་གདན་རྣམ་ཡ་སྤེན་ཐབས་སོགས་སྐབས་དང་བསྟུན་པར་བྱེད། དེ་ཁའི་ཐོག་ནས་བདེན་པ་རྨས་པེ་ལ་མེད་་
ན༑ རྨས་སོས་བདེན་ཡུས་ཚན་གྲངས་ལྔ་ཚན་གསུམ་ཚན་ཙམ་གཏོང་བ་མ་གཏོགས་འཇལ་ཐོག་ནས་མི་གཅོད། རྨས་་
མཉམ་བྱུང་ལ་དེ་ཁའི་ཕན་ཚུན་རྨས་འགྲམས་ཆེ་ཆུང་གི་འཇལ་གྱི་སྤྲོད་སྒོ་རྩིས་འཐབ། རྨས་པོ་ལ་རྒྱག་མིས་ཞག་བདུན་ཁོངས་
སུ་རྩམ་ཁལ་གཅིག་ནས་དྲུག་གི་བར། ལུག་ཤ་སྟོད་ནས་ཚིག་ཤ་སྟོད་སྨད་ཀྱི་བར་དང་། མར་ཁལ་གི་ཅིག་ནས་ཆང་རྒྱུ་སོགས་

0142.jpg

སྨས་ཚབ་ཆེ་ཆུང་ལ་དཔགས་པའི་སྤྲོད་པ་དང་། ལྷ་རྗེ་ཚར་གཉིས་ཀྱི་བར་འབོད་ཅིང་། དེ་ཁའི་རིང་ལྟོ་ཆང་རྫོང་དུ་སོགས་ཀྱང་
བབ་ཐོན་ལྟར་བྱེད་དགོས་པ་རྨས་སོས་མི་ལེན་བ་ཀྱང་ཁྲིམས་ལ་མི་བཏུབ་ཅིང་། རྒྱག་མཁན་གྱིས་རྨས་གོ་སོས་ལྷ་རྗེ་སོགས་་་
ཀྱང་བལྟ་མེད་བྱས་ཀྱང་མི་བཏུབ་པས། ཁྲིམས་མཐུན་ལ་རྨས་གསོས་འདི་སྤྲོད་ལེན་བྱེད་དགོས་འཇལ་གཅོད་ཀྱི་སྐབས་རྨ་གསོས་
དང་༑ ལྷ་རྗེའི་ལྟོ་རྫོང་རྨས་འཇལ་སྐབས་འདབ་ཆོད་དུ་རྩི་བ་ཁྲིམས་རྒྱུན་དུ་འདུག་པ་དང་། སོ་འཆག་སྐྲ་ཕྱི་བ་ལ་དང་པོའི་་་
ཁྲིམས་ཡིག་རྙིང་པ་རྣམས་ན་སོ་རྟ་སྐྲ་ལུག་ཟེར་བ་འདུག་ཀྱང་། དེ་ཕྱིས་མི་དར་ཞིང་། སོ་འཆག་པ་ལ་གོང་གི་རུས་པའི་ཆ་་་

0143.jpg

དོན་གཉིས་
༄༅།  །འགྲོས་ལས་ཆེ་ཙམ་བྱེད་པ་དང་། སྐྲ་ལ་ན་བུའི་རྐང་གཉིས་གསུམ་ཙམ་ལ་ཞོ་རེ་གཅོད་པ་སོགས་སྐབས་དང་་་
སྦྱར༑ དབང་པོའི་སྒོ་མིག་སོགས་དང་། ཡན་ལག་ཉིན་ལག་སྐྱོན་ཅན་དུ་བཏང་ན། མི་དེ་ཁའི་ཁུང་སྟོང་གི་ཐོབ་ཆ་ནས་བརྩིས་པའི་
བཞི་ཟུར་གསུམ་ཟུར་ལྔ་ཟུར། སྤྱིར་དབང་པོ་ཡན་ལག་སྣང་ཆེ་ཆུང་ལ་དཔགས་པའི་གཅོད་རྒྱ་བྱེད་དགོས་པ་ཡིན་ནོ། ༈ །
བཅུ་གཅིག་པ་བསྙོན་ཧམ་མནའ་དག་གི་ཞལ་ལྕེ་ནི། ཡིན་མིན་བསྙོན་བྱུང་བ་ལ་མནའ་བྱེད་དགོས་ཤིང་། མནའ་ཞེས་པ་རང་ལུས་
གདོང་དྲངས་པོར་ཡོད་པའི་དཔེ་དར་བཞག་ནས་མནའ་ཞེས་ཀྱང་ཡིན་ཞིང་། ངོ་བོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས། རྒྱུ་འཕྲུལ་་་་

0144.jpg

ཟག་བཅས་ཀྱི་མངོན་ཤེས་ཡོད་པའི་བསྲུང་མ་དཔང་དུ་བཙུགས་ནས་བདེན་བརྫུན་འབྱེད་དགོས་པ་འདི་ལ། མནའ་མི་བསྡུ་སྐབས་ཁྲིམས་
ཡིག་རྙིང་པ་རྣམས་ན། གསེར་བྱ་དང་པ་རྙིལ་མ་འཛིན། དུག་སྦྲུལ་ནག་པོ་ཐུར་ལ་མ་རྒྱུག ཕོ་རོག་ནག་པོ་ལ་རྡོ་མ་རྒྱག
ཁྱི་མོ་ཚང་མར་དབྱུག་པ་མ་བརྡེག གཡུ་ཆུང་གྲུ་དམར་རྩར་ལ་མ་རྒྱུ་ཟེར་བ་འདུག་པས། གསེར་བྱ་དང་པའི་དོན་ནི། བླ་མ་་་
དགེ་བའི་བཤེས་གཉེན་ཡུལ་མཉན་པ་དང་། བཙུན་པ་ལ་མནའ་མེད་པའི་མནའ་མིར་མི་བསྡུ། དུག་སྦྲུལ་ནག་པོ་སྔགས་པ་ནུས་པ་་
ཅན་གྱི་ཐབས་རྟེན་འབྲེལ་གྱི་སྒོ་ནས་མནའི་ཉེས་པ་བསེལ་ནུས་པས་མནའ་མིར་མི་བསྡུ། ཕོ་རོག་ནག་པོ་ནི་མི་ལྟོགས་ཧྲལ་དང་རང་

0145.jpg

དོན་གསུམ་
༄༅།  །འདོད་ཅན་ལྟོ་གོས་དང་རང་འདོད་ཀྱི་ཉེས་པ་དོར་ནས་མནའ་ཟ་ནས་མནའ་མིར་མི་བསྡུ། ཁྱི་མོ་ཚང་མ་ནི་སྐྱེ་ད་མན་
རང་གི་འཛའ་བོ་དང་ཕྲུ་གུའི་ཕྱིར་དུ་མནའ་ཟ་བས་མནའ་མིར་མི་བསྡུ། གཡུ་ཆུང་དྲུག་དམར་ནི་བྱིས་པ་རྣམ་དབྱེ་མ་ཕྱེ་བ་དང་། གླེན་་
ལྐུག་རྣམས་ཀྱིས་མནའི་ཉེས་པ་དང་སྤང་བླངས་མི་གོ་བས་མནའ་མིར་མི་བསྡུ། མནའ་མི་ལག་འདོགས་ཀྱི་འོས་ཅི་འདྲ་ཞིག་དགོས་ན།
མི་དོན་གཉིས་ཤིས་ཤིང་ཧ་གོ་བ། གཏན་ཚིགས་ཆེ་བ། དྲང་ཤིང་ཚད་པ་ལས་རྒྱུ་འབྲས་ལ་རྩི་བ་སྐྱེལ་འགག་ལ་དགྲ་ཡ་དང་ཁ་
མཐུན་པ་ཞིག་དགོས་ཤིང་། དེ་ལྟར་མ་རྙེད་ན། མངོན་གསུམ་དུ་བདེུན་བརྫུན་སྟོན་ནུས་པའི་རྡོ་སྣུམ་ལྕགས། འདམ་སྐོལ་ཆུ་

0146.jpg

ལག་སོགས་བྱེད་དགོས་ཤིང་། འདི་རྣམས་ལ་བདེན་པ་ཡོད་མེད་རི་ཚིག་རྟེན་འབྲེལ་ཆས་སོགས་ཀྱི་ཐོན་མི་ཐོན་ཡོང་བ་སྟེ། བདེན་
པ་གཙོ་བོར་ཡིན་ཀྱང་། རི་ཚིག་ཟུར་གྱིས་བདེན་པ་ཡོད་ཀྱང་མི་ཐོན་པ་ནི། བྱ་བ་ཆེ་ཆུང་གང་ལ་ཡང་བསམ་པ་ཤར་རི་ཟེར་བ་་
བཅུག་ན། མི་ནི་འགྱུ་བ་དང་སེམས་འདི་གང་ལ་ཡང་འཆར་བས། དཔེར་ན་དཔེ་རིགས་མཚོན་པའི་ཚིག་ཟུར་འགྲོས་ཀྱིས་
མནའ་ལ་ཐོ་འཕོག་པའི་རི་ཚིག་མི་འཇུག རྟེན་འབེལ་གྱི་བདེན་པ་མེད་ཀྱང་ཐོན་པ་ནི་བསྲུང་བ་ཟབ་མོ་མན་ངག་སོགས་དང་།
མི་དྲན་གསལ་གྱིས་མི་གཞན་མ་ཞིག་གི་ཐོད་པ་རང་གི་ཐོད་པ་རང་གི་མགོ་ཐོག་རུ་བཀབ་ནས། ཐོད་པ་འདིའི་འོག་ཏུ་བྱ་བ་་་

0147.jpg

དོན་བཞི་
༄༅།  །འདི་འདྲ་ཞིག་མི་བྱེད་ཟེར་བ་བསྐྱལ་ནས་ཐོད་པ་དེ་བོར་ན། དེའི་རྟེན་འབྲེལ་གྱིས་ཐོན་པར་འགྲོ་བ་དཔེ་འགྲེ་བ་་
དང་༑ ཆས་ཀྱི་སྒོ་ནས་མནའི་ཉེས་པ་ནི། ལུས་གཅེར་བུ་བྱས་ནས་ཀོ་དམར་གདན་དུ་གཏིང་། བྲང་ལ་བྲོད་པ་ཁྲག་གིས་བཀང་
ནས་ཞལ་ཞལ་ཡོང་བར་བྱས་ན། རྣམ་རྟོགས་གིས་རྗེས་ས་འབྲངས་ནས་མནའི་ཉེས་པ་ཡོད་བ་སོགས་དེས་མཚུངས་ཤིང་། ཡང་
མི་རྣམ་རྟོག་མེད་ཅིང་བདེན་པས་ཡུས་པ་ཞིག་ཡོད་ན། གོང་གི་རྣམ་རྟོག་རྣམས་ཅི་ཡོད་ཀྱང་ཁོ་རང་གི་བདེན་པའི་ངོ་བོ་ལ་སེམས་རྩི་
གཅིག་ཏུ་གཏང་ནས། ཡེ་ཤེས་ཀྱི་ལྷ་ལ་བདེན་པ་བདར་ན། ལྷ་དཔང་དུ་ཡེ་ཤེས་པ་བཞུགས་པའི་གཟིགས་པས་བདེན་ཐོག་ཏུ་་

0148.jpg

ཐོན་པ་ཡོད་ན་ཡང་། མི་བྱིངས་ཀྱི་རྣམ་རྟོག་མང་བ་དང་། རྣམ་རྟོག་གི་རྗེས་སུ་འཇུག་པས་དེས་ན་ཁྲིམས་པའམ་བར་པས་ཚད་མ་ཞིག་བྱེད་
དགོས་ཏེ། དེ་ལ་ཐོག་མར་བསྒག་ཁྲ་ལྷ་དཔང་འདས་མ་འོང་ད་ལྟ་དུས་གསུམ་གྱིས་བདེན་བརྫུན་གཟིགས་པར་ཡེ་ཤེས་ཀྱི་སྤྱན་
དང་ལྡན་པ་ཞིག་དང་། དེ་ཁའི་རྗེས་གཅོད་ཅིང་ཡིན་མིན་གྱི་ཆད་པ་མྱུར་དུ་འབེབས་པར་འཇིག་རྟེན་གྱི་ལྷ་དྲག་རྩལ་ཆེ་བ་དང་།
མནའ་བསྐྱིལ་མཁན་རང་གི་ཕོ་ལྷ་སོགས་དཔང་དུ་བཙུགས་ནས་མནའི་འབྱེད་ན། གསེར་སྐྱེམས་མནའ་ཆུ་སོགས་ཆས་་
བསྒྲིགས་པ་དང་། རྡོ་སྣུམ་འདི་སྐོལ་ཆུ་ལག་སོགས་བྱེད་ན། ལྷ་ཡོལ་ལྷ་གདན། མགར་བའི་ཆས་རྡོགས་གྲུམ་མེད་པ། ཟངས་

0149.jpg

དོན་ལྔ་
༄༅།  །སམ་ལྕགས་སླང་དུ་སྣུམ་གཙང་མ་ལག་མགོ་ནུབ་ཙམ་དཀར་ནག་ཞོ་བཏེག་གི་ཡང་ལྕི་མེད་པའི་མཐེབ་མགོ་ཙམ་་་་
གཉིས་དང་། ཡང་འདི་འདམ་སྐོལ་ཆུ་ལག་བྱེད་ན་ཁྲོའི་ནང་དུ་འདམ་གར་སླ་ཞོ་ཙམ་ལག་མགོ་ནུབ་ཙམ་དང་། ཡང་ཆུ་སྙོག་མ་རྡེའུ་མི་
མཐོང་བ་ལག་མགོ་ནུབ་ཙམ་བསྒྲིག་ནས། དེ་རྣམས་རི་ཚིགས་ལ་ཕན་བསྡུང་ཡང་བྱས། ཁྲིམས་པ་བར་པ་དབྱིངས་ས་ཉི་འགྱངས་
མེད་པར་བསྡད། རི་ཚིག་རྣམས་སོ་སོའི་འདོད་ཁ་དང་ཆིག་ཟུར་གྱིས་ངན་གཡོར་མ་སོང་བའི་ཁྲ་མྱུར་བཀོད། ཐོག་མར་རི་ཚིག་དེ་་
དག་དཀྲུས་བྱེད་མི་ངེས་ཕུད་ཡོད་ན་དང་། ཡང་བསྐྱེལ་བསྒག་ལ་མ་འཆམ་ན་ཤོ་རྒྱག་བྱས་པའི་གོང་གི་ཁྲ་མའི་ཚིག་རིགས་ལ་ཡོང་བ་་་

0150.jpg

ལྟར་ཐོབ་སོས་མནའ་གཟུ་འདམ་པ་དང་། ཤོར་པོས་སྐྱིལ་བསྒྲག་འདམ་དགོས་པའི་ཤོ་ནང་དུ་གང་ཤར་བའི་བསྐྱིལ་མཁན་དེ་ལ། མི་སྣ་བར་་་
པས་རི་ཚིག་ཚར་གསུམ་རྣ་བར་སོན་པ་དང་། ཧེས་ཡུལ་དུ་ངེས་པ་བསྒྲགས་པ་དང་། འབྲུ་རེ་རེ་གཉིས་ནས་སྦྱངས་བཤད་གཏོང་ཞིང་།
དེ་ལ་ཐོན་པ་ཐག་ཆོད་བྱུང་ན། མནའ་ས་མགོན་ཁང་། གཞི་བདག་གཉན་པོ། རྒྱལ་པོའི་དཀོར་ཁང་སོགས་སུ་འཁྲིད་ལ་སྐྲ་་་་
བསྙིལ་བ་གྲི་དང་བསྲུང་བ་འཇོག་པ། ལུས་ཀྱི་སྟོད་གཅེར་བུ་བྱེད་པ་སོགས་མི་དྲག་ཞན་དང་། དོན་འབྲས་འགངས་ཆེ་ཆུང་སོགས་
སྐབས་དང་བསྟུན་པ་བྱེད་ཅིང་། མནའ་ས་ཆེ་ཆུང་ལའང་ལག་འདོགས་ཀྱི་སྟེང་གོས་གྲི་བསྲུང་འཇོག་པ་ལས་སྤྲོས་པའི་མནའ་ཆས་

0151.jpg

དོན་དྲུག་
༄༅། །མི་དགོས། གསེར་སྐྱེམས་བཏང་བདེན་པ་བདར་ནས་བསྒག་ཁྲ་ཐེལ་ཚེ་ཁོ་རང་གི་མཆིལ་མས་རྒྱབ་སྟེ། ལག་སྦྲེལ་
དང་ལག་འདོགས་ཡོད་ན་ལག་གདང་བྱས་ཡི་གེ་ཤེས་ན་རི་ཚིག་ཀློག་པ་དང་། ཡི་གེ་མི་ཤེས་ན་ད་ལམ་རི་ཚིག་འདི་ནང་བཞིན་ཐོན་པ་དང་། འགལ་
བར་སོད་ན་འདི་ནང་གི་ཆད་པ་རྣམས་མངོན་སུམ་དུ་ཕོབ་ཅེས་རི་ཚིགས་མགོ་ཐོག་ཏུ་ལེན། ཡང་རྡོ་བྱེད་ན་རི་ཚིག་གོང་གི་སྟེངས་སུ་ད་ལམ་གྱི་རྡོ་
དཀྲུས་འདི་བདེན་པ་གཏན་ཚིགས་ཀྱི་སྒོ་ནས་བླངས་པ་མ་གཏོགས། ཐབས་རྟེན་འབྲེལ་གྱི་སྒོ་ནས་བླངས་པ་ཡིན་རི་སྤར་ནས། རྡོ་་་
ལེན་མཁན་རྩེ་སྤྲོད་ཡིན་ན། སོ་སོར་གོང་གི་ཆས་རྣམས་བསྒྲིགས་ནས་ཨ་རས་གསོལ་ཁ་བདེན་བདར་བྱས། མགར་བས་ཐབས་ཁ་

0152.jpg

སོ་སོར་བྱས་ནས་རྡོ་མི་ཐུབ་འཇོག་པ་ཙམ་ཆེ་ཆུང་མེད་པ་རེ་བསྲེག རྡོ་ལེན་མིའི་ལག་པ་ཆུ་དང་འོ་མས་ལེགས་པར་བཀྲུས། ལག་པའི་་
སྨེན་པ་སོགས་སྔར་གྱི་སྐྱོན་རྙིང་པ་རྣམས་ལ་སྣག་རྟགས་རྒྱན་རྡོ་སྐྱ་རིམ་མེ་སོང་བར་བསྲེག་ནས་བཀྲབ་སླང་དུ་སྟོན་ནས་ས་ཡན་མེ་རོ་མེད་པར་
བཀྲབ། དེ་ནས་བཀྲབ་སྡེར་དུ་བཏོན་ནས་གོང་བཞིན་བྱས་ཏེ། ལེན་མཁན་གཉིས་ཀྱི་ལག་པར་གཏང་ནས་གོམ་པ་གསུམ་མམ་བདུན་
གྱི་བར་ལག་པ་གཉིས་སུ་ཕར་སྒྲིལ་ཚུལ་བསྒྲིལ་བྱས་ནས་གོམ་ཚད་ཀྱི་སར་འཇིག རྡོ་མེ་ཐུབ་ཡིན་ངེས་ཐེངས་གསུམ་གྱི་བར་དུ་མི་དཀྱིལ་དུ་
ཐོར་ན་བདེན་པ་ཡོད་པས་ལེན་མི་དགོས་ཀྱང་ཟེར། དེ་ནས་ལག་པ་རས་ཀྱིས་བལྟུམ། ཁྲིམས་པའི་མི་རྣའི་དམ་ཕྲུག་གིས་མནན། ཞག་

0153.jpg

དོན་བདུན་
༄༅། །གསུམ་མམ་བདུན་གྱི་བར་བཞག་སྟེ། དམ་ཁ་ཕྱེ་བས་ཐོན་པ་རྣམས་ལ་རྡོ་ལམ་ཞེས་ལག་པའི་གུང་ལ་སེར་ཐལ་་་
ཙམ་རེ་ཡོད་ཞིང་། གཞན་མ་སྐྱེན་མེད་དུ་འདུག་ན་གཙང་མར་ཐོན་པ་དང་། ཆུར་སྲན་མ་ཙམ་ཞིག་བྱུང་ན་འཕྲན་བུའི་སྐྱོན་ཡོད་པས། ཐོན་
མ་ཐོན་ཕྱེད་མར་བྱེད། གསུམ་ཤར་ཚེ་མ་ཐོན་པར་འགྲོ། སྔར་གྱི་སྣག་རྟགས་རྒྱབ་པའི་སྐྱོན་རྙིང་པ་རྣམས་འདིར་མི་རྩི་བ་སོགས་གཞིགས་པ་
ཆུག་པར་བྱས་ཏེ་བདེན་བརྫུན་དབྱེ། ལྷ་ཡོལ་ལྷ་གདན་ཨ་ཏའི་ཟ་སྒོ་དང་། བཀྲབ་སླང་བཀྲབ་སྡེར་མགར་བའི་ཟ་སྒོར་གཅོད། སྣུམ་
བྱེད་པར་ཤར་ན་རི་ཚིག་གོང་དང་འདྲ་བ་ལ། ཚིག་གི་འདོན་ཆ་བསྒྱུར་བའི་གོང་བཞིན་ཞིབ་པར་བྱས་ནས། གཞུང་གི་དགོངས་ཚོམས་ཀྱི་་་

0154.jpg

དག་དཀྲུས་ལ། སྣུམ་དང་སྣུམ་གནོད་གཉེར་ཚང་ནས་གནང་། རྩེ་སྤྲོད་ལ་སོ་སོ་རང་གི་བསྒྲིག་དགོས་ཅིང་། ཡང་ཡོག་ལ་གྱི་ས་གཅིག་གི་
ལེན་ན་སྣུམ་དང་སྣུམ་སྣོད་སྤྲོད་མཁན་གྱིས་བབ་ཐོབ་ཡིན་ཀྱང་ངན་བྱེད་བྱུང་དོགས་པའི་ལན་མཁན་རང་གིས་བསྒྲིག་དགོས་པར་འདུག་ཅིང་།
དེའི་དོད་སྤྲོད་མཁན་གྱི་མི་སྣ་ལ་བབ་ཐོག་ཏུ་སྤྲོད། ལེན་སྐབས་ལེན་མིའི་ལག་པ་བཀྲུས། བསྒྲག་ཁྲ་ཀློག་ལུགས་ཐེལ་
ཚེ་རྒྱག་པ་སོགས་གོང་བཞིན་བྱས་ལ། རྡེའུ་དཀར་ནག་སྣུམ་དཀྱིལ་དུ་བསྐྱུར་ལ། སྣུམ་སྐོལ་ཐག་ཆོད་པའི་ཚད་ནས་རྡོག་་་་་
བསྐྱུར་ནས་གས་འགྲོ་བར་ཆ་བཞག བསྒག་ཁྲི་མགོ་ཐོག་ཏུ་འཁྱེར་ལག་པས་དཀྲུག་པའི་རྡེའུ་གང་བྱུང་གཅིག་ཁྱེར། ཐོན་ངེས་

0155.jpg

དོན་བརྒྱད་
༄༅།  །ན་སྣུམ་འཇལ་ཞིང་རྡེའུ་དཀར་པོ་ལག་ཏུ་འཕྲོད་ཅིང་། རྡེའུའི་ཤུལ་མ་གཏོག་སྐྱོན་མི་ཡོང་། མི་ཐོན་ན་སྣུམ་་་
ལུད་པ་དང་། མེ་འབར་བ་སོགས་བྱེད་ཅིང་། དཀྲུགས་པས་རྡེའུ་ནག་པོ་ལག་ཏུ་འཕྲོད་པ་དང་ལག་པར་ཆུར་རྒྱབ་པ་དང་ཚིག་འགྲོ་བ་་
སོགས་མི་རུང་བ་ཡོང་ཞིང་། ལག་པར་སྐྱོན་བྱུང་ནས་རྡེའུ་དཀར་པོ་ལོན་ན་ཐོན་མི་ཐོན་ཆ་ཕྱེད་ཡིན་པའི་རྟགས་ཡིན་ཀྱང་། དེང་
སང་དེས་སྣུམ་ཐོན་པའི་གྲལ་དུ་མཛད་ཀྱི་འདུག་པས་དེ་ཁ་བཞིན་བྱེད་དགོས། ཡང་རྡེའུ་མེད་པར་སྣུམ་མཛུབ་མོས་དཀྲུགས་ནས་་་་
སྐྱོན་བྱུང་མ་བྱུང་ལ་བརྟགས་བྱེད་པ་ཞིག་འདུག དོན་འབྲས་འགངས་ཆེ་ཆུང་ལ་དཔགས་པའི་དེ་ཀྱང་བྱེད་ཅིང་། ལྕགས་ནི་་་་

0156.jpg

གདམས་ངག་བཞིན་འགྲོ་བས་ཕྱིས་བྱེད་མཁན་ཆེར་མི་ཡོང་། བྱེད་ཀྱང་རི་ཚིག་སོགས་བྱེད་ལུགས་རྡོ་དང་འདྲ་བ་ལ། ལེན་པ་དང་ལྡག་
པར་བྱས་པའི་སྐྱོན་བྱུང་མ་བྱུང་ལ་བརྟགས་པ་བྱེད། འདམ་ཆུ་སོགས་ནི་སྐོལ་བའི་རྡེའུ་འཇུག་པ་སོགས་སྣུམ་དང་འདྲ་བ་ཡིན་ནོ༎
༈ བཅུ་གཉིས་བརྐུས་པ་འཛལ་གྱི་ཞལ་ལྕེ་ནི། བཙན་པོའི་ཁྲི་འཇལ། དཀོན་མཆོག་གི་བརྒྱད་བཅུ་འཇལ། མཉམ་
པའི་བདུན་བསྒྱུར་ངོ་བརྒྱད། བརྒྱད་འཇལ་ངོ་དགུ། སྐྱིན་ཁྲིད་ཚབ་གསུམ། རྐུན་ཤ་ཁྱིས་ཁྱེར་ངོ་ཚ་སྤྲད་རིམ་སོགས་རྣམ་གྲངས་
མད་དུ་འདུག་པ། བཙན་པོ་ནི་དཔོན་པོའམ། ལུང་པའི་གཙོ་བོ། ཡུལ་གྱི་མགོ་དཔོན་ལ་ཆ་བཞག་པ་ཡིན་ཞིང་། དཀེན་མཆོག་

0157.jpg

དོན་དགུ་
༄༅། །ནི་བླ་མ་དགེ་འདུན་གྱི་རྫས། ལྷ་ཁང་གི་རྟེན་མཆོད་ལ་སོགས་པའོ། ཡུལ་པ་མི་སེར་འདྲ་མཉམ་གྱིས་ནས་བརྐུས་པ་
ལ་བདུན་འགྱུར་ངོས་བརྒྱད། ཁྱིམས་ཚེས་ཡུལ་ཚོས་བརྐུས་པ་ལ་བརྒྱད་འཇལ་ངོ་དགུ། ཐག་རིང་མི་ལོག་གིས་བརྐུས་པ་ལ་སྐྱིན་ཚག་གསུམ་གསུཾ།
འདི་རྣམས་ལ་འཇལ་དང་བསྟུན་པའི་ཆད་འགྲོས་ཀྱང་ཐོབ་ཅིང་། གླེན་ལྐུགས་སམ་མཐའ་འཁོབ་སྐད་རིགས་མི་གཅིག་པ་ཡུལ་འཁྱར་ནས་་་
ལྟོག་པས་མ་བཟོད་པ་ལ་ངོ་ཚ་སྤྲོད་རིན་ཟེར། ལྟོ་གོས་ཀྱི་མཐུན་རྐྱེན་སྟེར་དགོས་པ་དང་། ཡང་མ་བརྐུས་པར་བརྐུས་ཁག་བྱུང་ནས་་་་
བཙུགས་པལ་བརྐུས་རབ་བཙུགས་རབ་ཟེར་ཆད་པ་ཙམ་མ་གཏོགས། བརྐུས་པ་དང་ཁྱད་མེད་པར་འཇལ་འཇུག་མཁན་ལ་འཁྲི་ཞིང་།

0158.jpg

ཡང་རྙེད་ཉེས་པ་དང་བརྐུས་པ་ལེགས་པ་ཟེར་རྙེད་པ་ལ་སྦེད་བློ་བྱས་པ་དང་། གཞན་ལ་བཙུགས་པ་དང་། ཧམ་པས་བརྙོན་པ་སོགས་མ་
སྐྱོན་ཚབ་ཀྱི་འཇལ་གཅོད་དགོས་ཤིང་། རྐུན་ཤ་ཁྱིས་འཁྱེར་ནི། རྐུན་མས་ཁྱེར་བ་གཞན་གྱིས་འཕྲོགས་ནས་ནོར་བདག་ལ་སྤྲད་ན་བརྔན་་་
པར་ཟོག་གི་ཕྱེད་སྤྲོད། རྙེད་པ་ཚོང་འདུས་སམ་འདུས་ཆེ་སར་གཏམ་བསྒྲགས་རྙེད་དེ་ཟེར་བ་ལ་ཟོག་གི་གསུམ་ཟུར་བརྔན་པར་སྤྲོད། རྙེད་
པ་ཟོན་མེད་དུ་བཞག་ནས་རྟ་བོང་ལ་སྒ་མ་རྒྱབ། ར་ལུག་གི་སྤུ་མ་བྲེག་བྲེགས་པར་ལོ་འཁོར་ནས་སྤྲད་པ་ལ་དངོས་པོའི་བཞི་ཟུར། གཞན་
མ་རྙེད་པ་དཀྱུས་མ་རྣམས་ལ་བརྔོན་པའི་སྟེར་ལུགས། ལྟོ་སྟེར་ཆང་སྟེར་ཁྲིམས་དང་མཐུན་པར་བྱེད་ཅིང་། རྐུན་མ་རྨས་པ་ལ་འཇལ་་་

0159.jpg

བརྒྱད་ཅུ་
༄༅། མི་དགོས༑ ཀུན་མ་རྒྱང་བརྡས་རྒྱང་རྡོས་བསད་པ་ལ་སྟོང་ཟོང་ནག་རྦད་ཆོད་སྟོང་བཞུག་རླུང་འཁྱེར་སོགས་ཤིན་ཏུ་
ཟོང་མ་གཏོགས་དགེ་བ་མི་དགོས། རྐུན་མ་བཟུང་བསད་བྱས་ན་དགེ་སྟོང་ཁྲིམས་མཐུན་བྱེད་དགོས། རྐུན་མ་བཙོན་དུ་བཟུང་བ་ལ་སྲོག་རིན་
སྲད་ལྔ་ནས་གཅིག་གྲི་བར་སྣང་ཆེ་ཆུང་གི་མིན་པ་སྐབས་དང་བསྟུན་དགོས་སོ། ༈ བཅུ་གསུམ་པ་ཉེ་འབྲེལ་འབྲལ་འདུམ་གྱི་་་
ཞལ་ལྕེ་ནི། དཔེར་ན་བཟའ་ཚོ་དགའ་དུས་ཀྱིས་བྱས་པ་དང་། བར་མི་བཅུག་ནས་བྱས་པ་སོགས་དང་། སྐྱིད་སྡུག་བསྲེས་པ་
གང་ལ་ཡང་ཐོག་མའི་ཁ་དན་གྱི་རིགས་དང་། འབྲལ་དགོས་པའི་རྐྱེན་ཁའི་རྩེ་བ་ནས་ཞིག་ཏུ་བཅད་པའི་བདེན་པ་གཙོ་བོར་དགོས་་

0160.jpg

ཤིང་༑ དེ་ལ་དང་པོའི་ཁྲིམས་ཡིག་རྙིང་པ་རྣམས་ན། ཕོ་བསྐྱུར་ཞོ་བཅོ་བརྒྱད་སྟག་གིས་བྱ་རུ་ཅན། མོ་བསྐྱུར་ཞོ་བཅུ་གཉིས་གཟིག་
གི་ཐིག་ལེ་ཅན། ཞེས་འདུག་པས། ངོ་བོ་གོང་གི་བདེན་པ་ཕོ་ཆེ་ནོ་ཕོ་བསྐྱུར་མོས་ཐུན་གསུམ་གྱི་ཞེ་བཅོ་བརྒྱད་དང་། བདེན་ཡས་་་
ལུས་གང་སྤྲོད་པ་དང་། གོས་ཙམ་གཟན་ཙམ་གཡོག་དགོས་པ་དང་། ཆེ་བ་ལ་གསོན་སྟོང་སྒྲིག་པ། ཆུང་བ་ལ་གསུམ་ཚན་གཏོང་བ་སོགས་སོཊ་
བདེན་པ་ཆེ་ཆུང་ལ་དཔགས་པའི་སྤྲོད་འཇལ་བྱེད་ཅིང་། བདེན་པ་མོ་ཆེ་ན་ཕོས་བསྐྱུར་ཞོ་བཅུ་གཉིས་དང་། གཡོག་གླ་ཟས་ཐུད་ཅེས་ཉིན་
གླ་བྲེ་གསུམ། མཚན་གླ་བྲེ་གསུམ། ཡང་ཉིན་གླ་སེ་བ་རེ་མཚན་གླ་བྲེ་གསུམ་མའི་ཆ་ཆེ་ཆུང་མི་འཁུངས་དང་འགངས་ཆེ་ཆུང་ལ་

0161.jpg

གྱ་གཅིག་
༄༅།  །དཔགས་པ་བྱེད། ཟས་ཐུད་མེ་རང་བསྡད་རིང་ཕ་མིང་གིས་བྱིན་པའི་གོས་གཟན་གང་ཟད་ཀྱི་གུང་བསྒྲིག ཕོ་་
ནོར་མོ་ནོར་ཞེས་བདེན་པ་ལ་མ་ལྟོས་པའི་ཕ་མིང་གི་བཏགས་པ་མོ་ལ་འཇགས་པ་དང་། ཁྱོ་ཕོས་བཏགས་པ་ཁྱོ་ཕོ་རང་ལ་སྤྲོད་པ་ཀུན་
ལ་བྱེད་ཅིང་། མོ་བདེན་པ་ཆེ་ཡང་ཁྱོ་ཕོས་བདེན་ཡུས་ཀྱི་མིང་དུ་བཏགས་པ་མོ་ལ་སྤྲོད་མི་དགོས། ཡང་ཕྲུ་གུས་འབྲེལ་ན་་
བུ་ཕ་བདག་བདག་པ་དང་། བུ་མོ་མས་གསོ་དགོས་པ་སོགས་ལ། བུ་ལ་ནུ་རིན་ཞེ་གྲངས་སུ་འགངས་ཆེ་ཆུང་ལོ་དཔགས་པ་་་
གཅོད་པ་དང་། བུ་མོ་ལ་ལྟོ་སྐལ་གཅོད་པ་མ་ལ་ལྟོ་སྐལ་ས་ཞིང་ཁང་པ། བཏགས་པའི་ལུས་ཆས་འཇགས་པ་སོགས་བྱེད་

0162.jpg

ལུགས་སྐབས་དང་བསྟུན་པར་བྱའོ། ཡང་སྤུན་ཕ་བུ་ནང་ཚང་གི་འབྲལ་འདུམས་ལ་ཕྱོགས་ཕྱོགས་སུ་མི་ངོ་མང་ཉུང་ལ་དཔགས་པའི་སྐྱེ་
རྒྱལ་གྱི་བསྐལ་བའི་བཞི་ཟུར་ཙམ་བྱེད་འགྲོས་སྐྱེ་དམན་ལ་ཕྱེ་ནས་མགོ་ཐག་བཤས་ཀྱི་ས་ཁང་ནོར་རྫས་གང་ཡོད་བགོས་ཁྲ་སྙོམས་པར་
བྱ༑ ཕ་མ་དང་རྒན་མགོ་འདམ་ཁ་གཏོང་། གཞན་མ་ཤོ་རྒྱག་འདམ་རེས་སོགས་གང་རུང་བདེན་མགོ་དང་བསྟུན་པ་བྱེད།
ཡང་བུ་མོ་ཁྱིམ་དུ་འགྲོ་རྒྱུ་ཡོད་ན་སྐལ་རྫོངས་གང་ཐོབ་ལུགས་སྲོལ་ལྟར་སྤྱི་ཐོག་ནས་འཇོག ཡང་བཙུན་མ་ཡོད་ན་ཐབ་ཆས་ཞིང་
སྐལ་ལམ་ཆོས་རྒྱགས་སྐྱེལ་དགོས། གོས་གཟན་བཅོ་བ་སོགས་དབྱེ་བ་འབྱེད། བཙུན་པ་ལ་ཡང་དཔེ་མཚུངས་པའི་རྒྱ་དབང་

0163.jpg

གྱ་གཉིས་
༄༅།  །རིག་པས་དཔྱད་ནས་འབྱེད་དགོས་ཤིང་། ཡང་རིགས་རུས་མི་གཅིག་པ་སྐྱིད་སྡུག་མཉམ་དུ་ཚོགས་ནས་སླར་བྲལ་
བ་ལ་ཚོགས་དུས་ཀྱི་རྒྱུ་ཆེ་ཆུང་དང་བཅས་པ་རྩ་བ་ཡིན་མིན་འདོན་པ་ཆེ་ཆུང་སོགས་ཀྱིས་སྒོ་ནས་བདེན་ཐོག་ཏུ་འཁྱོལ་བའི་གཅོད་རྒྱ་བྱེད་
དགོས་པ་ཡིན་ནོ། ༈ བཅུ་བཞི་པ་བྱི་བྱས་བྱི་རིན་གྱི་ཞལ་ལྕེ་ནི། སྔོན་གྱི་ཆོས་རྒྱལ་ཁྲིམས་ཡིག་རྙིང་པ་རྣམས་ན།
བྱི་བྱས་པའི་ཡན་ལག་གི་བྲན་གཅོད་ནས་ཡུལ་གཞན་དུ་ཅུགས་ཞེས་པ་འདུག་ཀྱང་། འདི་ནི་བླ་མ་དཔོན་པོ་སོགས་ཀྱི་བཙུན་མོ་ལ་མི་
འོས་པའི་བྱི་བྱས་ན་དེའི་ནག་ཏུ་གཅོད་ཟེར་བའི་ཚིག་དོན་ཡནི་ཞིང་། གཞན་མ་རང་བཞིན་གཅོད་རྒྱ་བྱེད་པ་ལ། ཁྲིམས་ཡིག་རྙིང་

0164.jpg

པ་འགའ་ཞིག་ཏུ། རླིག་ཞོ་ དཔོག་སྲང་ གྲ་ལུག་ རྩི་དར་ ཁྱབ་རྟ་ ཞོལ་གཡག་ཟེར་བ་འདུག་ནའང་འདིར་བདེན་པ་གཙོ་་་
བོར་བྱས་ཏེ་མི་ཁུངས་མི་མཉམ་པའི་བྱི་འཇལ་སྲང་གསུམ་དང་། གསོན་སྟོང་གི་ཁུངས་ཀྱི་སྟོང་གི་བཞི་ཟུར། རྒྱལ་ཡུལ་ཇ་བར་་་
སྡུམ་གྱིས་གཙོས་པའི་བདུན་ཚན་བྱེད། ཁུངས་འདྲ་བ་ལ་ཁྲིམས་མེད་ཀྱི་བྱ་བ་བྱས་ན་བྱི་འཇལ་གསོན་སྟོང་སོགས་བསྡེམས་པར་་་
སྲང་གསུམ་ནས་དོའི་བར་དང་། རྒྱལ་ཡུས་གོས་གཟན་གྱིས་གཙོས་པའི་ལྔ་ཚན་བདུན་ཚན་གང་རིགས། སྐྱེ་དམན་གྱིས་ཚུར་་་
འགེབ་པ་བྱས་ན་བྱི་འཇལ་སྲང་གང་། རྒྱལ་ཡུས་དཀར་ཡོལ་གྱིས་གཙོས་པའི་གསུམ་ཚན་ཙམ་མ་གཏོགས་གསོན་སྟོང་གི་མིང་དུ་་་

0165.jpg

གྱ་གསུམ་
༄༅།  །བཏགས་པ་མི་དགོས། བཙུན་མ་ཕབ་པར་དགོན་པའི་སྒྲིགས་བཅའ་ཡིག་ལ་གང་ཡོད་བྱེད་དགོས། ཡང་བདག་
ཅན་ཁྱོ་ག་ཁྱིམ་ཚེས་ཀྱི་སྐྱེ་དམན་གྱིས་བསླང་ཐབས་བྱས་ན། སྐྱེ་དམན་བདག་ཅན་མོ་རང་ལ་རྒྱལ་ཡུས་ཇ་བར་སྡུམ་གྱིས་གཙོས་པའི་བདུན་
ཚན༑ དཀར་ཡོལ་གྱིས་གཙོས་པའི་ལྔ་ཚན་སོགས་རྣམ་དཔངས་ཆེ་ཆུང་མ་དཔགས་པའི་གཅོད་རྒྱ་བྱེད་ཅིང་། ཡང་བྱེས་སམ་ཐེངས་
རེ་གཉིས་ཀྱི་ཁྱོགས་བཀབ་པའི་འཛེམ་ཆ་བྱས་རིགས་ལ་རྒྱལ་ཡུས་སོགས་སྤྲོད་མི་དགོས་པ་ཡིན་ནོ། ༈ བཅོ་ལྔ་པ་་་
ནམ་ཕར་ཚུར་གྱི་ཞལ་ལྕེ་ནི། དཔེར་ན་སེམས་ཅན་རྟ་དྲིལ་མཛོ་གཡག་སོགས་གང་རུང་གཅིག་མི་གཅིག་གིས་གཡར་ནས་གཡར་

0166.jpg

མཁན་གྱི་ལག་ཏུ་ཤི་ན་ཟི་ཁུངས་ཀྱི་རིན་འཇལ་པ་དང་། སྐྱོན་མེད་དུ་འཕྲོད་ནས་ཞག་ལོན་ཤི་ན་གཡར་མཁན་ལ་ཁག་དཀྲིས་
མེད་པ་དང་། ཡང་སྐྱོན་མེད་དུ་འཕྲོད་ནས་ནམ་ཕྱེད་ཚུན་ལ་ཤི་ན། གཡར་མཁན་གྱིས་རིན་སྤྲོད་དགོས་པ་དང་། ནམ་་
ཕྱེད་ཕན་ལ་ཤི་ན་ནོར་བདག་གིས་རིན་གྱི་རྩོང་གླེང་མི་བྱེད་པ་རྣམས་སྔོན་གྱི་ཁྲིམས་ཡིག་རྙིང་པ་ནའང་འདུག་ཅིང་། ད་ལྟ་ཡང་
དེ་ཁ་བྱེད་དགོས་པ་དང་། ཡང་དཔེར་ན་སྒ་རྨ་སོགས་རྐྱེན་རྩ་ལ་བརྟེན་ནས་ཤི་བ་བྱུང་ན་རྐྱེན་རྩ་ཆེ་ཆུང་གིས་རིན་གྱི་ཆ་ནས་སྤྲོད་་
ཅིང་༑ རིགས་དེས་མཚུངས་པའི་གཡར་པ་ཐམས་ཅད་ལ་དཔེ་འདྲ་བྱེད་དགོས་པ་ཡིན། ཚོང་དུས་ཀྱི་རྟ་མི་བར་ཟན་འདི་་་་

0167.jpg

གྱ་བཞི་
༄༅།  །ཡང་རང་ཁྲིམས་བཙན་པ་ཞིག་འདུག་པས་ཐམས་ཅད་ཀྱིས་ལུགས་སྲོལ་ལྟར་འཁུར་དགོས་ཤིང་། གནས་པོ་བར་
པས་ཀྱང་བྲེ་ལོག་སྲང་ལོག་འཛུགས་པ་དང་། གཞི་བདག་བསྐོར་བ་སོགས་ལ་དངོས་པོའི་རིན་གྱི་གསུམ་ཟུར་གནས་པོས་མཇལ་ཤ་མིན་
ཟོག་མིན་བཙོངས་པ་ལ་དངོས་པོ་ཚད་ལྡན་གྱི་རིན་ཚོང་ཡ་ལ་སློག་ཅིང་། ཁྲིམས་པའི་ཆང་འགྲོས་ཞག་ཏུ་སོང་བའི་ཚོད་སློག་པ་ལ་
དངོས་པོ་ཁལ་ཉི་ཤུ་རི་བ་ལ་ཁལ་བཞི་སློག ཟོག་མི་འོས་པའི་བཅོས་མད་ཅན་ལ་ཚོད་ཐག་ཚོད་ཀྱང་ཚོད་སློག་མི་དགོས། རྩིས་
ལོག་ལོ་འཁོར་ཀྱང་གནས་པོ་བསྡམས་པའི་སླར་རྩིས་བསྡུས་དགོས། གཞན་ཡང་སྣ་ཚོགས་པ་ལ་ཚེར་མ་ཤིང་གཟན་པ་སོགས་

0168.jpg

ལ་མེ་རྒྱབ་ན། ཉེས་པའི་ཆད་ལས་གོང་བཞིན་འགྲོ་དགོས་པ་གཞིར་བཅས་ཤིང་། བདག་པོ་ལ་དེ་ཁའི་ཚབ་འབུན་འགྲེས་སུ་བསྒྲིགས་
པ་དང་། རྒྱལ་ཡུས་འོས་བབ་ཏུ་གཏོང་བ། ཡང་དབྱར་གྱི་ཞིང་ལ་བསམ་ངན་གྱིས་ཆུ་གཏོང་བ་དང་། སྔོ་རས་བྱེད་ས་སེམས་་
ཅན་གཏོང་བ་སོགས་བྱས་ན་ཡང་གོང་དུ་ཆད་འགྲོས་གཞིར་བཅས་ཤིང་། བདག་པོ་ལ་དེ་ཁའི་སྟོན་ཐོག་གི་ཁུངས་སྒྲིག་པ། རྨོད་ཁྲོལ་
ས་བོན་གྱི་ཚབ་སྤྲོད་པ་སོགས་སྐབས་དང་བསྟུན་པར་བྱེད། ཡང་རྩ་རིགས་ལ་བདག་ཐོབ་མཐོ་མཚམས་ལ་སེམས་ཅན་རྩྭ་སྙེག་ཆེད་
གཏང་དུ་བྱས་ན། མཐོ་ཁོངས་སུ་གང་སླེབ་ཀྱི་སེམས་ཅན་བཅུས་གཏོང་བ་དང་། སྔ་སོར་གྱི་ཡིག་དན་ཡོད་ན་འབའ་སེལ་ཙམ་་་་

0169.jpg

གྱ་ལྔ་
༄༅།  །འགེལ་བ་སོགས་བདེན་ཡུས་ལ་དཔགས་པ་བྱེད། ཡང་ཤེད་མ་ཆུག་པའི་སེམས་ཅན་ཤོར་བ་རྣམས་ལ་སྤྲོད་འཇལ་མི་་
དགོས་སོ། ༈ བཅུ་དྲུག་པ་མཐའ་འཁོབ་ཀླ་གློའི་ཞལ་ལྕེ་ནི། ལྷོ་མོན་ཧོར་སོགས་རྣམས་ལ་དར་ཞིང་། དེ་ཡང་ལྷོ་་
མོན་འདི་ཀླ་གློ་ཁོ་ནར་སོང་བས། གླེན་ཞིང་ལྐུགས་པས་ཁྲིམས་ཆེར་མི་ངར་ཞིང་། བོད་དུ་འཁོ་ཡང་ཆུང་བར་འདུག་པས་སྟོང་
གི་རྣམ་དབྱེ་ཙམ་ལ་གཏོགས་གཞན་མ་འདིར་མེ་བྲིས་ཤིང་། ཧོར་སོག་གེ་སར་དམག་གི་ཁྲིམས་དང་རྒྱ་ནག་གི་ཁྲིམས་ཀྱི་ལུགས་
ཤིན་ཏུ་དམ་ཤིང་། ཁྲིམས་ཀྱི་རྣམ་གྲངས་མང་བར་འདུག་ནའང་འཁོ་ཆེ་བ་རྣམས་འདིར་བྲིས་པ་ལ། ཧོར་སོག་གི་ཁྲིམས་དམ་པ་

0170.jpg

གཅིག་ལ་ཨེམ་ཕྱི་ཞེས་པ་གཞུང་ས་ཆེན་པོའི་མི་སྣ་གསེར་ཡིག་ལ། སྣེའུ་ལ་ཤུ་སུ་སྤྲོད་ཅེས། རང་གཞན་གྱི་སྡེ་གང་དུ་སླེབ་ཀྱང་རྟའུལ་གང་་་
དགོས་རྟ་ཁྱུ་ནས་ཟིན་ཆོག་པ་དང་། ཞག་འཕོག་དྲོ་ཚུགས་གང་དུ་ཕོག་ཀྱང་བཞོན་མ་དང་འགེལ་པ་ཕུད་པའི་ནོར་ལུག་ཁྱུ་ནས་མི་མང་ཉུང་
གི་ཟ་ཚོང་འཐུང་ཆོག་ཅིང་། ནང་ཁྲོལ་མགོ་ལྤགས་མི་འཁྱེར། ནང་འཐབ་བྱུང་ན་འཇོག་ཐབ་དང་། གར་བ་ལ་ལྕག་སྐོར་རྒྱག་རེས་
དང་༑ དེ་བས་གར་བ་ལ་རྟ་ཐོག་ཏུ་ཐེན་ནས་ཞུ་སྟོང་འཐེན་འགེངས། རྟའི་ཁ་བསྐོར་ཕར་ཤུར་ཚུར་ཤུར་བྱེད་པ་མ་གཏོགས་གྲོ་མི་་
འདོན༑ མདའ་མི་རྒྱག གྲི་བཏོན་ན་ཡ་ལ་རྡ་འཕྲོག མདའ་བཏོན་ན་གཞུ་འཕྲོག རྒྱབ་པར་སོང་ན་རྟ་ལེན། རྨས་ན་

0171.jpg

གྱ་དྲུག་
༄༅། །རྟ་ཁྲབ་བླངས་ཏེ། ཁྲབ་དཔོན་གྱི་བླངས། རྟ་རྨས་མ་མ་སྤྲོད། བསད་པ་རྣམས་ལ་མོན་དུ་མི་འབྲིང་མ་གཡ་་་
མིག་བརྒྱང་ཅུ་མ་ཟེར། གཡུ་མིག་རེ་ལ་བ་གླང་རེའི་ཐག་བྱས་ནས། བ་གླང་བརྒྱད་ཅུ་རེ་སྤྲོད་པ་སོགས་འདུག་ཅིང་། ཧོར་ལ་མཛོ་
མལ་དྲུག་ཅུ་རི་མི་འབྲིང་གི་སྟོང་དུ་བྱས་ནས། མཛོ་མལ་རེ་ལ་འབྲང་འབྲི་ཁལ་ཞེས་འབྲི་བཞོན་མ་རེ། གཡག་འགེལ་ས་རེ་བྱེད་ཀྱི་་་་
འདུག བོད་ཀྱི་རྨར་ཞོ་འབེབས་ཀྱི་ཚབ་ཏུ་གསུམ་སྤྲོད་དུ་བྱེད། སྙིང་གནོན་གྱི་ཚབ་ཏུ་ལག་དམར་གྱི་བུ་མོ་གཉེན་སྡེབ་ནས་ལེན།
ཆོད་ཡིག་ཀྱང་འདིས་གོ་ཆོད། བརྐུས་པ་ལ་དཔོན་གྱི་རྟ་ཁེབ་བརྐུས་ན་རྟ་ལེན། འདྲ་མཉམ་ལ་ནོར་ལུག་གང་འོས། དེ་ལས་

0172.jpg

ཆེ་བའི་བརྐུན་མ་ལ་ཁོ་ལ་མོ་ཁ་བལྟབ་ཟེར། ནོར་གང་ཡོད་ཀྱི་ཕྱེད་བླངས་ནས། དེའི་ཕྱེད་མ་དཔོན་གྱི་ལེན། ཕྱེད་ནོར་བདག་ལ་སྤྲོད། ལོང་
རྭ་ཅན་གྱིས་བསད་པ་ལ། རུ་དམར་དགྲ་ལ་རྒྱུག་པའི་སྐབས་སུ་རྒྱུག་རྟ་ཞེས་རྟ་བཟང་བ་རྣམས་སྔོན་ལ་རྒྱུགས་ཏེ། རང་རང་རྟའི་བཟང་
ཁྱད་ཀྱི་གང་ལོན་པ་རང་རང་གིས་བདག་རྟ་མཉམ་མགྱོགས་བྱུང་ན་རྟོ་ལྕག་སྐྱུར་སྔ་ཕྱིའི་རྟ་ལྕག་གང་སླེབ་ཀྱི་ནོར་རང་གི་བདག ར་ཟླ་་
སླེབ་པའི་ནོར་ཕར་འཚོར་ལ་ཁད་ལ་རོགས་སླེབ་ནས་ལྷོགས་ན་བགོ་བཤའ། དམག་ཐོག་ཏུ་རྒྱུགས་པའི་མི་ཟིན་པ་དང་བསད་པའི་
དོན་ལ་དགྲ་དེ་རང་རྟ་གོ་ཁྲབ་ལེན། རི་དྭགས་པ་རྣམས་ཀྱིས་དོན་ལེན་ལུགས། རྔ་མ་རྟ་པོའི་མགྱོགས་དར་ཡིན། གཞུང་ཀོ་མི་

0173.jpg

གྱ་བདུན་
༄༅། །ཕོའི་མཐོ་བ་དར་ཡིན། ལྕེ་དྲན་དཔའ་བོའི་དཔའ་རྩལ་ཡིན་ཟེར། འབྲོད་ལ་མདའ་སྔོན་མ་དམར་ཙམ་སུས་ཐེབས་
པ་དེས་དོན་དེ་རྣམས་ལེན་ནོ། ཡང་དོན་རྗེ་བལ་ཟུག་བཞི་མིན་པ་དང་། རྐང་ཡ་ལག་ཡ་ལེན་པ་ཀྱང་འདུག་གོ། རི་དྭགས་གཅིག་གིས་
འདེད་པ་དེའི་ཁ་ཚར་གཅིག་གིས་རྒྱུགས་ཏེ་བསད་ན་དེ་ལ་ཡ་ལ་ཆེན་པོ་བྱེད། ཇག་གི་རིགས་ལ། དེ་སྔ་ཤེར་གྭ་གྭ་རོག་རོག་ཞེས་གཙང་
བ་གཅིག་དང་། གསུམ་སྤྲོད་ཟེར་འབྲིང་བ་གཅིག་དང་། ཕྱེད་ཤེར་ཟེར་མོད་པ་སྤྲོད་ལུགས་གསུམ་འདུག་པས། གཞུང་གི་སྒེར་རུང་་
དང་༑ བྱང་རིགས་སྦྲ་ནག་འཛིན་མི་ལ་གསུམ་སྤྲོད་དང་། མོན་རང་ཀླ་ཀློ་རྣམས་ལ་ཕྱེད་བཤེར་སྤྲོད་པའི་སྲོལ་བྱས་ཏེ། དེ་ཡང་ཇག་་

0174.jpg

པ་མནའ་བསྐྱེལ་ཟེར། ཇག་པ་རང་གི་སྦྲང་དཔོན་གྱི་སྐལ་ཡིག་རྒྱབ། གཟས་པ་ལྷུངས་པ་དང་ལས་ལུས་ཕུད། བགོད་ཁོངས་སུ་
སེམས་ཅན་ཁ་གྲངས་འདི་ལས་བྱུང་རི་གསུང་རབ་མགོ་ཐོག་ཏུ་བཞག་ནས་མནའ་སྐྱེལ། དཔོན་གྱི་གནང་ཕུང་དང་། ཇག་དཔོན་གྱི་
གནང་ཕུང་། ཨ་མཆོད་དཔོན་གྱི་ལས་ཚན་རྣམས་ཀྱིས་ས་ཁང་སློངས་པ་རྣམས་མི་ཡོང་། ཤེར་ལེན་གྱི་མི་སྣ་ལ་ཆས་ཁའི་ཤ་རྒྱུ་སྤྲད་
པ་རྣམས་ཤེར་ཐོག་ཏུ་རྩི་དགོས་དེ་ཕྱིན་ལག་ཐོག་སྤྲོད་རྒྱུ་རྣམས་ལ། གསུམ་སྤྲོད་སེམས་ཅན་ཆེ་ཆུང་ཅི་ཤོར་ཀྱང་ཁ་གྲངས་ཇག་པས་
མནའ་སྐྱལ་བ་རྣམས་ལ་གསུམ་ཟུར་དུ་བྱས་ནས། གསུམ་གཅིག་ལ་ཁ་གཙང་། གསུམ་གཉིས་ལ་དབྱར་གཉིས། གསུམ་་

0175.jpg

གྱ་བརྒྱད་
༄༅།  །ཟུར་བེའུ་ལུག་སྤྲོད་པ་དང་། ཇག་པ་ཕྱོགས་ནས་ཀྱང་བར་པ་ཟེར་མིང་གང་ཆུག་བྱས་ནས་བར་ཟན་ཟེར། ཤེར་ཆེ་་
ཆུང་ལ་དཔགས་པའི་ཟ་གང་ཐུབ་དང་། བྱ་འབབ་གཉེར་ཟེར་དཔོན་ཚང་གི་ལས་ཚན་རྣམས་ལན་སྟེར་དགོས། བལྟས་མིག་དམར་མབ་
ཁ་དམར་ཟེར་དཔོན་གྱི་རྟ་རྫི་རྫིའུ་ཆུ་མ་སོགས་ཐམས་ཅད་ཚང་ནས། དེ་རྣམས་ཀྱིའང་འཕྲེལ་གང་ཐུབ་ཞིག་བྱེད་པ་འདག་ནའང་།
སྡེ་སྲིད་ཆོས་ཀྱི་རྒྱལ་པོ་འདི་འིད་ཀྱིས་མཐའ་འཁོབ་ཀྱང་ཁྲིམས་ལ་བཅུག་ནས། གཞུང་གི་སྒེར་རུ་དེད་པ་ལ་ཤེར་གྭ་གྲྭ་རོག་ཏུ་བྱས་ནས་ངོ་
ཡོད་ངོ་བོ་དང་ངོ་མེད་སྐྱིན་ཚབ་སྒྲིག་དགོས་པ་ལ། བཟའ་བཏུང་ཕུད་པའི་ལག་ཡོད་འདི་ལས་བྱུང་རི། ད་ལྟ་ལག་ཐོག་ན་ངོ་མ་

0176.jpg

འདི་ལས་ཡོད་རི། ངོ་མེད་རྣམས་ལ་ཚབ་ལོ་དེས་མི་སྤྲོད་རི། སྟག་ལུང་མཆོད་ཁང་ཇག་པས་དཀྲོགས། དེའི་སྤྲོད་འཇལ་དཔོན་
ཚང་དམག་དཔོན་གྱི་གནང་ཕུད་ཀྱང་རྫོགས་དགོས། བར་པ་དཔོན་ཚང་གི་མི་བཟང་བསམ་པ་ཆེ་བ་གཉིས་སམ་གསུམ། ཤེར་ལྟོས་
ཆེ་ཆུང་གི་ཐོག་མ་ནས་རྒྱས་ཆོད་དུ་མི་བར་པ་བཅུག་པ་དེ་ལ་བར་ཟན་འབྲི་གཡག་གྲུས། ལུགས་གཉིས་གསུམ་སོགས་ཀྱི་མཐོ་
དམན་བཤེར་འགང་ཆེ་ཆུང་དང་། བར་པ་ཁུར་ཆེ་ཆུང་གི་སྟེར་ལུགས་བྱེད། ལས་ཚན་རྣམས་ཀྱིས་སློང་ངན་ལུག་རེ་གཉིས་
གསུམ་བཞི་གང་འོས་སྟེར་དགོས། ཤེར་འདོན་པ་དཔོན་ཚང་རང་གི་སྦྲའི་མདུན་དུ་ཕབ་པ་མ་གཏོགས། ལྟག་ཏུ་བབས་ན་རྣམ་

0177.jpg

གྱ་དགུ་
༄༅། །རྟོག་བྱེད། ཆས་དཔོན་ཚང་རང་གིས་ཀྱང་སྟེར། ཤེར་པས་ཀྱང་འདེགས་དགོས། ཤེར་འདོན་མི་སྣ་ལ་བཅུ་ཁ།
དཔོན་ཚང་རང་གི་བཅུ་ཁ་ལ་ཤ་ཚང་ར་བྱུང་ཀྱང་འཁྱེར་ཤོག མི་ཚང་སྒེར་མགྲོན་གྱི་སྟོན་མོ་ལ་ཤ་ཚང་ར་བྱུང་ན་ཟས་ལྷག་ཡོན་བདག་མར་ཕར་
སྟེར༑ རུ་པ་འདེགས་ཁྲིམས་ལ་ཚེར་ཤུལ་དུ་སྡད་ན་རྣམ་རྟོག་བྱེད་པས་མཉམ་བོར་འགྲིམས། གཞུང་དུ་ཉེས་ཆད་སྟོད་པས་གཡག་གྲུས་
པོའི་ཁ་གྲངས། སྨད་པས་ཇག་པའི་རྟ་འབུལ་བ་འདི་ཕྱིས་དཔོན་པོའི་མཚན་དོན་གྱིས་ཧོར་ཁྲིམས་ལ་ཆུག་སྟེ་སྲོལ་དེད་པ་ཡིན་ཞིང་།
གཞུང་ནས་དོ་དམ་གནང་བའི་ཤེར་ལ་གཞན་མ་གོང་དང་འདྲ། གཞུང་དུ་ཆད་པ་མི་ཡོང་ཞིང་། གནང་ཕུད་ཆ་ཕྱེད་དུ་སླེག་པ་དང་།

0178.jpg

གསུམ་སྤྲོད་དུ་སློག་པ་གཞུང་གི་དགོངས་པ་དང་བསྟུན་མནའ་མདན་གྲི་མདུང་ཚོམས། ལྷ་རྟེན་གྱི་འོག་ལ་འཛུལ་བས་ཐུས་བ་སོགས་ཀྱི་་་
སྲོལ་ཡོད་དོ། དཔེ་རིགས་མཚོན་པའི་བྱ་བ་ཆེ་ཆུང་གང་ལ་ཡང་བཟློས་པ་རྣམས་ལ་ཁྲིམས་པ་བར་མི་སུས་ཀྱང་ཕྱོགས་ཁུངས་མེད་པའི་མི་
ཤེས་གོང་ཕུད། དཀོན་མཆོག་དཔང་དུ་བཙུགས་ནས་དྲང་པོའི་རྒྱབ་སྐྱོར་གཡོ་ཅན་རྣམས་ལ་ཟོན་སྒྲིམས། སྤྲང་ཆལ་གྱི་ཚོང་ཟིན།
ཉེས་པའི་ཚང་གྲུས། མ་ཉེས་པ་ཟོལ་གྱིས་བསྐྱངས་ནས་བདེན་ཐོག་ཏུ་འཁྱོལ་བ་ཞིག་བྱས་ན། མི་སྣ་སྣེ་མོར་སླེབ་པ་རྣམས་ཀྱི་་་་
ཞབས་ཏོག་ཏུ་འགྱུར་ཞིང་། རང་གི་དགེ་བ་ཅི་བྱས་པ་ལ་ཚོགས་ཆེ་བ་བར་མི་རྣམས་ཀྱིས་འདི་བཞིན་སྤང་བླངས་བྱས་ན་མི་གྲལ་དུ་ཆུག་་

0179.jpg

༄༅། །ཅིང་སྤྱི་ཁ་བྱམས་པ། མི་ཐ་མ་ལ་ཞིག་ཡིན་ཀྱང་སྤྱི་དཔོན་དུ་དེ་ཁའི་དགེ་བ་དང་བསོད་ནམས་ཀྱི་རང་བཞིན་ལྷུན་གྲུབ་ཏུ་གྱུར་པ་སོགས་སོཊ་
དཔེར་ན་མང་བཀུར་གྱི་རྒྱལ་པོའི་རྣམ་ཐར་གྱིས་ཤེས་པར་བྱའོ། ཟུར་གནས་དྲང་པོའི་ཐིག་གིས་གཞུང་སྲང་ཞིང་། མི་ཤེས་གོང་ཕུད་ཆོས་རྒྱལ་རྣམ་
ཐར་ལས། རྒྱ་མཚོའི་ཆུ་ཐིག་ཟེགས་མ་འཐུང་པ་ཡིས། འཇིག་རྟེན་ཞལ་ལྕེའི་སྤང་བླངས་སྙོམ་འདུང་ལས། དོམས་པའི་ཡིད་དགའ་ཆ་ཙམ་
འདོད་པ་ཡིས། བློ་རྨོངས་རྣམས་ཀྱིས་འདི་ལ་ཉམས་བཞེས་མཛོད། འགལ་འཕྲུལ་འདུག་ན་ཆོས་རྒྱལ་སྔ་ཕྱི་དང་འཇིག་རྟེན་ཤེས་ལྡན་་་
མཁས་པ་བཟོང་པར་གསོལ། དགེའོ། ༈ གོང་འཁོད་ཞལ་ལྕེ་བཅུ་དྲུག་པ་འདི་གཙང་པ་རང་གི་དུས་ཞལ་ལྕེ་བཅུ་གསུམ་པའི་སྔོན་

0180.jpg

ལ་སྒྲིག་པ་ཡིན་ཚོང་འདུག་ཅིང་། འདི་སྟེངས་ནས་དཔའ་བོ་དང་། རྡར་མ་ཝ། མཐའ་འཁོབ་ཀླ་ཀློ་བཅས་ལེ་མཚན་གསུམ་བཞག་པ་དེར་
ཞལ་ལྕེབཅུ་ག་སུམ་ཞེས་གྲགས་པ་དེ་དེང་དོན་ཞུས་འགྲོ་འདུག ༸ གཞུང་མཆོད་ཡོན་གྱི་མཚན་དོན་གུང་ཁེབས་པ་ནས་བསྒྲིགས་པའི་ཞལ་ལྷེ་
བཅུ་གཉིས་པར་འབོད་པ་ནི་ཞལ་ལྕེ་བཅུ་གསུམ་པའི་མགོ་བརྗོད་བསྡུར་ངོས། དེ་ཐོག་ནས་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ་བཞག་པ་དེ་ཡིན་་་
འདུག། བཀྲ་ཞིས།། ༈ སྭ་སྟི། བསྐལ་པ་བཟང་པོའི་ལེགས་བྱས་མཆོག་ཏུ་དར་ཞིང་ཡངས་པ་བསོད་ནམས་ཀུན་གྱི་་་
གཞིར་གྱུར་པས། བཀྲ་ཤིས་དགེ་བའི་གཏེར་གྱུར་ཡང་དག་བདེན་པར་གསུང་མཛད་ལྷ་མའི་སྟོན་པ་བརྒྱ་ཕྲག་བཅུ། རིམ་པར་བྱོན་་་

0181.jpg

དགུ་བཅུ་གོང་མ་།
༄༅། །པས་མཆོག་གི་བླ་མ་ཟས་གཙང་སྲས་པོ་ཤཱཀྱའི་ཏོག་གི་ནོར་བུ་ཆེར། གུས་པས་རྟག་པར་འདུད་དོ་དེང་འདིར་སྲིད་བཞིའི་
དཔལ་དང་ཡོན་ཏན་ཀུན་གྱི་ཕུན་ཚོགས་སྩོལ། ལེགས་བྱས་སྣང་བའི་གཏེར་གྱུར་པད་དཀར་འཛིན་ངེས་དུས་གསུམ་རྒྱལ་བའི་མཁྱེན་བརྩེ་
སྤྱི་ཡི་གཟུགས། ཐུགས་རྗེའི་ཤུགས་དང་སྐྱེ་དགུའི་བསོད་ནམས་དྲི་བཞོན་ཤིང་རྟས་བོད་ཡུལ་ནམ་མཁའི་དབུས་ཉིད་དུ། མི་ཡི་ཉི་མ་
རྒྱལ་པོའི་རོལ་པར་བསྟན་ནས་ཁྲིམས་ཀྱི་འཁོར་ལོའི་སྣང་བ་གསར་པ་ཡིས། གངས་ཅན་འགྲོ་འདི་མུན་པའི་དགྲ་ལས་རྣམ་པར་རྒྱལ་་་
མཛད་སྲོང་བཙན་སྒམ་པོས་དགེ་ལེགས་མཛོད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འཛིན་རི་ནས། བླང་དོར་འབྱེད་པའི་འོད་ཟེར་འབུམ་

0182.jpg

ཕྲག་བརྒྱ། གཅིག་ཅར་སྟོན་པ་ཁྲིམས་ཀྱི་ཉིན་མོར་བྱེད། ཡི་གེའི་གཟུགས་འདི་ཤར་འདིར་ཐམས་ཅད་ཉོན། འཛམ་བུའི་གྲིང་སྤྱི་དང་། ཁྱད་པར་བོད་སྐད་རིག་ས་གཅིག་
པའི་སྐྱེ་འགྲོ་མཆོག་དམན་ཐམས་ཅད་ལ་གོ་བར་བྱེད་པ་འདི་ལྟར་ཏེ༔ སེམས་ཅན་ཐམས་ཅད་ཀྱི་མངོན་པར་མཐོང་བ་དང་། ངེས་པར་ལེགས་པ་ཐམས་ཅད་ཀྱི་རྩབ་ནི་ལེགས་ལེཊ་
པར་སྤྱང་པ་ལ་རག་ལུས་པར་རྒྱལ་བ་སྲས་དང་བཅས་པས་གསུང་ཞིང་། དེ་ཡང་རྫོགས་རྫོཊ་ལྡན་གྱི་དུས་རྒྱལ་པོའི་ཁྲིམས་ཁྲིཾས་དང་། གཞན་གྱི་འབད་རྩོལ་ལ་མ་ལྟོས་པར། མི་རྣམསརྣཾས་རང་
གིས་དང་གིས་དགེ་བ་སྤྱོད། དེའི་རྗེས་སུ་ཅུང་ཟད་སྤྱོད་པ་བརླང་པོར་གྱུར་པ་ན། འཕགས་པའི་ཐུགས་ཐུཊ་རྗེ་ཞུགས་པའི་རྒྱལ་པོ་ཆེན་པོ་རྣམས་རྣཾས་ཀྱི། ཁྲིམས་ལུགས་ཁྲིཾས་ལུཊ་བཅས་སོ། སྤྱིར་མདོ་
སྡེ་རིན་པོ་ཆེ་རྣམས་རྣཾས་ལས་འཇིག་རྟེན་གྱིས་བདེ་སྡུག་རྒྱལ་ཁྲིམས་ཁྲིཾས་ཆོས་དང་མཐུན་པར་བསྐྱངས་མ་སྐྱངས་ལས་པ་རྒྱས་པར་གསུངས། ཁྱད་པར་གསེར་འོད་དམ་པ་མདོ་སྡེའི་་་

0183.jpg

དགུ་ཅུ་
༄༅། །དབང་པོའི་རྒྱལ་པོ་ལས་བསོད་ནམས་དང་ལྡན་པ་ཞིག་ལྷའི་དབང་པོས་བྱིན་གྱིས་བརླབས་ནས་མའི་རུམ་དུ་འཇུག་ཅིང་། དེ་མིའི་རྒྱལ་པོར་གྱུར་
པ་ལ་ལྷ་ཞེས་བརྗོད་རིགས་པ་དང་། དེས་དགེ་བ་བཅུ་དང་མཐུན་པའི་ཁྲིམས་ལུགས་བཅས་པའི་ཚུལ་རྒྱས་པར་གསུངས་ཤིང་། མདོ་བརྒྱུད་་་་་་་་་
བསྟན་བཅོས་གཞན་དུ་མལས་ཀྱང་རྒྱལ་པོའི་ལགས་ཀྱི་རྣམ་པར་བཞག་པ་མེད་དུ་གསུངས། དེ་རྣམས་དང་མཐུན་པར་རྒྱ་གར་
འཕགས་པའི་ཡུལ་ལ་སེགས་པ། གང་ན་དམ་པའི་ཆོས་རྒྱ་ཆེར་དར་བའི་རྒྱལ་ཁམས་རྣམས་སུ། ཆོས་སྐྱེང་བའི་རྒྱལ་པོ་ཆེན་པོ་
རྣམས་ཀྱི་ཆེས་དང་མཐུན་པའི་རྒྱལ་ཁྲིམས་བཟུངས་ནས་མདའ་འབངས་བདེ་བ་ལ་འགོད་པར་མཛད། ཁྱད་པར་རྒྱལ་བ་ཞེད་ཀྱིས་་་

0184.jpg

རྒྱལ་བའི་བསྟན་པ་བྱང་ནས་བྱང་གི་ཕྱོགས་སུ་རྒྱས་པར་འགྱུར་ཞེས་ལུང་བསྟན་བོད་ཕྱོགས་འདིར་འཕགས་པ་འཇི་རྟེན་དབང་ཕྱུག་
ཉིད་མིའི་རྒྱལ་པོའི་སྐུར་བསྟན་པ་ཆོས་སྐྱོང་པ་འི་རྒྱལ་པོ་སྲོང་བཙན་སྒམ་པོས་དགེ་བ་བཅུའི་ཁྲིམས་བཅས། མི་ཆོས་གཙང་མ་་་
བཅུ་དྲུག་གིས་སྲོལ་བཙུགས་པས་བོད་འབངས་ཐམས་ཅད་བདེ་བ་བཀོད། མཐོ་རིས་ངང་ཐར་པའི་སྒོ་ཕྱེ། ལེགས་བྱས་ཀྱི་སྣང་
བ་དར་ལ་བབ། དེ་ཉིད་ཀྱི་བཀའ་སྲོལ་བཞིན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཡེ་ཤེས་ཀྱི་སྒྱུ་མའི་ཟློས་གར་རྒྱལ་པོ་ཁྲི་སྲོང་ལྡེའུ་
བཙན་དང་། འཕགས་པ་ཕྱག་ན་རྡོ་རྗེའི་སྒྱུ་འཕྲུལ་དྲ་བའི་སྣང་བརྙན་མངའ་བདག་ཁྲི་རལ་པ་ཅན་ལ་སོགས་པ་བློན་པོར་་་

0185.jpg

གོ་གཅིག་
༄༅།  །བཅས་པས་ཞིབ་ཚགས་ཀྱི་བསྟན་ལ་ཕབ་སྟེ་ཚུལ་དང་ཚུལ་མ་ཡིན་པ་རྣམ་པར་ཕྱེ་བས་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་
བླང་དོར་གྱི་གནས་རྒྱ་ཆེར་གཏན་ལ་ཕབ་པར་མཛད། སྔ་ཕྱི་དེ་རྣམས་ཀྱི་སྐབས་སུ་ཁྲིམས་ཡིག་དྲུག བཀའ་གྲོས་ཆེན་པོ་དྲུག ཡིག་་་
ཚད་དྲུག བཀའི་ཕྱག་རྒྱ་དྲུག རྐྱེན་དྲུག དཔལ་ཚན་དྲུག་རྣམས་ལ་བོད་ཀྱི་འཁོས་སུམ་ཅུ་སོ་དྲུག་ཅེས་བྱའོ། བར་སྐབས་སུ་་་
ཇིང་གརི་རྒྱལ་པོའི་ཁྲིམས་སྲོལ་བྱུང་ཞིང་། དེའི་རྗེས་སུ་དྲུང་ཆེན་ཏའི་སི་ཏུའི་ཧོར་བོད་ཀྱིས་ཁྲིམས་ལུགས་བཟང་པོ་རྣམས་བཟུང་བས་
ཀྱང་རྒྱལ་ཁམས་ལེགས་པར་འཇགས། བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་རྒྱ་ཆེར་སྤེལ་བར་མཛད། ཁྱད་པར་ངེད་རང་སྔོན་

0186.jpg

བསགས་དགེ་བའི་སྟོབས་ཀྱི་གླང་ཆེན་དབང་པོ་སྣ་བཞགས་བསྐྱངས་པས། འཇིག་རྟེན་འདིར་ཕན་བདེ་བསྐྲུན་པའི་བྱེད་པར་ཛམ་བུ་ན་དའི་
གསེར་གྱི་བུམ་པ་བསོད་ནམས་ཀྱིས་བདུད་རྩིས་ཡིངས་སུ་གང་བས་སྤྱི་བོ་ནས་དབང་བསྐུར་བས། འཁོར་ཡུག་རྒྱ་མཚོའི་བར་གྱིས་ས་་་
ཆེན་པོ་བཀའ་ཁྲིམས་ཀྱི་གདུགས་དཀར་གཅིག་གིས་ཁྱབས་པར་གྱུར་པ་ན། སང་ས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་འཛིན་དང་བཅས་པ་
མཐའ་དག་མཆོད་པ་དང་། བཀུར་སྟི་དང་། རི་མོར་གྱིས་ཤིང་གུས་པ་ཆེན་པོས་བླ་ན་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་
ཐམས་ཅད་ཀྱང་ཚོར་བ་དང་བལྟ་བས་དབང་གིས་འཁྲུགས་པ་མེད་པར། འཇིག་རྟེན་པའི་ཡང་དག་པའི་བལྟ་བ་འཛིན་དུ་བཅུག་པའི་་

0187.jpg

གོ་གཉིས་
༄༅།  །མཐོ་རིས་དང་། དེ་ནས་བསྐལ་པ་དང་འཚམ་པར་ཐར་པ་དང་གནས་སྐབས་སུ་ཡང་ཕན་བདེ་འབའ་ཞིག་ལ་སྤྱོད་པ་ལ་་་
འགོད་པའི་བསམ་པ་མ་བོར་བ་དང་། རྒྱལ་བའི་བཀའ་དང་ཚད་ལྡན་གྱི་བསྟན་བཅོས་ཆེན་པོ་སྤྱི་དང་། བྱེ་བྲག་རྒྱལ་པོའི་ལུགས་ཀྱི་བསྟན་
བཅོས་མང་པོ་ལ་ཡང་བལྟས། ཆོས་བཞིན་གསུངས་པའི་ཡོངས་འཛིན་དམ་པ་རྣམས་ཀྱི་གསུང་གི་བདུད་རྩི་རྣ་བར་འཐུངས་དེ་ཐམས་
ཅད་ལ་རང་བློས་རྟགས་ཤིང་གཞིགས་ཏེ། རྒྱལ་ཁམས་ཐམས་ཅད་དགེ་བ་བཅུ་དང་ལྡན་པའི་ཁྲིམས་ཀྱིས་སྐྱོང་བ། ཆོས་རྒྱལ་མེས་
དབོན་རྣམ་པ་གསུམ་གྱིས་བཀའ་སྲོལ་བཟང་པོ་དང་མཐུན་པའི་ཁྲིམས་ཀྱི་བཅའ་བ་བྱས་པ་ནི། དེ་ཡང་སྤྱིར་དགེ་བ་བཅུ་འབད་པ་སྒྲུབ་

0188.jpg

ཅིང་༑ མི་དགེ་བ་བཅུ་སྤྲོད་དགོས་པ་ལ། མི་དགེ་བ་སྲོག་གཅོད་པའི་ལས་ལམ་ནི་རྣམ་སྨིན་ལྕི་བ་ཡིན་པས་གཙོ་བོར་སྤོང་དགོས་པ་ཡིན་
ལ༑ གལ་ཏེ་སེམས་བརྒྱུད་རབ་ཏུ་མ་ཞི་བའི་ཉོན་མོངས་ཀྱི་རླབས་ཆེན་པོས། མིའི་འགྲོ་བ་པའི་སྲོག་གཅད་པ་བྱུང་ན། ནང་སོ་རྣམ
གདན་ཐོབ་ཡོང་པའི་གྲས་ཡིན་ན། སྟོང་སྲང་ཉི་བརྒྱ། གྲྭ་པའི་སློབ་དཔོན་དང་དགོན་ཆུང་གི་གྲ་རིགས་ཡོད་པའི་བླ་མ་རྐྱེན་དབང་
དུ་སོང་བ་ཞིག་སྲིད་ན་ཡང་གོང་མཚུངས། ཆད་པ་མར་གསེར་གྱི་སྲང་བཅོ་ལྔ། དྲུང་འཁོར་དཔོན་རིགས་ཆེ་བ་ནས་རྟ་ཆུང་བ་་
ཡན་གྱི་གྲས་ཡིན་སྟོང་སྲང་བརྒྱ་དང་ཉི་ཤུ་ནས་དགུ་བཅུའི་བར། ཆད་པ་མར་གསེར་གྱི་སྲང་དགུ་ནས་ལྔའི་བར་སྐབས་དང་སྦྱར་

0189.jpg

གོ་གསུམ་
༄༅། །བ་བྱེད། གསོལ་གཟིམས་སྐྱེམ་བསྡུས་གཉེར་ཚད་པ་རྟ་རྫིང་དང་བཅས་པའི་ལྡིང་དཔོན་གྱི་གྲས་ལ་གོང་གི་རྟ་ཆུང་གི་དང་
རིགས་འགྲེ། དགེ་འདུན་བསླབ་གཙང་ཚུལ་ལྡན་དང་གསོལ་གཟིམས་སྐྱིལ་བསྡུས་ཀྱི་གྲས་ལ་སྟོང་སྤང་བརྒྱད་ཅུ། ཆད་པ་མར་གསེར་
གྱི་སྲང་བཞི། ལྟོ་ཟན་གཉེར་ཚང་པ་རྟ་རྫི། དྲེལ་རྫི། མདའ་བདག་གཟའ་པ་ཁྲལ་མི་སོགས་གཞུང་དང་ཆོས་གཞིས་ཀྱི་ས་འཛིན་་་
རྣམས་ལ་སྟོང་སྲང་དྲུག་ཅུ། ཆད་པ་མར་གསེར་གྱི་སྲང་གསུམ། བུད་མེད་བསད་པ་ཆེར་མི་ཡོད་ཀྱང་། གལ་ལྟེ་བྱུང་སྲིད་ན་སྐྱེས་་་
རྒྱལ་འཕམ་གོ་བབས་ཀྱིས་སྟོང་ཆད་པ་དང་བཅས་པ་ཕུལ་དགུ་འཆག་བྱེད་པར་མི་དཔང་གོང་གིས་གོ་རིམས་ཀྱིས་འགྲོས་དང་བསྟུན་པ་དང་།

0190.jpg

ནང་བཟན་རྣམས་གཞུང་གི་ལྟོ་ཟན་ཡིན་པའི་གོ་རིམས་མཐོ་བ་མ་གཏོགས་སྐྱེ་དམན་རྣམས་ཐེམ་ཆུང་སྤྱི་འདྲེའི་གོ་རིམ་དང་བསྟུན་པ་བྱེད།
གོང་གསལ་སྟོང་སྲང་རེའི་སར། དགེ་ནས་ཁལ་རེ། དགེ་ནས་ཁལ་བཅུ་རེའི་སར་དགེ་མར་ཁལ་རེ། སྟོང་སྲང་ཉི་ཤུའི་སར་
སྙིང་གནོན་སྲང་ཆེན་རེ། སྟོང་སྲང་ཞོ་འབེབས་དང་། དེ་ཐོག་ནས་ཆེ་བཙུན་བླ་མའི་དེ་ཆེན་དུ་གྲ་ཕུད་འཆག་ཟེར་བའི་སྲོལ་རྒྱུན་
འདུག་པ་ལྟར། སྟོང་གི་ཞོ་གྲངས་ནས་བཅུ་ཟུར་བཅག་རྗེས། སྟོང་ཐུན་གསུམ་དུ་གཅོད་པར། ནས་ཁལ་བརྒྱུད་ལ་དམར་་་
ཞོ་གང་། དམར་ཁལ་དྲུག་ལ་བསྐོར་བར་ཁྲག་ཞོ་གང་། དམར་ཁལ་བཞི་ལ་བསྐོར་བར་ཟོང་ཞོ་གང་། སྙིང་ནོན་དམར་ཁྲག་་་

0191.jpg

གོ་བཞི་
༄༅།། །ཕྱེད་མར་རྩི། བྲེ་ཉག་སྔར་ཕན་ཆེ་ཆུང་སྣ་ཚོགས་པའི། གཅིག་ཏུ་ངེས་པ་ཞིག་མི་འདུག་པས། ད་ནས་གཟུང
མཁར་ཏུ་བྲེ་ཉག་གི་ཞོ་དག་གོང་བཞིན་གྱིས། སྐྱེ་བོ་མི་བསྲིུན་པའི་རིགས་ཀྱི་བླ་མ་དང་སྒེར་དཔོན་རྨེ་བསད་བྱས་པ་སྲིད་ན། བསེད་་་
མཁན་ངོ་བོ་གཟུངས་རྟགས་བྱས་པའི་བཙོན་ཁང་དུ་ཞག་བདུན་ཁྲག་གཅིག་བཅུགས་རྗེས་ཞུ་ངོ་སྒྲན་རྒྱུད་བྱེད་ས་མེད་པར་ཁྲིམས་རྔ་དང་ཁྲིམ
དུང་བཏང་ཁྲིམས་གཏམ་སྒྲགས་ནས་གཡངས་ལ་སྐྱུར། རྗེས་མི་རྣམས་ཁྲིམས་འོག་ནས་རྒྱང་ཕུད་ཀྱིས་ནག་ཡིག་བཀྲམ་ནས་ཤུལ་་་
གཙང་བ་བྱེད། དུག་བཏང་བ་ཤར་ཚེ་བསམ་སྦྱོར་གཉིས་ཀ་ནག་པས་ཁྲག་སྦྱོར་གོང་བཞིན་བྱེད། ཁྲིམས་ཀྱི་བཅད་མཚམས་དགེ་སྟོང་་

0192.jpg

འཇལ་བཅོད་གྲུབ་ནས་མི་ཤ་བླངས་པ། རྐུས་བསད་བཟུངས་བསད་བྱས་པ་རྣམས་ཉེས་བྱས་ཆེ་བས་འཛིན་འཆང་ངོས་ལྟེ་པོ་ངོ་བོའི་ལུས་སྟོང་སུ་་་
ཁྲིམས་ལུགས་ཆེ་ཆུང་གང་བབས་གཏོང་ཞིང་། དགེ་སྟོང་ཁྲིམས་གཞུང་བཞག་སྤྲོད། མི་དཔུང་དགྲས་བསྡེབས་ཀྱི་བསད་པ་ཁྲིམས་འགལ་ཆེ་
བས་ཆད་པ་དགེ་སྟོང་འདབ་འཕར་སྒྲུབ། མི་བསད་བྱེད་མི་དེ་ཁའི་ཉེ་སྐོར་གྱི་ཡུལ་མི་རྣམས་ཀྱིས་འཛིན་བཅངས་བྱས་ནས་ཁྲིམས་སར་
འབུལ་བ་དང་། ཕྱི་ནོར་ནང་རྫས་ལ་སྐྱས་བསྒྲའི་བྱེད་མི་འཇུག་པར་བསྡམ་ར་བྱེད། གལ་ཏེ་དོ་མ་གལ་གྱི་འཛིན་བཅངས་བསྡམ་ར་མ་བྱས་
ན༑ དེ་ཁའི་ཡུལ་མཚན་རྣམས་ལ་ཆད་པའི་ཐོག་ཀྱི་བཞི་ཟུར་གྱིས་རྩིས་འགེལ། མི་བསོད་མཁན་སྤྱི་མཆོད་ཡིན་ངེས་ཀྱི་ཆོས་སྡེའི་་་་

0193.jpg

གོ་ལྔ་
༄༅།  །མཐོ་ཁོངས་སུ་བྲོས་ཐར་བ་ཤར་ན། ཐོག་མར་གར་སླེབ་ཀྱི་ཆོས་སྡེ་དེ་ཁའི་ཐོ་ཁོངས་སུ་ཟླ་བ་དྲུག་ལས་སྤྲོས་པའི་རྟེན་སྐྱབས་མི་བྱེད།
དེ་ནས་སྤྱི་མཆོད་གཞན་དུ་འཕོས་པའི་བརྟེན་སྐྱབས་བྱེད་པ་མེད། སྡར་ཕན་ཆོས་གཞིས་ཅི་ཡིན་གྱི་སྤྱི་མཆོད་ཐུབ་ཁུལ་གྱི་རྟེན་སྐྱོབས་འཁོར་སྡོད་
བྱེད་པ་ཞིག་ཡོད་འདུག་ཀྱང་། དེ་བཞིན་བྱས་ཚེ་རྒྱུ་ཆེད་མུ་མེད་ཀྱི་ཁྲིམས་འཆལ་གྱི་རྒྱུར་འགྲོ་བ་འདུག་པས། རྟེན་རྗེས་རྒྱབ་རྟེན་བྱས་ན་ཐུས་་
རྒྱུ་མིན། རྐུན་མ་རྐུས་ཐོག་ཏུ་བསད་པ་ལ་རང་ཉེས་བྱས་པ་ཡིན་པས་དགེ་སྟོང་སྤྲོད་མི་དགོས། བསམ་གཞིགས་ཀྱི་བློ་སྐྱོན་མེད་པར་་
སྦུར་གཤོར་གཡངས་ལྷུངས། བྱིས་པ་ལོ་བརྒྱད་པ་མན་ཆད་ཀྱི་བསད་པ་མདའ་ཁ་རྡོ་ཁ་འཁྱོགས་པ། གྲི་འཕོག་པ་ལྟ་བུས་ཤི་བ་རྣམས་ཁོ་

0194.jpg

རང་ཆེའི་དུས་སླེབ་པའི་ཉིན་བླངས་མ་གཏོགས་ཉེས་པ་མེད་པས་མི་དཔང་དང་བསྟུན་པའི་དགེ་བ་སྤྲད་པས་ཐུབ། རྨས་འཇལ་གྱི་སྐོར་ལ་ཤགས་རྨ་་་
འོག་ཏུ་ཞི་ཟེར་བའི་ངག་རྒྱུན་འདུག་ཀྱང་། ཤུགས་ཀྱི་གཞི་བཟློས་རྩལ་བདེན་འབྲེལ་ཆེར་མེད་པའི་རིགས་རྨ་འོག་ཏུ་ཞི་བའི་རྨས་འཇལ་གྱི་་་་
གཅོད་རྒྱུ་མ་གཏོགས། ཤགས་མ་གཅོད་རྒྱ་མི་བྱེད་པ་རིགས་ལ་ཐུག་པ་ལྟ་བུའི་བཟློས་པ་ལ་རྟེན་ནས། རྨས་འགྲམ་བཟོས་པ་ཡིན་ན། རྨ་
འོག་ཏུ་གཏམ་ཞི་ཟེར་པ་ག་ལེ་མི་འགྲིག་པས། རྨས་འཇལ་བབ་ཐོབ་དང་བཟློས་རྩ་བདེན་འབྲེལ་གཞིགས་འཇུག་གི་གཅོད་རྒྱ་བྱེད། རོ་
འོག་ཏུ་རྨ་ཞི་ཟེར་བ་ལ་ཕྱིས་སྐོར་འགའ་ཞིག་གི་རང་བཟློའི་སྒོ་ནས་ཞྭ་ལོང་ཐེང་གསུམ་བཟོས་པ་སོགས་རྨས་ཚབས་ཆེ་བར་སྟོང་སྟེངས་་་

0195.jpg

གོ་དྲུག་
༄༅།  །ནས་གཅོད་རྒྱ་བྱེད་པ་འདྲ་ཡད་ཡོད་འདུག་ནའང་། མི་ལུས་རྐྱེན་ལམ་དུ་བཏང་བ་ཉེས་ཆེ་བས་རྨ་ཚབས་ཆེ་ཆུང་གང་བྱུང་ཀྱང་རོ་
འོག་ཞི། མགོ་རྨས་ཚབས་ཆེ་བའི་གྲས་རྒྱག་དགོས་ལ། དམར་ཁྲག་ཕྱེད་མའི་སྲང་རེ། མེ་དགོས་ངེས་ཀྱི་རྒྱབ་པ་ལ་མེ་ཞོ། གྲུས་
ཀྱི་རུས་པ་གང་ཐོན་ཞོ་ཆར་བཏེགས་པའི་གསེར་དང་མཉམ་རྗེས་ཀྱི་གསེར་ཐག་མཁར་རུའི་ཁལ་བཅུ་དྲུག་མའི་རྩིས་སྤྲོད། གཞན་མ་རྩ་་་
གནད་རུས་གནད་ལ་འཕོགས་པའི་ཡན་ལག་ཞྭ་བ་ཚབས་ཆེ་བའི་རིགས་དང་། མིག་བཅར་བ་ལྟ་བུར་སྟོང་རྐྱང་གི་བཞི་ཟུར། སོར་མོ་ཞྭ་
བཅད་བྱུང་བ་སོགས་ལ་སོར་མོ་རེར་དམར་ཁྲག་ཕྱེད་མའི་ཞོ་བཞི། དེ་ཕྱིན་རྨས་ཚབས་ཆེ་བ་ལ་སྲང་རེ་དང་། རྨས་ལྤགས་སྐྱ་ཆོད་་་

0196.jpg

པའི་ཁྲག་ཐོན་ཙམ་ཞོ་གང་ནས་རྩིས་པའི་བར་གྱི་རྨ་ཆེ་ཆུང་རྟིང་ཚབས་གནད་མི་གནད་སོགས་ལ་གཞལ་བའི་འཇལ་གཅོད་ལུགས་བྱེད།
རྨས་ཆད་རྒྱུ་རྐྱེན་ལ་གཞིགས་པའི་སྐབས་དང་སྦྱར་བ་གཏོང་། བཟློས་པ་ཤར་བར་ཁྲིམས་པར་གཏུགས་སྦྱངས་ཀྱིས་ཞུ་སྦྱོར་མི་བྱེད་པར་
རང་དྲན་ཆོད་མེད་ཀྱིས་དཔུང་བཤེད་གོ་གོན་མཚོན་ཐོགས་ཀྱིས་ཁྲིམས་འགལ་ཚབས་ཆེན་དང་། འོས་མིན་གྱི་ཁྲིམས་འགལ་མི་
དཔུང་གྲས་སྡེབས་ངན་གྲ་བསྒྲིགས། མནའ་གདང་ཐེལ་བསྡུས་བྱས་པ་རྣམས་ལ་ཉེས་ཆད་བབས་ལྕི་བ་ཐོབ་པས། གསེར་སྲང་ལྔ་་
བཅུ་མན་གྱི་སྲང་གྲངས་སྐབས་དང་སྦྱར་བའི་མངགས་སྦྱངས་གཏོང་། དེའི་ནང་ཚན་གྱི་ཉེས་བྱས་སྔ་བཙོམ་བྱེད་མི་ཉེས་ཆེ་བས། ཆད་

0197.jpg

གོ་བདུན་
༄༅།  །པ་འདབ་འཕར་སྒྲུབ་འཇུག རྨས་སྐྱོན་མ་བྱུང་ཀྱང་གྲི་བཏོན་པ་ཉེས་པའི་རྩ་བར་འདུག་པས་ཞུ་བ་འབྱོར་བསྟུན་གྱི་གྲི་་་
ཆད་སྡན་མ་འདོན་མིར་མར་ཞོ་དོ་དང་། རྟིང་མ་ལ་དེའི་ཕྱེད་འགལ། སྐུ་བརྟེན་ཐུགས་བརྟེན་ཤིག་པ། གསུང་རབ་ཞུ་བ་ངེས་གྲུབ་བྱུང་
ན་སྨོད་མ་དགོས། བརྗོད་གླེང་གྱ་རྩོམ་གྱི་རིགས་ལ་རྡོ་སྣུམ་གྱིས་དཀར་ནག་ཤན་ཕྱེ་བའི་དཀར་སར་མ་ཐོན་ན་ཁྲིམས་ཤིང་ལ་ཞག་གསུམ་་་་
སྒྲགས་རྗེས། ཉེས་བྱས་ཀྱི་དྲིལ་བསྒྲགས་ནས་གཡང་ལ་སྐྱུར། རྗེས་མི་རྣམས་རྒྱང་ཕུད་ལ་གཏོང་། ངེད་རང་དམ་ཁ་ཆེ་ཆུང་ལ་འདྲ་
ལེན་བརྫུས་མ་བྱས་པར་བྱུང་ན། བྱེད་མཁན་ངོ་བོར་ལག་པ་གཅོད། གཏན་ཚིག་སོགས་ལ་ཐམ་ཁ་ཆེ་ཆུང་རྒྱས་འགེབས་ཀྱིས་སྦྱར་

0198.jpg

བ༑ ཚིག་བཅོས་བྲིས་བསུབས་བྱས་པ་ཤར་ན་ཁྲིམས་རྐུན་ཆེ་བས་ཕྱིས་འདོམས་ཀྱིས་མངགས་སྦྱངས་གཏོང་། རྟེན་གསུམ་མཆོད་་
རྫས༑ དགེ་འདུན་གྱི་རྫས་ཀུས་པར་དཀོན་མཆིག་གི་རྫས་ལ་བརྒྱད་ཅུ་འཇལ་ཟེར་བ་འཇིག་རྟེན་རྒན་པོའི་ངག་རྒྱུན་ལ་གྲགས་འདུག་པ་
བཞིན་བབས་ཐོབ་ཏུ་ཆེ་ཀྱང་། དེ་བཞིན་ཐ་ཤལ་བའི་དངོས་པོས་འཇལ་ཐུབ་པ་དཀའ་འདུག་པས་ཉི་ཤུ་འཇལ་དང་། དྲན་འཛིན་་་་
མངགས་སྦྱངས་ཐོབ་པ་རྐུན་མ་བྱེད་པ་པོར་འཇལ་སྤྲོད་ཐུབ་པའི་རྒྱུ་དངོས་ཡོད་ན་དང་། དེ་མིན་ངོ་བོར་མིག་འདོན་པའམ། ལག་་་
པ་གཅོད་པ་སྐབས་དང་སྦྱར་བའི་དེ་ཁས་ཆད་སྒྲུབ་དང་འཇལ་སྤྲོད་འཐུས་པ་བྱེད། དགེ་འདུན་ནང་ཁུལ་ནས་རྐུན་མ་བྱས་ཚེ་་་་

0199.jpg

གོ་བརྒྱད་
༄༅།  །འགན་དུང་བཏང་བའི་གནས་ནས་དབྱུང་བ་སོགས་སོ་སོའི་བཅའ་ཡིག་དང་མཐུན་པ་གྱིས། རྒྱལ་པོའི་དཀོར་མཛོད་ནས་
རྐུན་མ་བྱས་པ་ཤར་ན། ལག་པ་གཅོད་པ་དང་། རྟ་དྲེལ་མཛོ་གཡག་སོགས་རྐུས་པ་ཤར་ཚེ། བཅོལ་ལྔ་འགྱུར་གྱི་རྩིས་ཀྱི་ཆད་འགྲོས་བཀལ་
རྫིས་ངོ་བོ་ལེན། དེ་ཕྱིན་མངའ་འབངས་ཀྱིས་སར་ཕྱི་ནོར་ནང་རྫས་ལ་རྐུན་མ་བྱས་པ་ཤར་ན་བདུན་འགྱུར་ངོ་བརྒྱད། འདྲ་བཞི་དངོས་དང་ལྔ།
སྐྱེ་ཁྲི་འཇལ་གསུམ་ཡན་སྐབས་དང་སྦྱར་བའི་སྤྲོད་ལེན་གྱིས། རྐུན་མ་བྱས་ངེས་ཧམ་པ་ཚོད་མེད་ཀྱི་ངས་ལ་བླངས་ན་ཁྲིམས་སར་གཏུགས་་་
པའི་ཆད་འགེན་དང་འཇལ་གྱི་བཀད་པ་བྱེད། འཇལ་ཆད་བསྒྲུབ་མི་ཐུབ་པའི་རིགས་བྱུང་ན། ཁོར་ང་ངོ་བོ་བཟུངས་བཏགས་ངོས་་

0200.jpg

ཁྲིམས་སར་ཕུལ་བའི་ལུས་སྟེངས་སུ་རྩར་སྐབས་དང་སྦྱར་གཏོང་། ལམ་བརྡུངས་དང་ཆོམ་པོ་བྱས་པ་ཉེས་བྱས་ཆེ་བས། གཏེ་པོ་་་་
གཡངས་བསྐྱུར་དང་། ཟླ་སྡེབས་ཡོད་ན་མིག་འདོན། བདག་ཏུ་བཟུང་བའི་བུད་མེད་ལ་འདོད་ལོག་སྤྱད་ཚེ་འཇིག་རྟེན་གྱི་དཔེ་སྲོལ་་་
མིག་ལྟོས་ལ་གནོད་པར་མ་ཚད། རང་རང་གི་རིགས་བརྒྱུད་འཆོལ་ཞིང་འཁྲུག་ཟིངས་ཀྱི་རྒྱུ་ཡང་འདིས་བྱེད་པས་དྲག་ཞན་ཀུན་གྱིས་་་
མི་བྱེད། གལ་ཏེ་བྱས་པ་ཤར་ན་བྱི་འཇལ་དམར་ཁྲག་ཕྱེད་མའི་སྲང་དོ་ནས་ཞོ་བཞིའི་བར་དྲག་གཞན་གོ་རིམས་དང་བསྟུན་པའི་སྤྲོད་
འཇལ་གྱིས། ཡང་བཟའ་མི་གྲོས་བྱས་དགོས་དབང་ཁེ་འདོད་ཀྱི་སྐྱེས་པ་གཞན་གཡོ་ཐབས་ཀྱིས་བརྟེན་པ་བྱུང་ན། ལོག་པའི་་་

0201.jpg

གོ་དགུ་
༄༅།  །དྲན་འཕྲུལ་ཚོད་འཛིན་མེད་པ་ཡིན་འདུག་པས། བྱི་འཇལ་གང་ཐོབ་གབ་ལོག་སྤྲོད། བཟའ་མི་བྱེ་བྲལ་ཤར་ན་་་
དྲུང་འཁོར་རྟ་པའི་སར་ཕོས་བོར་ཞོ་བཅུ་དྲུག མོས་བོར་ཞོ་ཉི་ཐུ་རྩ་བཞི། སྐྱེ་དམན་གྱི་ཁྱོ་པའི་གོར་སྡོད་རྒྱུན་གང་སོང་ལ་གླ་ཐོབ་ཉིན་རེ་བྲེ་གསུམ་
མ་བརྩི། གྲོང་པའི་སར་ཕོས་བོར་ཞོ་བཅུ་གཉིས། མོས་བོར་ཞོ་བཅོ་བརྒྱད། གཡོག་གླ་ཉིན་རེ་བྲེ་དོ་མ། དྲུང་འཁོར་རྟ་པ་ལས་མཐོ་བ་
དང་༑ གྲོང་པ་ལས་དམའ་བ་རྣམས་གོང་གསལ་ནས་འགྲོས་རྩིས་པའི་ཆེ་ཐོབ་ཆུང་ཐོབ་ཀྱིས་གཅོད་རྒྱ་བྱེད་པར། ཀལ་རིན་སོང་པོ་འཐབ་་་
འོས་རྣམས་འཐབས་རྗེས་ཕོ་ནོར་མོ་ནོར་ཕྱེ་གསལ་བྱེད། བུ་སྐྱེས་ཀྱི་མ་ཡིན་ན། ས་སྐལ་གྱི་ཐོབ་ཆ་གོ་རིམས་དང་བསྟུན་པ་བྱེད་། བཟློས་

0202.jpg

པ་ཁ་མ་ངན་པར་རྫུན་ཚིག་སྨྱོན་ཧམ་གྱིས་བསྒྲིབས་པའི་ལྐོག་གྱུར་དུ་སོང་བ་རྣམས་ལ་བརྫུན་གོང་ཡངས་ཏེ་མནའ་འཕྲང་དོག་ཟེར་བ་བཞིན་་་
མནའ་དག་གིས་བསྐྲུ་སྦྱངས་བྱེད་དགོས་པ་འཇུ་ཅན་འཇུ་མེད་སྐབས་དང་སྦྱར། འཇུ་ཅན་ལ་ཉེ་འགྱངས་གི་ཕྱོགས་ལྷུང་མེད་པ་རྦུས་ཅན་་་
གཟུངས་ཐུབ་བྱས་པའི་མནའ་སྐྱེལ་དུས་དོ་བདག་འཇུ་ཅན་གཉིས་ཀའི་སྟེང་གོས་གྲི་བསྲུང་རྣམས་བཞག་ཞྭ་ཕུད་སྐྲ་སྙིལ་གྱིས་མནའ་ཆས་
བྱེད༑ མི་སྣ་མ་མནའ་གོས་དོ་བདག་འཇུ་ཅན་སོ་སོའི་ནས་ཞོ་རེ་དང་རང་མནའི་འཁྲུད་ན་ཞོ་གང་སྤྲོད། རང་དོན་འཁྲུ་རྒྱུ་མེད་པར་་་
ཁྲིམས་སར་དཀར་མནའ་འབུལ་བར་མནའ་གོས་མི་ལེན་མནའ་འདི་ལྐོག་གྱུར་དུ་འདུག་པས། མནའ་བཟོས་ཁུངས་རྡོལ་ཤར་

0203.jpg

བརྒྱ་ཐམ་པ་
༄༅། །ན༑ དོན་གང་ཡིན་གྱི་བཅད་འཚམས་པར་མནའ་མ་འཁྱེལ་པའི་སྤངས་བླངས་དགོས་པ་གཞིར་བཅས། དེ་
ཐོག་ཉེས་བྱས་ཆེ་ཆུང་སྐབས་ཐོབ་བརྩིས་པ་གཏོང་། ཡང་དེས་མ་འཐུས་པའི་རྡོ་སྣུམ་བྱེད་དགོས་པའི་རིགས་ལ། རྡོ་ཤར་ན་ལེན་
མཁན་གྱི་ལྷ་བོན་ལ་ཕུད་ཕྱི་མཁར་རུའི་ཁལ་གཅིག དཀར་བརྒྱན་མར་མཁར་ཉག་གསུམ། དམར་རྒྱན་ཆུང་གཟུག མཆོད་་་
འབྲུ་མཁར་རུའི་ཁལ་གཅིག ཕུད་ཆང་སྐྱན་གང་། མདའ་དར་བཅས། མགར་བ་ལ་འཁྱེལ་སྟོང་མཁར་རུའི་ནས་ཞོ་གང་སྣོད་
བཅས༑ སྤང་ཁེབ་སླེའུ་སྣམ་བཞི་མ། བཀྲབ་སླང་ཆུ་ཐུབ་བཀྲབ་སྣོད་རང་འགག རྡོ་ལམ་རས་ཡུག་གོམ་བདུན་ཡོད་པ། རྡོ་

0204.jpg

རྒྱབ་མི་སྣར་དམར་ཁྲག་ཕྱེད་མའི་སྲང་གང་སྤྲོད། རྡོ་ཚད་མེ་ཐུབ་མཁར་རུའི་ཉག་ཕྱེད་དོ་ཡོད་པ། རྡོ་ལེན་གདོང་ལག་པ་ཆུ་དང་འོ་མས་བཀྲུས་་་་
རྗེས༑ ལག་པར་སྔར་གྱི་སྨ་རྗེས་སོགས་སྐྱོན་ཡོད་པ་རྣམས་ཀྱི་ཐང་དུ་སྣག་བསྐོར་རྒྱག རི་ཚིག་འཁྱེག་ལྷད་མེད་པ་མི་སྣས་སྐྱོན་གནན་
པའི་རྡོ་ལེན་མཁན་རང་གི་དག་གི་འདོན་བཅུག་པའི་གོམ་པ་བདུན་གྱི་བར། གོམ་གྲངས་དང་བསྟུན་པའི་ལག་པ་གཡས་གཡོན་སྤྲོས་་་
ལེན་གྱིས་བོར་འཕྲལ་ལག་པ་གཉིས་ལྤགས་བསྡུམ་བྱས་པའི་མི་སྣས་རྒྱ་འབྱར་དོས་ཞག་གཅིག་སོང་བའི་སྔ་དྲོ་ལག་པའི་རྒྱ་བཤིག་་་
གདོང་འགལ་ཟླའི་དོ་བདག་ཀྱང་ཡོད་པ་བྱས་ཐོག མི་སྣས་བལྟ་ཐོག་ཞིབ་ཏུ་བྱེད་དགོས་པར་རྡོ་ལམ་འདོག་སེར་ཙམ་ལས་སྤྲོས་པའི་ཆུ་་

0205.jpg

བརྒྱ་གཅིག་
༄༅།  །བུར་དང་ཆུ་སེར་འཕྲན་བུ་འདུག་ཀྱང་མ་ལོངས་པ་ཡིན་པ་དེ་དོན་བྱེད། སྣུམ་ཤར་ན་ལྟ་བོན་དང་མི་སྣའི་དགོས་
ཆ་གོང་བཞིན། སྣུམ་གཙང་ཁྱད་དང་སྣུམ་སྣོད་གཏིང་ཚད་མཐོ་གང་ཡོད་པའི་ཚད་ཡོངས་དགོས་པོའི་སྟབས་ཀྱིས་ཁྲིམས་ས་ནས་སྤྲོད་
ཀྱང་༑ སླ་ང་ཆུ་ཐུབ་སྣུམ་དང་བཅས་པ་དེ་ཀྲུག་མཁན་གྱིས་བསྒྲིག རྡེའུ་དཀར་ནག་གཙང་མ་ཞོ་དོ་རེ་ཡོད་པ་སྣུམ་ནང་དུ་སྐྱུར། སྣུམ་
གྱི་བསྐོལ་ཚད་ནས་རྡོག་བསྐྱུར་འཕལ་ཡོས་སུ་གས་ནས་ཁ་ལ་དོན་པར་ཚད་འཇོག ཉི་ཁ་དྭངས་པའི་རྡེའུ་མངོན་པ་ཙམ་བྱུང་ན་ཉི་སྒྲིབ་་་
བཏང་ནས་རྡེའུ་མི་ཐོང་བ་བྱེད། དཀྲུག་མཁན་གྱི་ལག་པ་ཆུ་དང་འོ་མས་བསྐྲུས་རྗེས་རི་ཆིག་འཁྱོག་ལྷད་མེད་པ་འདོན་བཅུག སྣུམ་བཀྲུག་

0206.jpg

བཅུ་པའི་ཐོག་མར་རྡེའུ་དཀར་པོ་ལོན་ན་དང་། མ་ལོན་ཚེ་དེ་རྗེས་ཐེངས་གཉིས་ཀྱི་བར་ལེན་བཅུག་ནས་ཀྱང་མ་ལོན་ན་རྡེའུ་ནག་པོ་ལོན་པ་དང་་་
ཁྱད་པར་མེད། བདེན་བརྫུན་རྡེའུ་དཀར་ནག་གཙོ་བོར་སྨོས་པས། རྡེའུ་དཀར་པོ་ལོན་ཚེ་ལག་པ་ཚིག་ཀྱང་དཀར་སར་ཐོན་མནའ་རྡོ་སྣུམ་
གསུམ་གྱི་རི་ཚིག་དོ་བདག་གི་ཀློག་མ་ཤེས་ན་མི་སྣས་སྒྲགས་པའི་རྗེས་བཟློས་བྱས་རྗེས་མགོ་ལ་སྒྲོགས་མནའ་ས་ རྡོ་ས་ སྣུམ་པ་གསུམ་གསུཾ་
དུ་བབས་ན་འབབ་འཚམས་མ་ཟིན་པའི་ཐལ་ཆེས་པའི་ཉོ་བ་ཆད་གཏོང་། རྡོ་སྣུམ་གྱི་འཚོགས་ཆས་སྐབས་ཐོབ་དང་བརྟུན་པ་བྱེད། མངགས་
སྦྱངས་སུ་བཏང་བའི་མི་སྣ་རྣམས་ཀྱིས་སྟན་ཆས་ཟ་རྒྱབ་ཆད་ཤུལ་རྐང་གླ་འཕྲལ་ཆས་སོགས་ལེན་ལུགས་ཚོད་འཛིན་མེད་པའི་སྣ་ཚོགས་་་་

0207.jpg

བརྒྱ་གཉིས་
༄༅།  །ཞིག་ཡོད་འདུག་པ། ད་སྒོས་ཆད་པ་གསེར་ཞོ་དོ་རེ་ལ་མཁར་རུའི་ཁལ་བཅུ་དྲུག་དང་། མར་ཞོ་རེ་ལ་མཁར་རུའི་ཁལ་བརྒྱད་མ་་་
རྩིས་པའི་སྟོན་ཆས་རྐང་གླ་ཆད་ཤུལ་བསྡོམས་པར་ཆད་དོད་སྤྲོད། དེ་ཕྱིན་བཀའ་ཤོག་སྟོན་པར་ཐོག་འགྱིང་མི་བྱེད། མི་སྣ་ངོ་བོ་དྲུང་འཁོར་ལ་འཕྲལ་་་
ཆས་ཉིན་རེ་དུས་གཉིས་མའི་དུས་རེར་མཁར་རུའི་ཁལ་རེ་དང་། གཡོག་གླ་མི་རེ་ལ་དུས་རེར་མཁར་བྲེ་དོ་མ་ལ་ཟི་ཐང་སྐོར་བ། བཞོན་རྟ་རེ་ལ་ཆུ་ཆག་
བསྡོམས་པར་ཉིན་རེར་མཁར་རུའི་བྲེ་ལྔ་མ། དེ་ཕྱིན་རྟ་དྲེལ་ངོ་ཡོད་རེའི་སར་མཁར་རུའི་ཉིན་རེར་བྲེ་དོ་མ། ཇ་སྦྱོར་ལྔ་མ། མི་གསུམ་རེའི་སར་
ཆང་རྐྱན་རེ། ནང་ཟན་ལ་འཕྲལ་ཆས་ཉིན་རེ་དུས་གཉིས་མའི་དུས་རེར་མཁར་རུའི་ཁལ་ཕྱེད་ལ་ཟི་ཐང་སྐོར་བ། གཡོག་འཁྲིད་འོས་ཤར་བར་་

0208.jpg

གོང་བཞིན། གཞོན་རྟ་རེ་ལ་ཆུ་ཆག་མཁར་རུའི་བྲེ་གསུམ། དེ་ཕྱིན་ལ་ཉིན་རེར་བྲེ་དོ་མ། ཇ་སྦྱོར་བཞི་མ་དང་ཆང་གོང་མཚུངས། མི་སྣ་ངོ་བོར་ཤ་དཀར་
ཤ་རྒྱབ་བཅས་དུས་རེར་ཤ་ཁོག་གི་འཇུགས་ལ་ཁལ་གཉིས་རེ་དང་། རྒྱབ་ལ་ནས་ཁལ་གཉིས་རེ་བསྡོམས་པའི་ཞག་རེལ་མཁར་རུའི་ཁལ་བརྒྱད་མ། ཟུག་
འབྲེལ་རྒྱབ་བཅས་ལ་གོང་གི་ཕྱེད་ཆ། ཟུག་ལ་དེའི་ཕྱེད་ཆ་སྤྲོད་ཟ་མ་སྒྲུབ་ཀྱི་སར་འཕྲལ་ཆས་ཉིན་རེ་དུས་གཉིས་མ་ལ་ཉེས་སྡེར་རྒྱབ་དུས་རེར་བྲེ་བཅུ་་
མའི་རྩིས། ཞག་རེ་ལ་མཁར་རུའི་ཁལ་རེ་ཆས་སྤྲོད་ཀྱི་སར་འཕྲལ་ཆས་དུས་གཉིས་མ་རྒྱར་བཅས། ཟ་རྒྱབ་རྐང་གླ་བསྡོམས་པར་ཞག་རེར་བྲེ་བཅུ་
མ་ལོང་ལ། དེ་ལས་སྤྲོས་པའི་ལེན་ཆེ་ཉེས་འདེད་མ་བྱེད། ཤེར་འབོད་མི་སྣར་འཕྲལ་ཆས་དང་རྐང་གླ་ནས་ཞོ་རེ་སྤྲོད། འབའ་འདེད་ཀྱི་མི་སྣ་་་

0209.jpg

བརྒྱ་གསུམ་
༄༅།  །རྣམས་ཀྱིས་འབའི་བཞི་ཟུར་ལེན་ཟེར་བ་ཞིག་ཡོད་འདུག་ཀྱང་། གཟུ་ཕལ་པས་བཏང་ཀྱང་གཟུ་བདག་རྒྱལ་པོས་བྱེད་ཟེར་བ་བཞི་ན་བྲིས་
ཡིག་རྒྱབ་ཐེལ་གྱི་དོན་རོལ་མེད་དུ་སོང་ཚེ། དན་པོ་ཆམ་པར་བཏང་བའི་ཉེས་བྱས་ཆེ་བས་མི་སྣའི་ལེན་འབབས་ཆད་པ་དང་འདྲ་བ་བྱེད། གཞུང་རྒེར་་་
ཁུལ་ནས་མི་ངན་འཁྲུལ་ལག་ཅན་སྡོད་མི་ཤེས་འདོད་འོས་མིན་གྱི་བསམ་པ་ཁོང་དུ་བཅུག་པའི་རིགས་ཆོས་ལྡེ་ཆེ་འཕྲན་སོགས་དྲག་ཞན་གང་གིས་ཀྱང་་་
མགོ་བསྡོད་མི་ལེན། མོན་རིགས་སོ་སོའི་སྒེར་གཡོག་དོན་བུད་བྱས་པ་བརྟེན་རེས་ཀྱང་མི་བྱེད། ལྷ་སྡེ་མི་སྡེ་སོ་སོ་ནས་ཁྲིམས་སར་གཏུགས་སྦྱངས་
དགོས་པའི་རིགས་ཞུ་སྣེ་སྦྱར་རྗེས་ཞུ་སྒོ་མ་འཕིགས་པ་ཤར་ན་མ་གཏོགས། ངན་ཁ་རྒྱལ་གྱི་ཞུ་འབོད་མི་བྱེད། གལ་ཏེ་བྱས་པ་ཤར་ན་འཛིན་འཁྱིགས་

0210.jpg

ཐུབ་ན་དང་། དེ་མིན་ཆད་པ་འགེལ་ཕོ་བྲང་རྒྱལ་སྒོའི་ནང་དུ་འབོད་ཞུས་བྱས་ཚེ་བག་ཡངས་ཀྱི་ཧམ་པ་ཚོང་མེད་ཡིན་པས། ཞུ་སྣེ་སྦྱར་མ་སྦྱར་ལ་མ་ལྟོས་
པར་ཆད་པ་མགོ་ཞོ་འགེལ། བྲེ་ཉག་ཚོང་འདུས་ཡུལ་ཚན་སོ་སོའི་ཚད་མ་གང་ཡོད་ལས་སྤར་འཕྲི་བཟོ་བཅོས་བྱས་པ་བྱུང་ན། དེ་ཁའི་བྲེ་ཉག་བཅོག་
པ་དང་བྱེད་མཁན་སུ་ཡིན་ལ་ཉེས་ཆད་མར་གསེར་གྱི་སྲང་གང་གཏོང་། ས་རིམ་ཡུལ་ཚན་སོ་སོར་གཏན་ཚིགས་བཀྲམས་པའི་དོན་ལས་འགལ་མེད་
དགོས་རྒྱུ་ཡིན། ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་བ་ཡིས། རྒྱལ་རྔ་སྲིད་པའི་རྩེ་མོར་བརྡུངས་པའི་དབྱངས། སྲིད་གསུམ་ཁྱབ་པ་གྲགས་
འདི་རྫོགས་ལྡན་གྱིས། དགའ་སྟོན་ས་ལ་འཆར་བའི་སྐད་དུ་སྙན། འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོ་ཡིས། ལུགས་གཉིས་ཁྲིམས་ཀྱིས་

0211.jpg

བརྒྱ་བཞི་
༄༅། །ནམ་མཁའི་ནོར་བུ་ཆེར། སླར་ཡང་ཤར་འདི་མི་བསྲུན་མུན་པའི་ཚོགས། འཇོམས་ཤིང་དགེ་བའི་སྣང་བ་རྒྱས་བྱེད་ཡིན། འདི་ནི་་་
ཕན་དང་བདེ་བའི་ཕུན་ཚོགས་ཀྱིས། དགོས་འདོད་སྦྱིན་པའི་དཔག་བསམ་དབང་པོ་སྟེ། མཐོ་རིགས་ཡོན་ཏན་བདུན་གྱིས་ཁྲིར་འཛེགས་ཤིང་། རྐང་
སྟེགས་རབ་དང་མཐོན་པོར་གྱུར་པའོ། ཐུབ་བསྟན་གསེར་གྱི་འདབ་མ་རྒྱས་པའི་ཚལ། མཆོག་ཏུ་རྒྱས་བྱེད་ཉིན་མོའི་དབང་ཕྱུག་སྟེ། བདེ་་
སྐྱིད་ཆར་ཆེན་དུས་སུ་འབེབས་བྱེད་པའི། རྫོགས་ལྡན་གསར་དུ་བདེ་བའི་སྤྲིན་ཆེན་ཡིན། དེ་ལྟར་ཡངས་པའི་རྒྱལ་ཁམས་ཆོས་བཞིན་དུ། ཁྲིམས་
ལུགས་བཟང་པོས་བསྡམ་ནས་ལེགས་བསྐྱངས་པའི། རྣམ་དཀར་གང་དེས་རྒྱལ་བའི་བསྟན་པ་མཆོག དེ་འཛིན་བཅས་པ་རྒྱས་ཤིང་བརྟན་པར་ཤོག།

0212.jpg

གླིང་བཞི་ལྷ་དང་བཅས་པའི་སྤྱི་བོ་རུ། མངའ་ཐང་གཙུག་ཏོར་ནོར་བུ་འབར་བའི་རླབས། ལས་བཞིའི་ཟེར་དུ་འཕྲོ་འདིས་སྲིད་པ་གསུམ། བགྲང་ཡས་་་
བསྐུལ་པའི་བར་དུ་བསྲུང་གྱུར་ཅིག སྲིད་པ་ཇི་སྲིད་གནས་པ་དེ་སྲིད་དུ། རིགས་རྒྱུད་མུ་ཏིག་འཕྲི་ཤིང་དར་བའི་དཔྱིད། ཕན་བདེའི་འབྲས་བུ་ལོ་འདབ་
རྒྱས་པ་ཡིས། གྲིབ་བསིལ་སྣུམ་པོས་འགྲོ་རྣམས་སྐྱོངས་གྱུར་ཅིག བཀྲ་ཤིས་གང་ཞིག་མཆོག་གསུམ་བསླུ་མེད་བདེན་པ་དང་། ཚངས་དང་དབང་
པོ་ཕྱོགས་སྐྱོངས་བཅུ་དང་རྒྱལ་ཆེན་བཞི། བསྟན་པ་བསྲུང་ཞིང་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི། སྲིད་འདིར་དགེ་ཞིང་ཤེས་པའི་དབང་པོ་ཐམས་་
ཅད་སྩོལ་ཞིང་། སྐྱེ་བདག་ཅེས་པ་ལྕོགས་མོ་ལུག་གི་ལོ། སྨིན་དྲུག་གི་ཉ་བའི་དཀར་པོའི་ཕྱོགས་ཀྱི་དཀའ་བ་དང་པོའི་ཆོས་ལ་བྲིས་པ་སྐྱེ་འགྲོ་་་་

0213.jpg

བརྒྱ་ལྔ་
༄༅།  །ཅད་དགེ་བ་གྱུར་ཅིག ཤུ་བྷ་བསྟུ་རྦ་ཛ་ག་ཏམ༔ ༈ ༼ཆོས་ཡོན་ཉི་ཟླ་ཟུང་གི་ཁྲིམས་ཡིག་༡༢ ཞུགས།༽ སྒྲོན་བ་སྐལ་གཉིས་པ་བཞིན།
གསར་དུ་ཤར་བའི་ངས་བཟང་པོར། མཆོད་ཡོན་ཉི་ཟླ་ཟུང་གཅིག་གིས། བཀའ་ཁྲིམས་སྟོབས་ཀྱི་འཁོར་ལོས་བསྒྱུར། མངའ་འབངས་དུས་་་་
བདེའི་དཔལ་ལ་སྤྱོད། སྐྱིད་པའི་ཉི་མ་དགུང་ནས་ཤར། འདི་འདྲའི་བསྐལ་བཟང་མཐོང་རྣམས་སྐྱིད་། སྔོན་བསགས་བསོད་ནམས་མཐ་ལས་
འོང༑ ཞེས་བརྫད་ནས། ཇི་སྐུད་དུ། ཕྱག་སྟོང་འཁོར་ལེས་བསྒྱུར་བའི་རྒྱལ་པོ་སྟོང་། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་།
གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། བཙུན་པ་སྦྱོན་རས་གཟིགས་ལཾ་ཕྱག་འཚལ་ལོ། ཞེས་གསུངས་པ་ལྟར། བོད་ཁ་པ་ཅན་འདི་འཕགས་