I. Publication details & remarks
Phun tshogs lung rtogs (scribe/copier). 1923. ‘Khrims yig zhal lce 13 dang 16 bcas le tshan gnyis yod’. Calcutta. I.KERN Br.79/M76. Kern Institute (Leiden University). http://hdl.handle.net/1887.1/item:321272.
- Two entries on BDRC: W12165 & W0LULDC321272
- The zhal lce bcu drug text is found on pp.75–186
- Handwritten copy, bound as Western-style book (dbu can)
- Based on an incomplete manuscript “brought from Tibet by the Dorjedan Geshe”, approx. 6-7 folios were missing
II. Contents
1. Homage [p.75.17]
2. Table of Contents [pp. 75.17–76.7]
3. Karma Tenkyong Wangpo’s biography [pp. 76.7–89.5]
4. The Central Palace of the Successive Rulers of this Dynasty [pp. 89.5–95.9]
གདུང་རབས་འདི་ཉིད་རིམ་པར་བྱོན་པའི་ཕོ་བྲང་གི་ལྟེ་བ། / gdung rabs 'di nyid rim par byon pa'i pho brang gi lte ba
5. The Sixteen Major Rules of Conduct and the Historical Records, Ancient Legal Documents, and Associated Traditional Narratives that Support Them [pp. 95.10–186]
སྤངས་བླངས་ཆེན་པོ་བཅུ་དྲུག་དང་། བདེའི་ལུང་རྒྱབ་ཀྱི་ཁྲིམས་ཡིག་རྙིང་པོའི་ལོ་རྒྱུས་དང་གཏམ་བརྒྱུད་ཞར་བྱུང་རྒྱུད་པ་ལས། / spangs blangs chen po bcu drug dang/ de'i lung rgyab kyi khrims yig rnying po'i lo rgyus dang gtam brgyud zhar byung rgyud pa las
6. Zhal lce bcu drug
6.1. dpa' bo stag gi zhal lce [pp. 101.5–112.16]
6.2. rdar ma wa'i zhal che [pp. 112.17–114.9]
6.3. rgyal po me long gdong gi zhal lce [pp. 114.9–116.9]
6.4. zhu bzhes bden brdzun gyi zhal che [pp. 116.10–117.11]
6.5. bzung bkyig khrims ra'i zhal che [pp. 117.12–118.7]
6.6. nag chen khrag gcor gyi zhal che [pp. 118.8–119.4]
6.7. dran 'dzin chad las kyi zhal che [pp. 119.5–122.14]
6.8. hor 'dra za rkang gi zhal che [pp. 122.15–129.3]
6.9. bsad pa stong gi zhal che [pp. 129.4–143.10]
“here two leaves are missing from the original copy, 63–64”
6.10. rmas pa khrag gi zhal che [pp. 143.11–147.7]
6.11. bsnyen ham mna' dag gi zhal che [pp. 147.8–155.11]
6.12. brkus pa mjal gyi zhal che [pp. 155.12–157.12]
6.13. nye 'brel 'bral 'dum gyi zhal che [pp. 157.13–160.4]
6.14. byi byas rin gyi zhal che [pp. 160.5–162.13]
“here three leaves are missing in the original copy: 77–78–79”
6.15. nam phar tshur gyi zhal che [pp. 162.14–164.17]
6.16. kla klo mtha' 'khob kyi zhal che [pp. 165.1–171.11]
7. An untitled historical essay concerning several administrative and political offices/personnel [pp. 172.1–186.8]
Colophon [p. 186] reads:
Original copy ends here; is incomplete. Probably little is wanting, perhaps one or two leaves. Last leaf of original copy 89. Copied by Gegan Dung yik Phuntshogs. In March 1923. Finished 24/3/1923. Original copy brought from Tibet, on loan, by the Dorjedan Geshe {Signature J.M.}. See for the work its summary in the Gazetteer of Sikhim, pp 46 ffl., on “Sikhim Laws”. It is the same work as the one described there.
III. Transcription
Image | Transcription |
---|---|
![]() |
༧༥ ༒ གང་ཞིག་འཇིག་རྟེན་ཁམས་འདིར་ཕན་བདེའི་དཔལ།། རྒྱལ་ཁྲིམས་གསེར་གྱི་འཁོར་ལོ་རྩིབས་སྟོང་གི། མཐའ་བཞི་རྣམ་གནོན་ཆོས་ཀྱི་རྒྱལ་པོའི་སྡེ། ། སྙན་པ་འབྲུག་ལྟར་ཆེ་བ་དེ་ལ་འདུད། ། ཨེ་མ་ས་དབང་རྒྱལ་པོའི་སྲས། ། ཕུན་ཚོགས་དགེ་ལེགས་ཀུན་གྱི་གཞི། ། གྲངས་མེད་བསྐལ་པར་ཚོགས་གཉིས་བསྐྲུན། ། མགོ་ནག་མི་ལ་སྒམ་བུ་ཕྱག ། གཉའ་རེངས་དགྲ་ལ་གཤིན་རྫེ་འདྲ། ། ཆོས་སྲིད་སྐྱོངས་ལ་འཇམ་དཔལ་དབྱངས། ། མངའ་འབངས་རྣམསས་ལ་ཡིད་བཞིན་ནོར། ། མཚན་རྨོས་གཙང་སྟོད་རྒྱལ་པོ་ཡིན། ། དེ་ཡི་གདུང་རབ་རིན་ཆེན་འཕྲེང་བའི་རྒྱན། ། མཛེས་པར་ཐོད་དུ་བཅིངས་པའི་ངོ་མཚར་གྱིས། ། འདོད་དགུ་ཡིད་བཞིན་འབྱུང་བའི་བཀའ་དྲིན་གཏེར། ། ཁས་དྲག་རྣམས་ཀྱི་ཤེ་མོང་ཐོབ་པར་ཤོག ། ཅེས་མཆོད་པར་བརྗོད་དེ། སྤེལ་གསེར་གཏམ་རྒྱུད་ལས། |
![]() |
༧༦ གཙང་སྟོད་རྒྱལ་པོའི་གདུང་རབ་ཀྱི་རྣམ་ཐར། དེའི་ཕོ་བྲང་དང་མངའ་ཁུལ་གྱི་ཆེ་བ། ། དེའི་བཀའ་ཁྲིམས་ཀྱི་ལུགས་དང་བཀའ་ཆེམས།། དེའི་སྤང་བླངས་དང་དོན་གཅོད་པའི་ཞལ་ལྕེ། དེ་རྣམས་ཀྱི་ལུང་རྒྱབ་ཏུ་ཞར་བྱུང་གི་སྔོན་གྱི་ཁྲིམས་ཡིག་དང་། གཏམ་རྒྱུད་ཁུངས་བཙུན་པའི་ཡིག་རྙིང་དང་། མནའ་གཏམ་ཐོས་པ་རྣམས་ཀྱང་བསྒྲིགས་པ་ལས་ཐོག་མར་ གདུང་རབ་ཀྱི་ལོ་རྒྱུས་ནི ། སྤྱིར་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ མཛད་པ་ཞི་རྒྱས་དབང་དྲག་གི་རྣམ་པར་ཐར་པ་སོ་སྐྱེ་བློའི་སྤྱོད་ ཡུལ་ལས་འདས་ཤིང་། ཟབ་པ་དང་རྒྱ་ཆེ་བ་བློ་ཆུང་གི་ རྟོགས་པར་དཀའ་མོད་ཀྱི། དེ་མ་རྟོགས་ཤིང་རྨོངས་པའི་ བློས་སྙན་ངག་དང་སྡེབས་སྦྱོར་ཚིགས་བཅད་རྐང་པ་ལྷུགས་ པའི་སྒྲིགས་ཚོམས་རྣམས་མེད་པར་ལྷ་དགའི་གཏམ་བཞིན་ བབ་ཆོལ་དུ་བྲིས་པ་འདི་ཉིད་རྣམ་དཔྱོད་ལྡན་གྱི་གཟིགས་ན་ སེང་གེའི་གཡུ་རལ་ལ་སྤྲེའུས་ལག་རྩེད་བྱས་པ་ལྟར་བཞད་ མོའི་གནས་སུ་གྱུར་འདུག་ཀྱང་རང་རང་གི་མོས་ངོར་ཤར་བ་ ཅུང་ཟད་འདྲི་བར་བྱ་ཏེ ། དེ་ཡང་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ |
![]() |
༧༧ འདི་ཉིད་འཕགས་པ་སྦྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་ཁམས་ གང་ལ་གང་འདུལ་གྱི་སྤྲུལ་བ་བསམ་གྱི་མི་ཁྱབ་ཅིང་ ། ལྷག་པར་ ཆོས་ཀྱི་རྒྱལ་པོ་མེས་དཔོན་རྣམ་གསུམ་གྱི་བཀའ་དྲིན་ལ་རྟེན་ནས་ སངས་རྒྱུས་ཀྱི་བསྟན་པའི་དབུ་བརྙེད་པ་དང་ ། བསྒྱུར་བ་དང་། དར་བར་མཛད ། ལུགས་གཉིས་ཀྱི་བཀའ་ཁྲིམས་བཟང་ པོས་སེམས་ཅན་ཐམས་ཅད་བདེ་སྐྱིད་ལ་བཀོད། མངའ་ འབངས་དར་རྒྱས་སུ་མཛད་ཅིང་བོད་ལ་སྔ་དར་བར་དར་ཕྱི་དར་ གསུམ་བྱས་ན་ ། འདི་ཡན་སྔ་དར་རོ། བར་དར་ནི་དཔལ་ ལྡན་ས་སྐྱ་པས་བོད་ཤིང་མགོ་བཙུགས་པའི་རྒྱལ་པོ་མཛད་པ་ དང་། སྡེ་སྲིད་སྣེའུ་གདོང་པའི་མཚན་དོན་རྡོ་ར་གང་བཞག་ ཡན་དུ་འདུག་ཅིང་ ། དེ་ནས་བར་གྱི་འཇུག་ཕྱི་མའི་སྒོའི་ བར་དེར ། བོད་དབུས་གཙང་འདིར་བློ་བུར་གྱི་མི་རྒོད་འགའ་ ཞིག་གིས་ཡུལ་གྱིས་སྣེ་རྣམས་སུ་རྫོང་བརྩིགས ། ཡུལ་ སོ་སོ་~~ནས་~~བདག་ཏུ་བཟུང་ཏེ ། རང་རང་འདོད་པའི་འཁྲུལ་ འཁོར་གྱི་བསམ་སྦྱོར་མི་བསྲུན་པའི་དམག་མཚོན་གྱི་བསྐུལ་ པ་དར ། ཧོར་སོག་ཀླ་ཀློའི་དཔུང་ར་ཟླར་སྒྲན་ནས་ཡུལ་ལམས་ ཐམས་ཅད་འཇོམས་ཤིང་སེམས་ཅན་ལ་བདེ་བའི་གོ་སྐབས་ |
![]() |
༧༨ མེད་པའི་སྐབས་དེར་ ། སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་ གསུམ་ཀྱི་བོད་ཀྱི་སེམས་ཅན་ལ་ཐུགས་བརྩེ་བའི་དགོངས་པ་ ཟབ་མོ་ཆོས་དབྱིངས་རྒྱ་མཚོའི་ཀློང་ནས་ཡེ་ཤེས་ཆེན་པོའི་གཟིཊ་ པ་དགོས་འདོད་ཡིད་བཞིན་གྱི་ནོར་བུའི་འོད་ཟེར་འཕྲོས་ཏེ་འཇིག་ རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མཛད་པ་ལས་གཙང་སྟོད་ རྒྱལ་པོའི་ཆབ་སྲིད་ཀྱི་རྟེན་འབྲེལ་རང་བཞིན་ལྷུན་གྱི་གྲུབ་ཏེ ། ཕྱི་དར་གྱི་དབུ་བཙུགས་པ་ཡིན་ཞིང་ ། རྒྱལ་རབ་འདི་ཉིད་ ཀྱི་སྐུ་རུས་ནི་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་རིང་ལ་རྡོ་རྗེ་ཐེག་ པ་ལས་གྲུབ་པ་རྙེས་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན་པའི་ ནང་ནས་གཉགས་ཛྙཱ་ཀུ་མ་ར་ཞེས་པ་འདི་ཉིད་གྱི་ལོ་རྒྱུས་ ཞིབ་པ་རྙིང་མའི་ཡིག་ཚང་རྣམས་ལ་གསལ་ཞིང་ ། འདིའི་ གདུང་རབས་སུ་སྐྱེས་བུ་དམ་པའི་རིགས་སངས་རྒྱས་བསྟན་ པ་དང་། ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོ་དང་། ཡང་ ཀུ་ས་ལིའི་ཚུལ་དང་། སྦས་པའི་ཚུལ་སོགས་དོན་དུ་ སྐྱེས་བུ་དཀྱུས་མ་མིན་པའི་གདུང་རབ་ཀྱི་འཕྲེང་བ་རིགས་ རུས་དང་ཚོ་འབྲང་མཉམས་ཤིང་། བརྒྱུད་ཀྱི་ལྷ་འགོ་བ་ རིམས་བཞིན་ཟུར་མ་ཆད་པ་འབྱོན་པའི་ནང་ནས་གནམ་ |
![]() |
༧༩ བསྐོས་ལྷའི་བུ་ཞིང་ཤག་ཚེ་བརྟན་རྡོ་རྗེ་ཞེས་བསོད་ནམས་ཀྱི་མངོན་ པར་མཐོ་བ་འདི་ཉིད་ལས་རིམ་པར་བརྒྱུད་པའི་ལྷ་དང་། གྱོན་པར་ དང་། ཀརྨ་པའི་ཆོས་སྐྱོང་སོགས་ཀྱི་སྤྲུལ་པའི་མི་ཕོ་རྣམས་ བྱོན་ཞིང་། དེ་དག་གི་ཞི་རྒྱས་དབང་དྲག་གི་རྣམ་ཐར་དང་། སྤྲུལ་ པ་བསྐྱེད་པ་བསམ་གྱི་མི་ཁྱབ་པ་བརྗོད་ཀྱི་མི་ལང་བ་འདུག་ཀྱང་། འདྲི་བར་མ་ལང་ཞིང་ ། ཟུར་ཙམ་ཞིག་བརྗོད་པ་ལས ། གནམ་བྱིན་མིའི་དབང་པོ་ཞིང་ཤག་ཚེ་བརྟན་རྡོ་རྗེ་དེ་ཉིད་ལ ། རྒྱལ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་། རྗེ་བཙུན་པ་ཀུན་དགའ་ གྲོལ་མཆོག་གི་དབུས་གཙང་ལ་མངའ་བསྒྱུར་བར་ལུང་བསྟན་ ནས་མཚན་དོན་གྱི་དབུ་བརྙེད་ལ། དེ་ལ་སྲས་དགུ་ཙམ་ཞིག་ བྱུང་བ་ལས། སྤྲུལ་པའི་དཔོན་འདི་གསུམ་གྱི་གཙང་སྟོད་ དུ་གཞན་ཕྱོགས་མ་རུང་པ་ཚར་བཅད། སྒར་ཆེན་ཀརྨ་ ཡབ་སྲས་སྤྱན་དྲངས་ནས། འབུལ་ཞབས་དབུས་གཙང་ གི་རང་སྲིད་ཆེ་ཆུང་རྣམས་ལ་ཁུར་སྐྱེངས་གནང་བ་སོགས་ ཞི་རྒྱས་དབང་དྲག་གི་རྣམ་ཐར་བསམ་གྱི་མི་ཁྱབ་པའི་ལོ་རྒྱུས་ གེ་སར་གྱི་སྒྲུངས་དང་མཚུངས་པར་འདུག་ཀྱང་འདྲིར་མ་ནུས། འདི་གསུམ་གྱི་སྐུ་དྲིན་ལས་མཚན་དོན་གྱི་གཞི་ཚུགས། དེ་ |
![]() |
༨༠ གསུམ་གྱི་སྲས་ཀརྨ་ཕུན་ཚོགས་དབང་པོ་ཕྱོགས་ཐམས་ཅད་ ལས་མངོན་པར་རྒྱལ་བ་ཞེས་ཧོར་སོག་ཕྲལ་གྱི་རྒོལ་བ་ཚར་ གཅོད་པ་ལ་ཨུ་རྒྱན་བདྨའི་སྤྲུལ་བ་བཞིན་ཉི་ཟླ་ལྟར་གྲགས་པ་ དེ་ཉིད་ལྕགས་ཁྱིའི་ལོ་རྒྱལ་ཁབ་བསམ་འགྲུབ་རྩེར་སྐུ་བལྟམས་ མ་མས་ཚོགས་ཀྱི་སྐུ་བསྐྱེད་སྲིང་། སྐུ་ཆུང་དུ་ནས་ཐུགས་ སྒམ་ཞིང་མཁྱེན་པ་རྒྱས་པ་མིའི་དབང་པོར་གྱུར་པ་དེ་བཞིན་ལགས་ ཞིང་། སྐུ་གཞོན་ནུ་ནས་ཡབ་ཡུམ་རྣམས་དགུང་སྐག་ལ་ གཤེགས། དགུང་ལོ་ཉི་ཤུ་རྩ་ལྔ་ལ་དམག་དཔུང་ཡན་ ལག་བརྒྱད་ལྡན་དང་བཅས་ཏེ་དབུས་སུ་ཕེབས། ཡར་ རྒྱབ་དཔོན་ཆེན་སོགས་གཞན་ཕྱོགས་ཚར་བཅད ། དབུས་སུ་ ལྷོ་བརྒྱུད་རང་ཞབས་སུ་བཅུག ། དེ་ནས་དབུས་གཙང་གི་ རྒྱལ་ཕྲན་གདུག་རྩུ་བ་ཅན་རྣམས་ཚར་བཅད་དེ ། བཀའ་ཁྲིམས་ བཟང་པོ་རྒན་མོ་གསེར་ཁུར་གྱི་དུས་འཇམ་དར་ཡུག་གཅིག་ཏུ་ བསྐྱངས ། དེ་ནས་ས་ཕོ་རྟའི་ལོ་ཧོར་སོག་ཀླ་ཀློའི་ དམག་ཚན་ཆེན་པོ་བོད་དུ་ལུད། བྱང་ཁམས་ཐམས་ཅད་ དམག་གི་བཅོམ། ལྷ་ས་གཙུག་ལག་ཁར་ཡང་ཧོར་ སོག་གིས་བཟུང་ནས། རྒྱ་གར་གྱི་ཇོ་གི ། མདོ་ |
![]() |
༨༡ ཁམས་དབྱར་དྭགས་ཀོང་གསུམ་དབུས་གཙང་སོགས་དད་ཅན་སྐོར་ བ་རྣམས་ཀྱང་ ། ཇོ་ཤཱཀ་ལ་གསོལ་བ་རྒྱང་ནས་འདེབས་པ་མ་ གཏོགས་སྐོར་བ་སྨོན་ལམ་སོགས་དགེ་བའི་ལས་རྣམས་བགྱིད་ མ་ཐུབ་ ། ཤར་ཇ་ལའི་འགྲུལ་གྱི་གསར་ དུས་ཤིན་ཏུ་མ་བདེ་བའི་མི་ཐམས་ཅེད་ ། ཨུ་རྒྱན་གྱི་སྦས་ལུང་ འབྲས་མོ་ཤོངས་ཀྱི་གནས་སྒོ་སྒུག པའི་སྐབས ། ས་སྐྱོང་མིའི་དབང་པོ་ཕུན་ཚོགས་རྣམ་པར་ རྒྱལ་བས་ཕལ་གྱི་རྒོལ་བ་ཚར་གཅོད་པའི་གཡུལ་ཆེན་པོ་ བཤམས་ཏེ་ ། དཔུང་ཚོགས་ཡན་ལག་བརྒྱུད་ལྡན་སྟོད་ ལུང་མདར་ཕབ། ལྷའི་དམག་ཚོགས་ས་ལ་འཕོས་པ་ལྟ་ བུའི་གཟི་བརྗིད་ཀྱི་མཐའ་དམག་ཚར་བཅད ། དབུས་གཙང་ རུ་བཞི་མདོ་ཁམས་སྒང་གསུམ་ལྷོ་མོན་ལ་བཞི་སོགས་མདོར་ ན་སྟོད་ཛཱ་ཏི་དབྱུག་པས་བརྡུང་ས་ནས། སྨད་རྒྱ་མོ་དར་ ཐག་ས་ཡན་རང་ཞབས་སུ་བཅུག ། གཞིས་ཀ་བསམ་འགྲུབ་ རྩེས་གཙོས་པའི་རྫོང་ཆེན་བཅུ་བཞི ། སའི་མེ་རྩ་གནོན་ པའི་རྫོང་ཕྲན་སོགས་ཞལ་འཛིན་གྱི་སྐྱོང་བ་རྣམས་མ་གཏོཌ རྫོང་ས་བཙན་གྱི་རིགས་རྣམས་མ་འོངས་པ་ན་དུས་ཟིངས་ |
![]() |
༨༢ ཀྱི་རྒྱུར་འགྲོ་བར་དགོངས་ནས་ཐམས་ཅད་རྨངས་མེད་པར་བཤིག ། ཤིང་ཆ་རྣམས་ལྷ་སས་གཙོས་པའི་གཙུག་ལག་ཁང་རྣམས་ཀྱི་ཞིག་ སོས་དང་ ། གྲུ་ཟམ་སོགས་ཀྱི་བསྒྱུར་གནང་། ལྷ་ས་ཇོ་ཤག་ རྣམ་གཉིས་ཀྱི་དྲུང་དུ་མཆོད་སྤྲིན་རབ་འབྱམས་རྒྱ་མཚོའི་ཚོགས་ དཔག་ཏུ་མེད་པ་འཁོར་ཡུག་ལྟར་ཆགས་སུ་འཛུགས་ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་སུའང་ མཆོད་པ་རྒྱ་ཆེར་གནང་། སེར་འབྲས་དགེ་གསུམ་གྱི་ བཙོས་པའི་འབའ་རེང་བསྟན་ཤིག་རྣམས་གནས་དབྱུང་ ། རབ་བྱུར་གནས་བརྟན་དགེ་འདུན་འདུལ་ཁྲིམས་མཁས་ཤིང་ བཙུན་པ་རྣམས་བསྡུས་ནས་བསྟན་པའི་གད་བདར་དང་ ། སྡེ་དགོན་བསྟན་པ་ཉམས་ཆགས་སུ་གྱུར་པ་རྣམས་ཁ་ སོའི་དབུ་བཙུགས་རྒྱལ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་དབུས་གཙང་ བདག་པོའི་ལུང་གནང་སྟེ་ཤེལ་ཐམ་དམར་ཅག ། སྐྱུ་དར་རྒྱ་ གླིང་སོགས་ལུང་གི་ཆེ་བ་མངོན་པར་མཐོ་བའི་དགེ་མཚན་བསམ་ གྱི་མི་ཁྱབ་ཅིང་ ། བཀའ་ཁྲིམས་བཟང་པོ་མངའ་འབངས་ རྣམས་རྫོགས་ལྡན་གྱི་དུས་བཞིན་བདེ་སྐྱིད་དུ་མཛད་པའོ།། དེའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་བ་ཆོས་སྐྱོང་བའི་རྒྱལ་པོའི་ |
![]() |
༨༣ སྐུའི་བསོད་ནམས་ཀྱི་མངོན་པར་མཐོ་བ་ཀརྨ་བསྟན་སྐྱོང་དབང་པོ་ ཞེས་མཚན་ཉི་ཟླ་ལྟར་གྲགས་པ་འདི་ཉིད་ ། བཀའ་གདམས་གླེགས་ བམ་ཆུང་བར་ ། སངས་རྒྱས་དག་གི་སྤྲུལ་པ་ཅིར་ཡང་སྟོན་ ཞེས་པ་ནས་ ། རྒྱལ་པོར་སྤྲུལ་ནས་འགྲོ་བ་འདྲེན་པོ་ལ།། རྒྱལ་པོའི་བུར་སྤྲུལ་རིམ་གྱི་རྒྱལ་ས་འཛིན།། གལ་ཏེ་རྒྱལ་པོའི་བུ་ཉིད་མ་ཡིན་ན།། རྒྱལ་པོ་མི་ཐོབ་འཁྲུག་པ་འབྱུང་བར་འགྱུར།། དེ་བས་ཐབས་མཁས་རྒྱལ་པོ་བརྟེན་པར་བྱ། ། ཅེས་གསུངས་པ་ལྟར། མེ་ཕོ་རྟའི་ལོ་གཟའ་སྐར་ཕུན་སུམ་ ཚོགས་པའི་ཉིན ། ཡུལ་སེང་གེ་ལུང་མཆོད་རྟེན་རྒྱལ་པོ་སྐྱེས་ སུ་སྐུ་བལྟམས། མཚན་མཁན་གྱི་ལྟས་པས། སྐུ་འཁྲུངས་ པའི་ཡུལ་གྱི་མིང་དང་འཁྲུངས་པའི་སྐར་མ་དུས་སྦྱོར་དང་ ། ཁྱད་པར་པདྨ་གླིང་པའི་ལུང་བསྟན་ཀུན་གསལ་མེ་ལོང་དུ ། ཨུ་རྒྱན་གྱི་སྦས་ཡུལ་ནས་བོད་དུ་ཕེབས་པའི་དུས ། ཡུལ་ གྱི་མིང་ལ་སེང་གེ་ལུང་དུ་བཏགས། དེར་མཆོད་རྟེན་ ཞིག་མཛད་ནས་རྒྱལ་པོ་སྐྱེས་སུ་མཚན་གསོལ ། མ་འོངས་ |
![]() |
༨༤ པ་ན་འདིར་སྤྲུལ་པའི་རྒྱལ་པོ་ཞིག་བཙས་ནས་དེའི་རིང་ལ་བོད་ཀྱི་སེནཾ་ རྣམས་བདེ་སྐྱིད་ཉི་མའི་འོད་ཟེར་ཤར་བའི་ཞུར་ལྟ་བུ་ཞིག་ཡོང་ གསུང་བའི་ལུང་བསྟན་ཁུངས་བཙུན་ཡོད་གནང་བའི་རྟེན་ཅིང་ འབྲེལ་འབྱུང་གི་སྟོབས་ལས། སྤྱི་བོ་གནམ་བསྟན་གྱི་རྒྱལ་ པོ་འགྲན་པའི་ཟླ་དང་བྲལ་བ་འབྱུང་ཞེས་པ་ལ་སོགས་པ་ངོ་མཚར་ བའི་ལྟས་བསམ་གྱི་མི་ཁྱབ་པ་གྱུར་ཅིང་། སྐུ་ཆུང་ངུ་ནས་ གཟི་བརྗིད་ཆེ་ཞིང་སྤྱན་སྤངས་མཐོ་བ་མངའ་ཐང་ཆེ་བ་སྐུ་བྱིས་ པའི་ཚུལ་མི་སྟོན་ཞིང་བག་གམ་པ་དགོངས་པ་ཟབ་ལ་བཀྱེལ་ཆེ་ བ ། བསྟན་པ་ལ་ལྷག་པར་གུས་པ་ ། འབྲི་ཀློག་ལ་སོགས་ ལའང་བརྡ་ཙམ་གྱིས་མཁྱེན་ཅིང་། རིག་གནས་ལ་མཁས་པ་ འཆོངས་དང་སྒྱུ་རྩ་ལ་གྱི་རིགས་ལ་གེ་སར་གྱི་རྒྱལ་པོ་ལྟ་བུ ། ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་མཁྱེན་པ་རྒྱས་ཤིང་ མངའ་འབངས་ལ་བརྩེ་བ ། མ་རུང་པ་འདུལ་ཕོད་པ་ལྷའི་ དབང་པོ་བརྒྱ་ཕྱིན་དང་མཚུངས་པ་འདི་ཉིད་ ། དགུང་ལོ་ བཅོ་ལྔ་ལ་རྒྱལ་ཁབ་ཆེན་པོ་བསམ་འགྲུབ་རྩེར་གདན་སེང་གེའི་ ཁྲིར་ཕེབས། རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོའི་བཀྲ་ཤིས་ མངའ་གསོལ་རྟེན་འབྲེལ་མཐའ་དག་སྒྲིག་པར་མཛད ། |
![]() |
༨༥ ཀརྨ་ཡབ་སྲས་རྣམས་ཀྱི་བོད་ཆོས་རྒྱལ་གྱི་ལུང་གནང་ ། ཁྲི་འདོན་ མདའ་གསོལ་བསམ་གྱི་མི་ཁྱབ་པ་མཛད། དབུས་གཙང་གི་ ཆེ་དགུ་ཐམས་ཅད་ཀྱི་ཞབས་ལ་བཏུད ། དགའ་སྟོན་ལོངས་སྤྱོད་ བསམ་གྱི་མི་ཁྱམ་པ་མཛད་ཅིང་། སྤྱི་བོ་གནམ་བསྟན་བོད་ རྩམ་ཟན་གྱི་རྒྱལ་པོར་གྱུར་པའོ།། སླར་ཧོར་སོག་གི་དམག་ སྐོར་གཅིག་བོད་དུ་ལྷགས་ཏེ་སྐྱིད་ཤོད་ལུང་པར་གནས་བཅས། ལྷ་ས་ཟིན་ཇོ་ཤླཀ་རིན་པོ་ཆེའི་མཆོད་སྤྲིན་ལོ་གཉིས་བཅག་། དུས་མ་བདེ་བ་ལ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་དམག་དཔོན་རུ་བཞིའི་ ལས་ཁ་བསྐོས་དཔུང་ཚོགས་ཡིན་ལག་བརྒྱད་ལྡན་བཤམས་ ཏེ་དབུས་སུ་བརྫ་ངས། ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ཀླ་ཀློ་ ཚར་གཅོད་ཀྱི་དགོངས་པ་ལ་བཞུགས་ཏེ་ཞལ་དགྲ་ཕྱོགས་སུ་ བསྒྱུར་བཙམ་གྱི་སྐུ་བསོད་མངའ་ཐང་གི་ཟིལ་མ་བཟོད་པར་ བྱེར་ཏེ་རྒྱ་མཚོའི་མཐར་བྲོས། འཛམ་བུའི་གླིང་ལ་དབང་ སྒྱུར་ཡར་རྒྱལ་པོའི་མཛད་པའི་འཕྲོས ། ཞྭ་ལུ་སྣར་ གླང་ཐར་བ་གླིང་བསམ་སྡིངས་སོགས་བསྟན་པའི་ཞལ་གསོ་ རྣམས་ལེགས་པར་གྲུབ་བ་མཛད ། རྗེ་བཙུན་དམ་པ་ཀུན་ དགའ་སྙིང་པོ་ལ་ཟབ་གནད་ཀྱི་ཆོས་བསྐོར་རྣམས་ལེགས་ |
![]() |
༨༦ པར་གསན་ནས་ཆོས་ཉིད་ཀྱི་དོན་ཐུགས་སུ་ཆུད ། རྒྱལ་བ་ཀརྨ་ པ་ཡབ་སྲས་ལ་དཀར་བརྒྱུད་ཀྱི་བསན་པ་རྒྱ་ཆེར་མཛད ། སྒར་ཆེན་འཛམ་གླིང་རྒྱན་རྒྱལ་ཁོབ་སོ་སོར་སྤྱན་དྲངས་ཏེ་ཆིབས་ སུ་སེར་སྦྲེངས་སོགས་ཁྲི་འབུལ་སྟོང་འབུལ་གྱི་འབུལ་ཞབས་ སོགས་བསམ་གྱི་མི་ཁྱབ་པས་མཉེས་པར་མཛད་ཅིང་ ། མཆོད་ཡོན་ཐུགས་ཡིད་གཅིག་ཏུ་འདྲེས་ ཟུང་ཅིག ། ས་ལ་མཆོད་ཡོན་རྣམས་སུ་གྲགས་བར་ གྱུར་ཅིང་ ། གཞན་ཡང་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ ཞལ་ངོ་རྣམས་དང་ ། དཔལ་སྟག་ལུང་པ་སོགས་བོད་ཁ་བ་ ཅན་གྱི་སྐྱེས་ཆེན་དམ་པ་རྣམས་ལའང་བཀའ་ཆོས་བསན་པ་ རྒྱ་ཆེར་མཛད་ཅིང་ ། མཆོད་གཞིས་དགེ་རྒྱུན་ཀྱང་བརྒྱ་ གྲངས་མང་པོ་འབུལ་སྦྱོར་མཛད་པ་དང་ ། ཁྱད་པར་དུ་ཆོས་ ཀྱི་རྒྱལ་པོ་འདི་ཉིད་གྱི་མཛད་ཆེན་ལྔར་གྲགས་པ་ནི ། སངས་ རྒྱུས་ཀྱི་བསྟན་པ་རིན་པོ་ཆེ་ཞབས་ནས་འདེགས་པ་དང་ ། ཆོས་བཞིན་སྐྱོང་བའི་རྒྱལ་པོའི་ལུགས་བཟུང་བའི་ཕྱིར ། བན་ སེར་ཕོ་མོའི་ཕྱག་མི་བཞེས་ཤིང་གྲུབ་མཐའ་རིས་མེད་ཀྱི་བན་ ཁྲི་ཚོ་མང་པོ་ལ་རྒྱལ་ཁབ་བསམ་འགྲུབ་རྩེར་གདན་དྲངས་ནས་ |
![]() |
༨༧ སེར་ཚོགས་ཚེར་གསུམ་ལ་མང་ཇ་གདན་ནོན་གྱི་ཞབས་ཏོག ། གསེར་དངུལ་རིན་པོ་ཆེ་བརྒྱན་ནས། གོས་དར་རྟ་ཁྲབ་ལྕགས་བུ་རམ། བལ་ཚོས་རྩོ་ད། ཚ་ནས་སོགས་འདོད་དགུའི་ལོངས་སྤྱོད་ཐམས་ ཅད་སྤངས་ཏེ་འགྱེད་ཆེན་གནང་པས ། དགེ་འདུན་རེ་ལ་ལོ་རེའི་ རྒྱག་གོས་ཀྱི་འཚོ་བར་མཛད་པ་འདི་དང་གཅིག ། མངའ་འབངས་ ཐམས་ཅུད་བདེ་སྐྱིད་དང་སྙོམས་ཆུང་ཉམས་པ་ལ་ཕ་མ་ལྟར་ བརྩེ་བའི་བོད་ཁྲིམས་བར་དུ་ལད་པ་རྣམས་གསོར་འཇུག་ཕྱིར་ བཀའ་ཁྲིམས་ཀྱི་གའུ་ལེ་ཆེན་མོ་སྒྲིགས་པ་གནང་བ་ནས་མངའ་ འབངས་རྣམས་ཞོལ་སྤྲིས་མ་ཆགས་པ་ལྟར་ཞོ་འཇགས་ཤིང་ ཉིན་མཚན་གྱི་གཉིད་གོ་མ་ལོག་པར་ཉལ་ཆོག་པ་དང་གཉིས། མངའ་འབངས་ཁྲལ་མི་རྣམས་ངལ་གསོ་ཞིང་སྐྱིད་པ་ལ་སྐྱིད་ པ་ངོ་ཤེས་པའི་ཕྱིར་མཚོ་རེ་ལ་ལོ་བཞིན་རེས་སྐོར་གྱི་རྐང་འགྲོ་ ལག་འདོན་ཁྲལ་རིགས་རྣམས་བཅག་པའི་དར་རྒན་གྱི་ ལུད་གནང་ཏེ་ལོ་སྐོར་རེར་རྒྱལ་ཁམས་སྐྱིད་སྡུག་ཚར་རེ་ སྙོམས་པ་གནང་བ་དང་གསུམ ། མི་འཇིགས་པ་སྐྱབས་ ཀྱི་སྦྱིན་པའི་སེམས་ཅན་བདག་མེད་ཤ་རུས་ལྤགས་པའི་ ཕྱིར་སྲོག་གི་ཉེན་པ་རྣམས་སྐྱབས་པ་དང་བདེ་བར་འདུག་ |
![]() |
༨༨ པའི་ཕྱིར་ཆོ་འཕྲུལ་དུས་ཆེན་ནས་ཟླ་བ་བཅུའི་བར་རི་རྒྱ་ཀླུངས་རྒྱ་ སྡམ་པ་གནད་བ་དང་བཞི ། ར་ས་འཕྲུལ་སྣང་གི་གཙུག་ ལག་ཁང་ཆེན་པོར་ཇོ་ཤག་ཡིད་བཞིན་ནོར་བུ་ལ་ཐག་རིངས་ མཐའ་ཁོབ་ནས་མཎྜལ་ན་བཟའ་འབུལ་བ་དང་ ། ཕ་མ་ དྲིན་ཅན་གྱི་རུས་སྐྱེལ་བ ། ཐོད་བ་གཏུགས་ནས་སྨོན་ལམ་ རྒྱག་ས ། གྲུབ་མཐའ་རིས་མེད་ཀྱི་ཆོས་སྡེ་རྣམས་སུ་འབུལ་ སྐྱེལ་སོགས་དགེ་རྒྱུན་གསེར་ཟམ་གྱི་བདེ་ཐབས་ཀྱི་ཕྱིར ། བྱང་རུ་རིགས་ཀྱི་ཁྲིམས་ཁ་བསྡམས་པ་མཛད་ནས་བཟང་ འགྲུལ་མཐའ་ཁོབ་པ་སྤྲིན་དཀར་པོ་ལ་ཚད་བཙུགས ། གངས་ དཀར་པོ་ལ་སྣེ་བསྟད ། ས་ནག་པོ་འདོམ་དུ་འཇལ་ནས་ ཉམ་ཐག་ཅིང་ག་ཆད་པ་རྣམས་རྟ་ཆད་བྱང་ཁམས་སུ་གསོལ་ ཆོག་པ་དང་། མི་ཆད་ལྟོགས་འཁྱམས་ཀྱི་གཅེས་པ་རྣམས་ ལ་གྲོ་ཁ་བྱང་རུ་རིགས་ནས་གཡག་ལུག་དབུས་ཀྱི་རྫོང་གཞིས་ ནས་རྩམ་སྲན་གོས་རྒྱུའི་སྣམ་ཕྲུག་གནང་ཏེ་བྱམས་བརྩེའི་ བཀའ་དྲིན་གྱིས་བསྐྱངས་ཏེ་རང་རང་འདོད་པའི་བགྱིད་པ་རྣམས་ འགྲུབ་ཏེ་རང་རང་གི་ཡུལ་དུ་ལོག་ཆོག་པ་རྒྱ་ནག་པོའི་བྱང་སྒོ་ སོག་ཡུལ་ནས་དབུས་གཙང་གི་བར་རྒན་མོ་གསེར་ལུར་ |
![]() |
༨༩ ལྟ་བུའི་དུས་བདེ་བར་མཛད་པ་འདི་དང་ལྔ ། གཞན་ཡང་ཞི་ རྒྱས་དབང་དྲག་གི་མཛད་པ་སེམས་ཅན་གྱི་བདེ་ཐབས་འབའ་ ཞིག་མཛད་པའི་སྤྱི་དཔོན་ཆེན་མོ་གཙང་སྟོང་རྒྱལ་པོའི་མཚན་ དོན་དང་མཐུན་ཞིང་ཆོས་ཀྱི་རྒྱལ་པོར་གྱུར་བ་ནི་ཤབ་དང་ཤོབ་ མིན་པར་འདི་ཀའོ། ། གདུང་རབས་འདི་ཉིད་རིམ་པར་བྱོན་ པའི་ཕོ་བྲང་གི་ལྟེ་བ་ནི ། རྒྱལ་ཁབ་ཆེན་པོ་བསམ་འགྲུབ་ རྩེ་ནས་རྣམ་པར་རྒྱལ་བའི་ཁང་བཟང་དམ་པ་འདི་ཉིད་ཡིན་ ལ ། རི་རྒྱལ་རིན་ཆེན་དཔུང་པ་འདྲ་བ་ཕྱོགས་བཞི་ནས་ བྲག་སེངྒེ་འདྲ་བ་དྲུག་གི་བསྟེགས་ ། ཕྱི་སྒོ་ལྕོག་སེང་གེ་ སྒོ་མོ་ལྕགས་རི་འོབས་མུ་འཁྱུད་རྣམས་ནི་སྲིན་པོའི་མཁར་ ལྟར་བཙན་ཞིང་རྔམས་པ། དགྲ་བོའི་མགོ་དང་སྒྱུ་མ ། པའི་འཕྲེང་བ་སོགས་འཇིགས་ཤིང་སྐྱི་གཡར་བ་ ། བར་གྱི་སྒོ་ལྕོག་རྣམ་སྲས་ཀྱི་ཁང་བཟང་ལྟར་འབྲུ་རིན་པོ་ཆེའི་ བསྐོར་མཛོད་དང་། རྡོ་ལེབ་ཟླ་བ་ལྟར་དཀར་བ་བཅལ་ དུ་བཀྲམ་པའི་ར་བ་ཡངས་པ་ ། ཕྱོགས་བཞི་སྒོ་ཁང་ དང་བསིལ་ཁང་དང་ཀས་ཀྱི་མཛེས་པ་ ། ཕོ་བྲང་གི་ལྟེ་བ་ |
![]() |
༩༠ ནི་ལྷའི་ཁང་བཟང་ལྟར་མཛེས་ཤིང་བལྟ་བས་མི་ངོམས་པ ། གསེར་ གྱི་རྒྱ་ཕིགས་དང་བྲེ་མགྱོགས་ཟ་རམ་བརྩེགས་ཀྱི་མཛེས་པ་ ། གསེར་གྱི་རྒྱལ་མཚན་དང་གདུགས་ཕན་གྱི་རྒྱན་པ ། སྐུ་གསུང་ ཐུགས་རྟེན་ ། དེ་བཞིན་གཤེགས་པའི་འཕེལ་གདུང་རིན་ བོ་ཆེ་ལ་སོགས་པའི་མཆོད་པའི་བྱེ་བྲག་ ། རོལ་མོའི་སྒྲས་ དཔག་ཚད་ཀྱི་བར་ཁྱམས་སོགས ། བདེ་བ་ཅན་དང་མངོན་ དགའི་ཞིང་ལྟ་བུ་གསེར་ཁྲིའི་སྟེང་དུ་མི་དབང་ཆོས་ཀྱི་རྒྱལ་པོ་ བཙུན་མོའི་ཚོགས་དང་བཅས་པ་མདུན་ན་འདོན་དང་ ། རྒྱལ་ཕྲན་རྟ་བ་དྲུང་འཁོར་བསམ་གྱི་མི་ཁྱབ་པའི་འཁོར་དང་བཅས་ཏེ་ བཞུགས་པ་ནི་ ། ལྷ་ཡི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་ལྟ་བུ ། ཕྱོགས་ བཞིའི་བྱ་ཁ་རྣམས་ཀྱི་བྱ་མ་རྟའི་ཚོགས་དང་། རྒྱ་གར་རྒྱལ་པོ་ ཨརྒར་པར་བྱ། རྒྱ་ནག་རྒྱལ་པོ་བ་ཐམ་གོང་མ། སོག་པོ་ གཞུང་དྲུག་གི་གསེར་ཡིག་མི་སྣའི་ཚོགས་ཀྱི་མེ་ཏོག་ཟིལ་མངར་ ལ་བུང་བའི་ཚོགས་ཀྱི་བསྐོར་པ་བཞིན་ཐིབས་སེ་འཁོར་ཡུག་ཏུ་ འདུ་བ ། ཕོ་བྲང་གི་ཕྱོགས་བཞིའི་འཚལ་བཞི ། ཤར་རྩེ་དགའ་ཚལ་ལག་མཐིལ་ལྟར་སྙོམས་ཤིང་ཉམས་ དགའ་བ ། ལྷོ་བཀྲ་ཤིས་དགེ་འཚལ་ཁང་བཟང་དང་ |
![]() |
༩༡ ཁྲུས་ཀྱི་རྫིང་བུ་མེ་ཏོག་སྣ་ཚོགས་ཀྱི་འདུམ་རར ། བྱ་སྣ་ཚོགས་ སྐད་སྙན་བསྒྱུར་ཞིང་སྐྱེད་པ ། ནུབ་དགའ་ཚལ་ཟ་ཤིང་གི་ར་ བས་ཡོངས་སུ་བསྐོར་ཞིང་ ། དགེ་འདུན་གྱི་ཀུན་དགའ་ར་བ་ སོགས་བག་ཕེབས་པ། བྱད་ཆུ་གྲོང་དང་བྱ་ཚོ་འཚལ་སྨན་ ལྗོངས་འབབ་ཆུས་རྒྱན་ཞིང་ཡིད་དུ་འོང་བའི་བསྐོར་བའི་ཕོ་ བྲང་འདི་ཉིད་ཀྱི་མ་ལག་ཏུ་གཏོགས་པ ། ཤར་རྒྱལ་མཁར་ རྩེ་སེདྒེ་གནམ་ལ་འཕྱོང་བ་ལྟ་བུ་ ། ས་རྣམས་ལྷུན་གྲུབ་ རྩེ་གནམ་ལ་ཟོ་བ་བཏགས་པ་ལྟ་བུ ། གཞིས་ཀ་རིན་སྤུངས་ ལྷུན་ཆགས་པ་སོགས་ཀྱི་ཡོངས་སུ་བསྐོར་ཤིང་ ། ཕྱི་ ལྕགས་རིའི་ཚུལ་དུ་ཤར་མ་འགྱུར་དྭགས་སྐོང་གི་ཁ་གནོན་ འོལ་ཁ་སྟག་རྩེ། ལྷོ་མི་འགྱུར་ཞིང་ཀློ་མོན་གྱི་ཁ་གནོན་དོ་ བོ་རྫོང་ ། ནུབ་མི་འགྱུར་ཞིང་བལ་པོ་རྒྱ་གར་གྱི་ཁ་གནོན་ རྣམ་རྒྱལ་ལྷ་རྩེ་། བྱང་མི་འགྱུར་ཞིང་ཧོར་སོག་རྒྱ་ནག་གི་ཁ་ གནོན་གསང་སྔགས་བདེ་ཆེན་དང་ ། གཞན་ཡང་ས་གནད་ མེ་རྩ་གནོན་པའི་རྫོང་མཁར་བཙན་མང་པོས་བསྐོར་བའི་ དབུས་སུ་བོད་རྡོ་རྗེ་གདན་ལྷ་ས་འཕྲུལ་སྣང་གི་གཙུག་ལག་ ཁང་དང་ ། དགེ་འདུན་ཁྲི་ཕྲག་འདུ་བའི་ལྷ་སྡེ ། མངའ་ |
![]() |
༩༢ ཁུལ་མི་སྡེ་གྲོང་ཁྱེར་གནམ་གྱི་སྐར་མ་སར་ཆགས་པ་ལྟ་བུ ། དགོས་འདོད རྒྱ་བོད་འགྲུལ་ཟམ་གྱི་ཚོང་འདུས། གང་ལ་གར་འདོད་འདུ་བ ། ལོ་ཕྱུགས་རྟག་ཏུ་ལེགས་ཤིང་སྐྱ་རྒྱལ་བ ། བཀྲ་ཤིས་ཕུན་ སུམ་ཚོགས་པ། ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་བསོད་ནམས་ མངོན་པར་མཐོ་བའི་བཀའ་དྲིན་ལས་བྱུང་བ་འདི་ལགས་སོ།། གསུམ་པ་དེའི་བཀའ་ཁྲིམས་ཀྱི་ལུགས་དང་བཀའ་ཆེམས་ གཏམ་རྒྱུད་སོགས་ལས། རྒྱལ་རབས་འདི་ཉིད་ཀྱི་བཀའ་ ཁྲིམས་གཙང་མ་ནི ། ཁྲིམས་འགལ་ལ་ནན་ཏུར ། ཁྲིམས་མཐུན་ལ་བྱ་ཁ། བཟློས་པའི་ཞལ་ལྕེ་རྣམས་ ཀྱང་སྔོན་གྱི་ཚིག་ཚོགས་ཚིག་རོའི་རིགས་རྣམས་ཕུད་དེ། བསྙོན་ཧམ་ལ་སྣུམ་བཀོལ་ཏེ་དཀར་ནག་མངོན་སུམ་དུ་ བཤན་འབྱེད་པ ། སྟོང་ལ་སྙིང་གནོན་གྲ་ཕུད་སྲང་ ཞོ་འབེབས་ཀྱི་ཁོག་ཏུ་སྟོང་དཀར་སྟོང་ནག་མི་བདག་རྒྱལ་ ཆད་ཤུལ་གྱི་ཁོག་ཏུ་གདན་སྟོན་བཞི་ཟུར་གྱི་ཚིག་ཚོགས་ རྣམས་བསྡུ་བར་མཛད་པའི་གཅད་ཁ་གཙང་ཞིང་བརྗིད་ ནོན་ཆེ་བའི་བཀའ་ཁྲིམས་ཀྱི་རྒྱལ་ཁམས་རྒན་མོ་གསེར་ |
![]() |
༩༣ ཁུར་རྫོགས་ལྡན་གྱི་དུས་ལྟ་བུ་ཀུན་གྱི་གཟིགས་པ་འདི་ལགས་ ཤིང་ ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁྲིམས་ཆེན་པོ་ གསེར་གྱི་གཉའ་ཤིང་ལྟར་ལྕི་བ ། ཉི་ཟླ་དབྱིངས་ནས་ འཆར་བ་ལྟར་ཉེ་རིང་མེད་པ་ ། དབུས་དབུས་ཀྱི་རི་བོ་མཆོག་ རབ་ལྟར་གང་གིས་ཀྱང་བསྐྱོད་པ་མེད་པ་བཞིན་ཚུགས་པ་ རྒྱ་མཚོ་ཆེན་པོ་ཟབ་ཅིང་གཏིང་དཔག་དཀའ་བ་ལྟར་། གང་ གིས་ཀྱང་རྟོགས་པར་དཀའ་བ་འདི་ཉིད་ཀྱི་དགོངས་པ་ཇི་ལྟ་ བ་སུས་ཀྱང་ལོན་པར་མི་འགྱུར་བས ། བདག་ཐ་མལ་གྱི་ བློའི་སྤྱོད་ཡུལ་ལས་འདས་མོད་ཀྱང་ ། རྒྱལ་པོའི་ལུང་ག་ ཧོར་སོག་ཁ་གནོན་རྫོང་ཆེན་གསར་སྔགས་བདེ་བ་ཆེན་པོའི་ ལས་འཛིན་དུ་ལུང་གི་ཕུད་མགྲིན་བཟང་གི་གཟིག་ལྤགས་ གྱོན་ཏེ་སྤུ་མེད་ཀོ་གདན་གྱི་ཚུལ་དུ་ལོ་བཅུ་གཅིག་སྡད་སྐབས། འཇིག་རྟེན་གྱི་རྣམ་བཞག་བཀའ་ཁྲིམས་ཀྱི་འུགས་ཞལ་ ལྕེ་གཅོད་ལུགས་སོགས་བཀའ་ཆེམས་རྡོ་ལ་ཡི་གེ་བྲིས་ པ་ལྟར་ནག་པོ་འགྲོ་ཤེས་སུ་གནང་བྱུང་བ་ལ་དམག་ན་ དབུས་ཀྱི་ཞལ་ལྕེ་དེ་རྣམས་རྒྱལ་རྒྱུད་ཁུངས་བཙན་གྱི་བཀའ་ ཁྲིམས་མེད་པ་ལ་དམག་ ། རང་ཤེས་རང་དྲན་དུ་སོང་བའི་ |
![]() |
༩༤ བདེན་རྫུན་པའི་ཆད་པ་ཆད་ལན་གཏོང་བ ། འདེད་པ་ཧོར་འདྲའི་ ཟ་མ་ལ་རྐང་པས་གང་འཁོར་གྱི་རྩིས་རྒྱག་པ་ ། ཁྱིས་རྨུགས་ ནས་རྐྱེན་པ་དང་ ། གཡོག་ལ་སྡད་ནས་ཤི་བ་ལ་མི་བདག་ ཁ་ཤེད་ཅན་གྱི་དགེ་སྟོང་འདེར་པ། གཞན་ཡར་ལུང་པ་རེར་ ཁྲིམས་ལུགས་རེའི་ཞལ་ལྕེ་སྣ་གྲངས་མང་བར་འདུག་པ་ནས་ གཅིང་སྟོར་རྒྱལ་པོའི་ལུང་གིས་བོད་དབུས་གཙིང་ཐམས་ཅད་ ཁྱབ་ཕྱིན་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་ཁྲིམས་ཡིག་ ལ་རྟེན་དགོས་པ་བབས་ཐོབ་ཆེ་བར་འདུག་པས ། ཁྲིམས་ ཡིག་ཤེལ་དམ་ཆེན་མོ་སླར་ཞུ་བ་བྱས། དེ་བར་གཉེར་ ཚང་གི་བསྐུལ་བརྡའ་གཉེན་གཡོག་ལུང་ཚན་གྱི་རྒན་པོ་ གཙོ་བོ་རྣམས་ཀྱི་ཞལ་ལྕེའི་རྣམ་བཞག ། ཕུན་ཚོགས་ དགེ་ལེགས་མ་བྱ་བའི་ཟིན་བྲིས་ཞིག་བྱས་པ་དེ་སྒྲིགས་ འཕྲོ་སྣེ་འུར་བདེ་ཡངས་ནས་བཞུགས་སྐབས་ཕུལ་འཁྱར་ ཏེ་ཁྲིམས་ཡིག་ཏུ་མིང་བཏགས ། མགོ་རྩོམས་ རྣམས་སྙན་དག་གི་ཚིག་བཅད་ཡོད་པའི་ཤོག་ཧྲིལ་གཅིག་དང་། ཡང་རྩོམ་གཞི་དེ་ལ་ཡིན་པ་ལ་གཞིས་ཁ་སྣེའུ་ཁྲིམས་ཡིག་ ཡིན་ཁུལ་དུ་མཛད་པ་ཞིག་འདུག་པ་འདི་རྣམས་ཟིན་བྲིས་ |
![]() |
༩༥ འབྲི་འཕྲོར་སོང་བས་ཞལ་ལྕེ་མ་ཚང་ཞིང་ ། ལྷག་པར་གོ་བ་མ་ཐེབས་ པའི་མ་དག་པ་དང་མ་ཚང་བ་འདུག་ཅིང་། ལྷག་པར་མིང་ཁྲིམས་ ཡིག་ཏུ་ཐོགས་པ་ཞིག་འདུག་པས ། ཁྲིམས་ཡིག་ཅེས་པ་ རྒྱལ་པོའི་བཀའ་བཅད་ནས་དམ་ཁ་འབྱར་བ་ལ་ཟེར་བ་ཡིན་ པས ། ཁུངས་བཅད་ན་རིག་གཅོད་རང་མཚམས་སུ་འགྲོ་ འདུག་པས ། སླར་ཞལ་ལྕེའི་ཟིན་བྲིས་ཀྱི་འཕྲོ་རྣམས་ བསྒྲིགས་ཏེ་བཀྲས་སྒངས་ནས་ཨོ་ལོ་འགྱུར་མེད་རྡོ་རྗེས་འཇིག་ རྟེན་ཞལ་ལྕེའི་སྲོལ་ལུགས་ཇི་ལྟར་ལགས་ཚུལ་གྱི་དྲི་བ་གནང་ བྱུང་བས་ལས ། ༈ བཞི་པ་སྦང་བླངས་ཞལ་ལྕེ་ཆེན་པོ་བཅུ་དྲུག་དང་། དེའི་ ལུང་རྒྱབ་ཀྱི་ཁྲིམས་ཡག་རྙིང་པའི་ལོ་རྒྱུས་དང་། གཏམ་རྒྱུད་ ཞར་བྱུང་རྒྱུད་བ་ལས་ ། སྔོན་གྱི་ཚལ་བའ་ཁྲིམས་ཡིག་རྙིང་ པ་སྡེ་པ་ལུམ་པ་ནས་ཀྱི་ཆོས་རྫེའི་ལག་ཏུ་འདུག་པ་ཁུངས་ བཙུན་ཞིག་དང་། ཕ་གཏམ་རྒྱུད་ལ་མཁས་པ་ཞིག་ཡོད་ པ་དེའི་ངག་རྒྱུན་དང་། རང་གི་ཀྱང་དབུས་གཙང་ཧོར་སོག་ ལྷོ་མོན་གང་གི་སར་སླེབས་པ་དེ་ལུགས་སོགས་ལས་ཞལ་ ལྕེའི་གཞི་མ་ཁྲིམས་ཡིག་བཞིན ། དེ་ལ་ཆོས་ཁྲིམས་ |
![]() |
༩༦ དང་རྒྱལ་ཁྲིམས་རང་ཁྲིམས་གསུམ། ཆོས་ཁྲིམས་དར་གྱི་ མདུད་པ་འཇམ་ལ་དམ་པ ། རྒྱལ་ཁྲིམས་གསེར་གྱི་གཉའ་ ཤིང་བརྗིད་ནོན་ཆེ་བ ། རང་ཁྲིམས་ཐེག་པ་ཁུར་བླངས་ཡོན་ ཏན་དང་ལྡན་པ་དགོས་ཤིང་། ཆོས་ཁྲིམས་ནི་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་མི་དགེ་བཅུའི་སྙིང་པོར་དགེ་བ་བཅུ་ གསུངས ། དེ་ལ་རྟེན་ནས་ཆོས་རྒྱལ་མེས་དབོན་རྣམས་ཀྱི་ དགེ་བ་བཅུ་ལ་རྟེན་ནས་རྒྱལ་ཁྲིམས་བཅས་ཏེ ། ལུས་ཀྱི་སྒོ་ ནས་སྲོག་བཅད་པ་དང་། འདོད་པ་ལོག་པར་གཡེམ་པ་དང་། མ་བྱིན་པ་རྣམས་ལ་དགོངས་ནས་སྟོང་དང་བྱི་འཇལ་དང་རྐུན་ འཇལ་རྣམས་བཅས ། ངག་དང་ཡིད་ཀྱི་སྒོ་ནས་རྫུན་དང་། པ་རྣམས་སེམས་གནོད་སེམས་ལ་སོགས་པའི་ལྐོག་གྱུར་ཉེས་ མ་རྣམས་ཡང་ཤེས་དཔང་དུ་བཙུགས་ནས་མནའ་དག་སོགས་ མཛད་ཅིང་ ། རང་ཁྲིམས་ཐེག་བ་ཁུར་བླངས་ནི ། སྔོན་རྒྱ་གར་རུ་གླང་པོ་ཆེ་དང་། རི་བོང་དང་། བྱ་སྲེག་ པ་གསུམ་གྱི་གླང་པོ་ཆེ་སྟོབས་ཆེ་བས ། ཆུ་ལ་ཁུར་ཏེ་བསྒྲལ། རི་བོང་བློ་དང་ལྡན་པས་བྱུས་དང་གྲོས་ཚོད ། སྲེག་པ་ནི་ ཕུར་ཐུབ་པས་ཤིང་གི་རྩེའི་འབྲས་བུ་རྣམས་བསྡུས་ཏེ་ |
![]() |
༩༧ ཁོང་གསུམ་གྱི་ཟས་བྱེད་པ་ཞིག་ལུང་པའི་ཕུ་ན་ཡོད་པ་ལས་ ། ལུང་པ་དེར་ལོ་ཕྱུགས་རྟག་ཏུ་ལེགས་ཤིང་ཆར་ཆུ་དུས་སུ་ཕེབྶ་ པ་བདེ་སྐྱིད་དང་ལྡན་པ་བྱུང་བ་ལས ། བྲམ་ཟེ་མཚན་མཁན་ ཞིག་གི་རྟགས་པས་སེམས་ཅན་དུད་འགྲོ་དེ་གསུམ་གྱི་ཁྲིམས་ ལ་གནས་ཤིང་མཐུན་ཤིས་ལེགས་པ་དེའི་ཡོན་ཏན་ལས་ བྱུང་བར་གོ་ཞིང་ ། དེང་སང་ཚོང་པ་ཁེ་སོགས་རང་རང་ རྒྱུའི་དོན་དུ་འགྲོ་བའི་དེད་དཔོན་ཚོང་པ་འགྲུལ་མཚན་རྣམས་ ཀྱི་འང་ས་ཚིགས་ཤོ་འགྲིམས་དགྲ་ཟོན་སོགས་རྟག་ཏུ་དེད་ དཔོན་གཏན་ཚིག་ཆེ་བ་ཞིག་གི་ཁ་ལ་ཉན་ཏེ ། རང་ཁྲིམས་ དམ་ཆིག་ལ་གནས་ན་ཐམས་ཅད་ལམ་བདེ་ཞིང་མགོ་ཐོན་པའི་ གཏམ་ལོན་པ་བཅས་ཏེ་རང་ཡུལ་དུ་བདེ་བར་སླེབས་པ་ འདི་ཡན་ཞིང་ ། དཔོན་ས་ནས་ལུང་གིས་བསྐོས་པའི་ སྣེ་མོ་ལས་འཛིན་རྣམས་ཀྱིས་ཀྱང་ ། མི་ཆོས་སྒོར་ འཇུག་པ་ལ་རང་བདེན་པ་གཙང་མ་དགོས་ཟེར་བའི་དཔེ་ལྟར། རང་གི་ཡང་ཁྲེལ་ཡོད་ངོ་ཚ་ཤེས་པ་བག་ཡོད་པ་དང་ལྡན་ ཞིང་ ། དཀོན་མཆོག་མ་ཁྲེལ་བ་ཞིག་གཙོ་བོར་བྱས་ ཏེ ། དཔོན་པོ་མཉེས་ན་བོང་བུ་བསོད་ཟེར་བའི་དཔེ་ལྟར། |
![]() |
༩༨ དཔོན་གྱི་བཀའ་གང་གནང་ལ་མངོན་པར་བསྟོད་པ་དགོངས་པ་ ལེན་མཁས་པ་ཅི་གསུང་དཔོན་པོའི་བྱ་བ་བསྒྲུབ་པ ། དམ་པ་བཟང་ བ ། མི་དྲན་པ་མེད་པ། གང་དྲ ཆེ་དགུ་ཡ་རབ་ཀྱི་མཛད་བཟང་མིག་ལྟོས་བྱེད་ས། ཟོམ་ལུས་ཧང་ ཟོམ་མེད་པ། འདི་ལ་དགོངས་ནས་རང་ཁྲིམས་རྒྱལ་པོ་མེ་ལོང་ གདོང་གི་ཞལ་ལྕེ་ཞེས་འབྱུང་ཞིང་། དྲན་པར་གང་གསལ་ ལག་ཏུ་བླངས་ཏེ་གོང་སའི་ཉེས་གྲོགས་ལ་མངོན་ཤེས་མེད་པར་ གཞིར་བཞག་ཏེ་ཁ་མཁས་ལ་གཏིང་རང་འདོད་ཆེ་བ ། འགྲོ་མིག་ ལ་ཁབ་སྙུང་ཚད་མཁས་པ ། ཤིག་གི་རྒྱུད་པ་འདོན་པ ། བསྲོ་མའི་ཀླད་པ་བལྡག་པ ། སྔར་མ་གྲགས་གྱི་བྱ་བ་ལ་བློ་ འཇུག་ཅིང་ཟེ་ཐོན་པ ། ལས་རྒྱུ་འབྲས་ལ་རྩིས་བཞག་པ། དེ་རིགས་ལ་འཕྲལ་འགྲོ་དམིགས་དུས་ཀྱི་ཡོང་ཡང་། དཀོན་མཆོག་དབྱིངས་ནས་ཁྲེལ་བས་མཐར་མི་ཕྱིན་ཅང་ ། དཔོན་པོའི་ལ་གཡོགས་འགོ་བ་དང་ ། འདི་ཕྱི་གང་རུང་ ལ་རང་ཐོག་ཏུ་མྱོང་བར་འགྱུར་བས་ཁྲེལ་ཡོད་ངོ་ཚ་རྣམས་ དང་དཔལ་གྱིས་ཤེས ། ཞེས་འཇིག་རྟེན་གྱི་བཀྲ་ཤིས་ ཐོག་མར་ཡོང་བས ། ཁྲེལ་དར་ངོ་ཚ་ཡ་རབས་ཀྱི་སྦྱོར་ |
![]() |
༩༩ ཚུལ་སོགས་མི་ཆོས་བཞི་ལྡན་གྱི་ཞིག་དགོས་ཤིང་། ཚད་མའི་ མི་རེ་ལུང་པའི་ཚོ་རྒན་ཡིན་ནམ ། ཚོང་པའི་དེད་དཔོན་ཡིན་ ནམ ། དཔོན་པོའི་ལས་འཛིན་ཡིན་རུང་ ། གཙོ་དཔོན་ དེད་དཔོན་སྤྱི་ཚིགས་ལ་བསམ་པ་ཆེ་བ་རང་ཁྲིམས་ལ་བཅུག ། སྣེ་མོ་ལས་འཛིན་གྱི་ཁྲིམས་བཟུང་རྒྱལ་པོའི་ལུང་བཞིན་བསྐྱངས་ ན་ ། མངའ་འབངས་མི་སེར་ཞོད་འཇགས་ནས། ཉིན་ མཚན་གྱི་གཉིད་གོ་མ་ལོག་པར་ཉལ་ཆོག་པས ། དཔོན་པོ་ གོང་སར་དད་པ་དང་ ། ཞེན་པ་འཐས་ཏེ་དཔོན་གསུང་རབས་ དང་གཡོག་མི་རབས་ཟེར་བའི་གསེར་གཞོང་མར་ཁུས་ཁེངས་ པ་ལྟ་བུའི་དཔོན་གཡོག་དེ་ཡོང་བ་ཡིན་པས། རྫོང་དཔོན་ རྣམས་ཀྱི་དཔོན་པོའི་ཞབས་ཏོག་གི་གཙོ་བོ་ཁྲིམས་དང་ངོ་ཚ་ ལ་གཅེས་སྤྲས་སུ་འཛིན་དགོས་ཤིང་ ། དེད་སང་གི་ཁ་དཔེར་ ཡང་ཁྲིམས་ཁྲིམས་སར་གཅེས་པ་དང་། ཁྲིམས་མེད་ དཔོན་པོས་བྱས་ན་འབོད་པ་སུ་ལ་རྒྱག་ཟེར་བ་ལྟར ། མི་བཅུ་ ཡན་གྱི་གཙོ་བོ་རང་མགོ་མི་བསམ་པ་ཆེ་བ་དགོས ། བསམ་ པ་ཆེ་བ་དང་ངོ་ཚ་ཤེས་པའི་གཙོ་བོའི་མི་ཕོ་དེ ། ཁྲིམས་སའི་ བཀའ་ཁྲ་བར་པའི་གཟུ་སོགས་གང་ལ་དང་། སྔོན་དུ་དྲང་ |
![]() |
༡༠༠ པོ་ཞིག་གི་ཁྲ་བཟུའི་རས་རྒྱག་པ་ལ ། རྟ་སློག་ཅན་གྱི་བཏང་བའི་ གཟུ་ར་སློག་ཅན་གྱི་མི་ཤིག་བྱ་བ་དང་ ། གཟུ་~~དཔྲང་~~སྤྲང་པོས་ བཏང་ཡང་གཟུ་བདག་རྒྱལ་པོས་གྱིས་ཟེར་བའི་དཔེ་ལྟར ། རྒྱ་ཡིག་ནམ་མཁའ་ལ་འཕྱར་ཆོག་པ་དང་། བོད་ཡིག་ས་ གཞིར་བཏིང་ཆོག་པའི་ཆོས་བཤད་ཀྱི་རྩ་བ་དགེ་སྡིག་ ། ཞལ་ ལྕེའི་རྩ་བ་རྒྱལ་ཁྲིམས་ཟེར་བ་ལྟར ། རྒྱལ་པོའི་ཁྲིམས་ཀྱི་ དགོངས་པའི་ཁྲིམས་ཡིག་ཆེན་མོ་གཞིར་བཞག ། ཡུལ་ ཁྲིམས་ལ་དཔེ་བླངས་རང་ཁྲིམས་ཡིན་ལུགས་གའུ་ལེ་བསྒྲིཌ་ ནས་ཞལ་ལྕེ་ཆེན་པོ་བདུ་དྲུག་གི་གཏན་ལ་ཕབ་སྟེ ། འཇིག་ རྟེན་ཞི་དྲག་གི་སྦང་བླང་རྣམས་ཟིན་འདོམས་དགོས་པ་ལ ། ཞལ་ལྕེ་བཅུ་དྲུག་གང་ཞེ་ན། ༈ དཔའ་བོ་སྟག་གི་ཞལ་ལྕེ་ ། དར་མ་ཝའི་ཞལ་ལལྕེ ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ ། ཞུ་བཞེས་བདེན་རྫུན་གྱི་ ཞལ་ལྕེ ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ ། ནག་ ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ ། དྲན་འཛིན་ཆད་ལས་ཀྱི་ཞལ་ ལྕེ ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ ། བསད་པ་སྟོང་གི་ ཞལ་ལྕེ ། རྨས་པ་ཁྲག་གི་ཞལ་ལྕེ ། སྙོན་ཧམ་མནའ་ |
![]() |
༡༠༡ དག་གི་ཞལ་ལྕེ ། བརྐུས་པ་འཇལ་གྱི་ཞལ་ལྕེ ། ཉེ་འབྲེལ་ འབྲལ་འདུམ་གྱི་ཞལ་ལྕེ ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ ། ནམ་ཕར་ཚུར་གྱི་ཞལ་ལྕེ ། ཀླ་ཀློ་མཐའ་ཁོབ་ཀྱི་ཞལ་ལྕེ ། དང་བཅས་པ་བཅུ་དྲུག་ཡོད་པ་ལས ། ༈ དང་བོ་དཔའ་བོ་སྟག་གི་ཞལ་ལྕེ་ནི ། དགྲ་འདུལ་བ་ལ་ དགོས་ཏེ ། དེ་ཡང་འདུལ་བ་ལུང་དུ་རྒྱལ་རིགས་ཀྱི་བསྟན་ བཅོས་གྲངས་སར ། མཁས་པ་རྣམས་ནི་གཞོམས་པ་དང་། རབ་ཏུ་སྦྱིན་དང་བསླུ་བ་དང་ ། ཀུན་ཏུ་དཔྱད་དང་ལྔ་པར་ནི། དཔུང་གི་དོན་རྣམས་འགྲུབ་པར་བྱེད།། ཅེས་གསུངས་པ་ལྟར ། དགྲ་ལ་ཕ་རོལ་གྱི་འདུལ་ཐབས་ལ། ཐོག་མར་དྲག་པོ་མཐའ་སྐྱེལ་ཡ་འུད་མི་བསྲེ་བར་འཇིག་རྟེན་ གྱི་ཁ་དཔེར ། ཕྱི་པདྨ་དཀར་པོའི་རྒྱ་མ་ཞིག་པ། ནང་ ཅོག་ག་གྲོ་མོའི་ཚང་མ་ཐོར་བ་དགོས་ཟེར་བ་ལྟར་དང་ ། བྱ་མ་འཕུར་བ་སྒོ་ང་ལོན་པའི་དཔེ་ལྟར། མཁས་པ་རྣམས་ ནི་གཞོམ་པའི་དོན ། རྒྱལ་སྲིད་ལྟ་བུའི་སྟོབས་དང་གཡུལ་ ཕན་ཚུན་སྙོམས་པའི་དགྲ་འམ ། རང་རར་ཚོད་ཀྱི་དགྲ་གང་ ལ་ཡང་ཐོག་མ་ནས་དགྲ་འདུལ་མི་རྩོམ་པར་ཁྱེ་ཉེས་སྒྲགས་ |
![]() |
༡༠༢ གོ་བ་བསྐོན་གསེར་ཡིག་གི་འགྲུལ་བཙུགས་ཏེ ། ལབ་ཀྱི་སྒོ་ ནས་འདུལ་ཐབས་དང་། ཞི་རྒྱས་དབང་དྲག་གང་འགྲོ་གང་ ཟབ་ཀྱི་དབྱིབས་ལྟ་དགོས་པ་བཞིན ། མི་སྣ་གསེར་ཡིག་གིས་ ཀྱང་རང་གི་དཔོན་ཁུངས་ཀྱི་སྒྲུབ་བྱ་གཙོ་བོར་བཟུང་ ། དྲུག་ པོ་མཐའ་སྐྱེལ་དུ་སང་ན་ལེགས་ཉེས་སྤྱི་མར་ཡོད་པས་ཁེ་ ཉེན་ཤེས་པར་བྱ ། དྲག་པོ་དམག་གི་འཁྲུལ་འཁོར་ལ། སྦྱོར་དངོས་རྗེས་གསུམ་བསམ་སྦྱོར་ངན་པ་ཚང་བའི་དགེ་སྡིག་ བླང་དོར་མ་ལོག་པའི་སྒོ་ནས་ཐོག་མའི་མི་སྣས་རྒྱུ་བརྙན་པ ། འགྲིམ་འགྲུལ་གྱི་དཀའ་ལས་ལ་མ་བསམ་པའི་ཐབས་མཁས་ པར་བྱ་ཞིང་བསམ་པ་ཆེ་བར་བཟུང་ ། ཐེག་པ་ཆེ་བར་ཁུར་ གཏིང་གྱོང་བར་བྱ ། ཁ་འཇམ་བར་བྱས་ནས །སོ་སོའི་ བློ་འཁྲིད་པའི་ཁོག་ནས་རང་དོན་ལ་འཇུག་གང་ཐུབ་བྱས་ཏེ ། འཇིག་རྟེན་གྱི་ཁ་དཔེར་ ། འདྲ་བ་མཉམ་པོར་གྲུ་བཞིར་ དྲོས་ཟེར་བ་ལྟར ། ཁེ་ཉེན་སིལ་~~པའི་~~བདེན་པས་སྒྲུབ་བྱ་བཀོད། ཕ་རོལ་གྱི་གྲོས་རར་འཚངས་ནས་འཆར་བསྟན ། དེས་ མ་ཉན་ན་ ། མི་ཏི་ཐུག་གཅིག་དོན་ལ་འཇུག་མི་ཤེས ། གཡོ་ཅན་དྲང་པོར་སྨྲ་ཟེར་བའི་དཔེ་འདིར་ཡོང ། ཕ་རོལ་ |
![]() |
༡༠༣ བས་རང་གི་བྱ་བ་མ་ཤེས་ན། དཔྲལ་བར་མི་མཆེད་པ་ལྟར་ གྲོས་ཕྱེད་དགྲ་ལ་བྲིས་བྱ་བ་འདིར་ཡོང་། སྡེ་གསར་ཕ་འཁྲུག་ བུ་འཁྲུག་ཀྱང་མི་སྣ་གསེར་ཡིག་གི་འགྲུལ་མི་གཅོད་ ། ཁ་ངན་ཚིག་ངན་མི་རྒྱག ། གསེར་ཡིག་སྔོན་འགྱུར་གྱི་ བསླུས་རྣམས་སྡེབས་གཏོང་མི་བྱེད ། ཕན་ཚུན་གྱི་བདག་ རྐྱེན་བཟང་པོ་བྱེད ། མི་སྣ་གསེར་ཡིག་ཕན་ཚུན་སུའི་ཡིན་ ཀྱད་སྤྱི་མིར་ཆ་འཇོག ། བར་མི་བླ་མ་སྡེ་དཔོན་གཙོ་བོ་སུ་ འདྲ་ཞིག་གི་གསེར་ཡིག་ཡིན་ཀྱང་ ། སྐྱེལ་མ་ཐུབ་དགོས་ ཤིང་ ། གཉིས་པ་རབ་ཏུ་སྦྱིན་དང་ཞེས་པའི་དོན་ནི ། དགྲ་ལ་ནོར་རྫས་ཟང་ཟིང་གི་དངོས་པོ་སྦྱིན་ཏེ ། གཏན་གྱི་ དགྲ་དཔུང་ཚོགས་ཆེ་བ་ཡོད་ན ། དགྲ་གཉིས་བྱུང་ན་ གཅིག་པང་དུ་ལོང་ཟེར་བའི་དཔེ་ལྟར ། དགྲ་དཔུང་ ཚོགས་ནས་ནང་ཚན་ཕྲལ་ཏེ་ས་ཁང་ཡུལ་འཁོར་སོགས་ བྱིན་ནས་དགྲ་ལྟེ་བོ་ནུས་པ་ཇེ་ཆུང་ལ་གཏོང་བའི་ཐབས་དང་ ། བསླུ་བ་ { Here three leaves are missing in the original copy, 49–50–51} |
![]() |
༡༠༤ |
![]() |
༡༠༥ དམག་ལ་ཆས་གདོང་ལ་ཕ་ལ་སྡོད་བྱ་བ་དེ་ཡིན ། འོན་ཀྱང་ མི་ཕྱེད་སྲིན་པོར་སོང་ཡང་གཞོགས་ཕྱེད་ཁྲིམས་ལ་བརྟེན་ ཟེར་བའི་དཔེ་འདིར་འཇུག་པ་ཡིན་པྶ ། ཁྲིམས་ལ་བརྟེན་པ་ ཞིག་མ་བྱུང་ན་ནང་འཐབ་ནང་བརྐུན་ནང་འཁྲུག་སོགས་གྲ་མ་ འགྲིག་གི་རྒྱུར་འགྲོ་བས ། ཐོག་མར་རྒྱལ་པོ་དང་ ། དཔོན་ པོའི་ལུང་ ། ཡུལ་མི་གཙོ་དཔོན་གྲོས་དཔོན་སོགས་ཀྱི་ དམག་དཔོན་མྱོང་བ་ཆེ་ཞིང་ཚན་ཆེ་བ ། རང་འདོད་ཆུང་བ་སྤྱི་ ཚོགས་ཆེ་བ་ཞིག་བསྐོས ། དེས་ཀྱང་དམག་ལས་དཔའ་དར་ འཛངས་གསུམ་ཚང་བ་ལས་ ། ལ་འཇུག་པ་གཉིས་བསྐོས ། དམག་དཔུང་རྣམས་ལ་གཡས་རུ་གཡོན་རུ་སྦུས་རུ་གསུམ་དུ་ བྱས ། དེ་ཡང་རུ་དཔོན་བཅུ་དཔོན་བཀོད ། དཔོན་གྱི་ལྟོ་གོས་ ཀྱི་བསྐྱངས་པའི་དད་ཞེན་ཆེ་ཞིང་དང་དོད་པའི་དཔའོ་སྐྱེས་པ་བསྡུས་ པའི་སྐྱེམས་འདུས། སྐུ་ལ་བཅར་བའི་གཟིམ་ཆུང་པ ། ཡུལ་ དམག་ལྟ་བུ ལྡིང་ལོངས་སུ་བཅོས་ནས་ལྡིང་དཔོན་མགོ་བཅུན་པ་མཁས་ པ་རེ་བཀོད་ནས་ ། ཐོག་མར་མགོ་མིར་གཏོགས་པ་དམག་ དཔོན་གྱི་བསགས་ནས། ཕ་རོལ་གྱི་དགྲ་ཆེ་གེ་མོས་རྒྱལ་པོའི་ |
![]() |
༡༠༦ གཡུལ་ཡིན་ན ། ཆོས་ཀྱི་རྒྱལ་པོའི་མཚན་དོན་ལ་དགྲས་རྒོལ་ ལུགས་འདི་རེངས་ན་མདའ་འབངས་མི་བདེ་བས་ ། སྡེ་ཟར་ཞེས་ པའི་མིང་དང་མཐུན་པའི་དུས་མི་བདེ་ལུགས ། ཡུལ་དམག་ ཡིན་ན་ཡུལ་གྱི་སྤྱི་ཚིགས་ལ་གནོད་ཅིང་མི་མཐུས་པ་འདི་དང་ འདི་ཞེས་བྱུང་ཟེར་བའི་བདེན་པ་བརྡར ། ཁེ་ཉེན་ལེགས་པར་ བཤད ། དགྲ་ལ་མཚོན ། གཉེན་ལ་སྐྱོར་ལ་གཅིག་ཟེར་ བའི་ལུང་དོན་ལྟར་དགྲ་ལ་ནུས་འདོན ། རང་ཕྱོགས་སུ་ཞོད་ འཇགས་སུ་དགོས་པ་སོགས་སྤང་བླངས་གན་རྒྱ་བཀོད ། དོན་འགག་ཐེལ་ལུང་གིས་གདམས་ འམ་དོན་ཉན་སྒྲུབ་བྱེད་པ་ལས་མི་འདའ་བའི་དོན་དུ་འདུས་པ་ ལྟར ། ཁ་དཔེར ། དཔེ་རྒྱ་ཤོག་དཀར་ཆུང་ལ་དོན་སྣག་ ཚའི་རི་མོ་འགག་ཐེལ་ཚེ་ཁྲ་མོ་ཟེར་བ་ལྟར ། དོན་ཉན་ལེན་ སྤང་བླངས་ཀྱི་དོ་རྩའི་འགག་ལ་སོ་སོས་ནན་གཏན་དགོས་ པའི་ཕྱིར་དང་མི་འགྱུར་བའི་ཕྱིར་མིང་བྲིས་བརྟགས་བཞག་ ། དེ་དོན་སེམས་ལ་བཟུང་ནས་རང་རང་གི་སྲོག་འཚོ་བའི་རྟ་ཕོ་ མགོ་ཕིགས་ཀྱི་གུར ། སྲོག་ལེབས་ཀྱི་ཁྲ སྐྱོང་ིག་ལུས་ཆས་རྣམས་ཁྲལ་འཇལ་དུ་མ་སོང་བར་དང་ |
![]() |
༡༠༧ དོད་ཆེ་བར་བྱེད ། ལྟད་སྟོན་གྱི་ཡུལ་མིའི་ཁྲོམ་ཚོགས་སར་འཆོར་ སྐྱོང་བྱེད་ཟེར་བ་དང་མི་འདྲ ། རྒྱལ་ཁམས་ཀྱི་མིང་ཡིན་བསམ་ པ་ཀུན་འདིར་ཚོགས་པ་ཡིན ། རང་ལ་དཔགས་པའི་ཟལ་དོན་ པ་བྱེད་དགོས་སོ། ། དམག་འདི་ལ་མེད་དུ་མ་རུང་བའི་མི་བཞི་ དགོས་ཏེ ། ན་བ་གསོ་པའི་སྨན་པ ། ལེགས་ཉེས་སྟོན་པའི་ མོ་མ ། དགྲ་ཕྱོགས་རྩི་བའི་གཡུལ་རྒྱལ ། དགྲ་ལྷ་གསོལ་ བའི་ཐུགས་དཀར་དང་བཞིའོ།། དང་པོ་གཡུལ་རྒྱལ་གྱི་གཟའ་ སྐར་དང་སྒྲ་གཅན་གྱི་འགྲོས་དང་ཕྱོགས་རྩིས་ ། ལྟོ་བསྒྱུར་ གཟའ་གསོལ་ཏེ ། དཔའ་བོ་སྟག་ལྟར་ཆས་པའི་ཁྲིམས་ཀྱི་ ཐོག་མར་ ། དམག་ལས་ཀྱི་སྒར་ཐོ་རྒྱབ ། དེ་ལས་མ་ རྒལ་བར་སྒར་ཕབ ། དགྲ་ཕྱོགས་སུ་སྒར་སྒོ་དང་མཚོན་ རྩེ་གཏད ། རང་ཡུལ་ལ་དཀོན་མཆོག་གི་རྟེན་དང་རྔས་ བསྟན ། རྟག་དུང་རྟག་ཏུ་བཏེག་པ་ནས་བཟུང་བསྒྲིགས་ ལ་ཆུག་བར་བྱ ། རྟག་དུང་གསུམ་པ་ལ་དཀྱིལ་སྒར་དུ་ དོ་དམ་པ་རྣམས་འཛོམ་ཚར་བ་བྱས་ནས། དམག་ལས་ ཀྱི་འདེགས་འགྲིམས་ཚུགས་མལ་ཤོ་རིམ་བཟན་ལེན་ཤོ་རྒྱག་ སོགས་དགྲ་ཕྱ་གྲོགས་ཕྱའི་སྒར་སྐད་བསླབས་ ། སློབ་སྟོན་ཐིལ་ |
![]() |
༡༠༨ ཕྱིན་པ་བྱེད་དགོས། འགྲིམས་དུས་འདེགས་དུང་གསུམ་གྱི་ དང་པོ་ལ་མེ་ཁ་གསོ་བ ། གཉིས་པ་ལ་གུར་བསྡུད་པ ། གསུམ་ པ་ལ་གཡས་རུ་ནས་རིམས་བཞིན་བཤིག་པའི་དགྲ་ཟོན་ལམ་ འཕྲེང་ལ་དཔགས་པའི་འགྲིམས་ལུགས་ཤོ་རིམས་བྱས་ཏེ་ ཆུང་ཁལ་ཆེ་ཁལ་གྱི་མི་རྫི ། ནད་པ་ལ་སྦུད་མི་རྒྱུག ། ཀོ་ གྲུ་སྔ་བཙན་དུ་འཛིན ། ལམ་ལ་ཆས་ཀ་སྐྱུར་བ་རྩད་གཅོད་ ན་བརྔན་པ་མི་དགོས། སྦེད་བློ་ཤུགས་བློ་བྱས་ན་འདབ་ འཇལ ། གོང་རོགས་བྱས་པ་ལ་ངོ་བོ་བརྒྱད་འཇལ ། ཉིན་རྐུན་ལ་སྐྱིན་ཁྲིད་ཚབ་གསུམ་ཆད་པ ། མཚན་རྐུན་ལ་ ངོ་སྤྲོད་མ་གཏོགས་འཇལ་མི་དགོས་། རྐུན་མ་ཟིན་ན་ལག་ པ་རྒྱབ་བསྡམས་ཙམ་མ་གཏོགས་བརྡུངས་རྫོགས་མི་བྱེད ། ཁྲིམས་རར་མི་འཛུད ། སྒར་མཚན་མོ་གསང་བའི་དགོས་ པ་ཡོད་པ་ཡིན་ན་དགྲ་དང་ནོར་ནས་བསད་པ ། མདའ་ ཁྱམས་རྡོ་འཁྱམས་སོགས་ཀྱི་བསད་པ་ལ་དག་བ་ནང་ འཐབ་མི་དཔུང་གྲ་སྡེབས་གོ་གྱོན་མཚོན་ཐོགས་ཀྱི་བསད་ པལ་ཆད་པ་འདབ་འཕར ། སྙིང་གནོན་འདབ་འཇལ ། རྨས་འཇལ་ཡང་དེ་འགྲོས ། བྱུར་ཆགས་ཐུག་པ་དཔེ་ |
![]() |
༡༠༩ འདྲ་ལོང་ཅན་ར་ཅན་གྱིས་བསད་པར་རུ་དམར་ཡུལ་བསྲུངས་ དར་ལྕོག་བཅོམ་པ། རང་ཕྱོགས་བཅོམ་པ་སོགས་ལ་ མགོ་མི་རྟ་ཁྲབ་~~ཀྱི་~~དཀྱིལ་སྒར་དུ་བཞེས་པ ། ག་ཤེར་ ཡོད་ངོ་མ་མེད་སྐྱིན་ཚབ་སྤྲོད་ལེན་མི་སྣ་བཅུ་ཁ ། ཇག་པ་ ཁྲབ་ཤུས་ཟེར་ཁྲབ་གང་ཡོད་ལ་རྒྱུ་ནོར་གྱི་བཅུ་ཟུར་ལེན ། ཐབ་གཤཤོར་ཁ་གྲངས་ལ་མ་འཆམ་ན ། མནའ་གཡིག་རུ་ ཁུག་ཅེས་ཤོ་རྒྱབ་པའི་ཐོབ་པོས་ཁ་གྲངས་ལ་སྐྱེལ ། ཤོར་ པོས་སྐྱོན་ཚབ་ལ་སྐྱེལ ། དགྲ་གཉེན་ལ་ཆ་ཕྱེད་ལ་འགོད་ ཁོང་ལ་གང་བྱུང་ཇག་~~པ་~~མནའ་སྐྱེལ་དང་སྤྲོད་གསུམ་སྤྲོད་ ཟེར ། སེམས་ཅན་ཆེ་ཆུང་ཙམ་བོར་ཀྱང་ཁ་གཙང་གི་ཆ་ གཅིག ། དབྱར་གཉིས་ཀྱི་ཆ་གཅིག ། བེའུ་ལུག་གི་ ཆ་གཅིག་ཏུ་སྤྲོད་པ ། དམེ་གཡའ་མ་སྦབ་ལ་ཤོར་བ་ན ། ལྷུ་དྲུག་ལྤགས་ཁུད་མི་ཚང་ཟེར་བ་དེ་ཡོད་བ་ཡིན་ཞིང་ ། དམག་རོང་རིགས་ལ་འགྲིམ་ན་ཁྱི་སྐྱེ ། རི་དྭགས་ལ་ ཉིན་གཅིག་ཙམ་སྔོན་ལ་བཏང་པས་ས་ཁྲུ ། རྒན་མི་ ཉམས་ཆེ་བས་རྫ་བས་ལྟོས ། དང་པོར་དགྲ་འཚོ་ལ ། དེ་ནས་རཤ་ལྟོས ། རྒྱ་རུ་དང་ཚོམ་ཁྱི་སྤྲོད ། གཞོན་ |
![]() |
པས་དང་པོར་ས་འཁྲུས ། དེ་ནས་ཁྱི་སྐྱེ ། དགྲ་འདུག་ན་ཤ་ཞོག་ལ་ ལན་ཐོང་ ། ས་འཇམ་ན་ཤ་འཚོལ ། གཞོན་ལས་ཀྱི་དབུགས་ ལོང་ ། རྒྱ་ཁྱི་འཛོམ་པ་ལ་གླ་རྩི། ཁྱི་ལ་མགོ་འཇིང་། རྒྱ་ལ་ ལྤགས་པ ། ཤ་ལོང་པ་ལ་ཤ་འགྱེད་དུ་ཆེ་ཐོབ་ཆུང་ཐོབ་་ འགོ་བགོས་བྱང་ཐང་ཡངས་པ་དང་དགྲ་ཁ་སོ་ཐུག་པ་རྟ་གསོ་ དགོས་ཏེ ། དེ་ཡང་ས་ངོ་ལ་ཕག་གི་རྩིབས་བཅད་རདེ ། མཚན་ སྔ་རུ་ལ་ལྡན་པ་ཕོབ ། ཉིན་ཕྱི་རུ་ལ་ནར་སྟེགས་ཀྱིས་ཟེར་ མཚན་ལ་ས་ཉན། ཉིན་ལ་མིག་སྒྲུངས་ཏེ་དགྲའི་འགྲིམས་ འགྲུལ་བྱེད་པ་དང་། རི་དྭགས་རྒྱུགས་པ་མ་འཁྲུལ་བ་ དགོས་ཤིང་ ། དགྲ་འགྲིམས་པའི་རྟའི་ཚིགས་རུ་ལ་ནི་ གཅིག་ཏུ་ཕྱུར་སེ་གནམ་ལ་སྐྱ་ཕྱུར་འགྲོ་ཞིང་ ། རི་དྭགས་ རྒྱུགས་པའི་རྡུལ་ནི་འཐོར་ཞིང་སྐབས་རེ་སྐྱ་ཕྱུར་ཕྱུར ། ཕར་ཡལ་ཚུར་ཡལ་བྱེད་པ་གཞན་ལས་བྱིངས་ཆུང་བ་ ཞིག་ཡོང་ ། དངོས་སུ་མཐོང་ན་ན་དྭགས་རྐྱང་འགྲིམས་ ན་སྐྱ་ལྷེབ་ལྷེབ་པ ། འབྲོང་འགྲིམས་ན་ནག་ཉིལ་ཉིལ་ བ་ཡོང་ ། དགྲའི་རྟ་པ་བྱང་རིགས་ཧོར་སོག་ཡིན་ན་ ཐུམས་སེ་འགྲིམས་པ་དང་ ། བོད་རྟ་ཡིན་ན་ཤར་སེ་ |
![]() |
༡༡༡ འགྲིམས་པ་། ཁལ་མ་ཡིན་ན་ཉེར་འགྲོས་སུ་འགྲོ་བ་འོར་བ ། རྐང་དམག་ཡིན་ན་ཆག་སེ་འགྲིམས་ཡོང་བས་དེ་རྣམས་རྟགས་ ཤིང་ ། དགྲས་བྱ་ལོག་གི་མི་རྫུས་དང་། ཡང་ཕབ་པའི་ མེ་ཁ་མནོར་བ་དགོས་ཏེ ། མེ་རྫུས་ལ་ནི་གཞན་ལས་ བསྐྲག་ཆེ་བ་གཅིག་གཉིས་ནས་འདྲེན་ཐུབ་པ། ས་ཡུལ་ དེ་གཞན་ལས་ཐང་དཀར་ཞིང་། སྐྱ་ཐབ་པ་ཞིག་སྒར་མེ་ངོ་ བོ་ནི་ས་ཡུལ་གཞན་ལས་བྱིད ། མེ་རབ་རིབ་མང་བ ། མི་དམར་ནག་རྩེག་རྩེག་ཡོང་བ་ཞིག་འདུག་ན་ཡིན་ཏེ་མ་ འཁྲུལ་བར་རྟགས་དགོས་སོ། ། རི་འཛིན་གྱི་དར་འཕྱོར ། སོ་མས་སོ་སྒྲིམས་ཤིང་ ། དེ་ནས་དགྲ་དང་གཡུལ་འཐབ་ པའི་དུས་སུ་རུ་གསུམ་ལ་ཐུག་པ་གསུམ ། རྔ་བརྡ་གསུམ། ཐམས་ཅད་དུ་མདུད་ཆེན ། རྐང་གླིང་གནམ་ས་འབིར་བ་ ~~གསུམ་~~ལྟ་བུ ། གཡས་ཀྱི་གདོང་དུ་མེ་མདའ ། གཡོན་གྱི་གདོང་དུ་མདའ་པ ། བར་བར་དུ་མདུང་དང་མདུང་ ཐུང་དང་ ། སྟ་གྲི་ཐོགས་པ ། ཞོལ་བཏགས་ལྕགས་ སྦྲེལ་འཁྱེར་བ ། དེའི་རྒྱབ་ཏུ་རྟ་རྐང་འདྲེས་པའི་དམག་ཚོགས་ བཙན་ཆོས་པ་ལྟ་བུ་ ། དེའི་རྒྱབ་ཏུ་རྒྱ་དམག་དཔུང་གི་ཚོགས་བྱ་ |
![]() |
༡༡༢ སྤུ་གནོན་དུ་ཡོད་པ ། ཟུར་དམག་གཡས་གཡོན་ ། རྟ་པ་སག་ ཐག་པའི་རིགས་རྟ་སྒྲོམ་བུ་སྤུངས་ནས་ཐུམ་ཧྲིལ་སེ་འཕྱོ་བ ། རུ་འཁྱེར་འཁྲིད་བརྡའ་རོལ་ལ་ལྟས་ནས་འགྲིམས་ན་ཅབ་སེ་ འགྲིམ་ ། སྡོད་ན་ཐུམས་སེ་སྡོད་པའི་དཔུང་དེས། བྱང་རྟ་ དམག་གི་དགྲ་ལ་སྤུང་བ་དང་ ། ལྷོ་མོན་གྱི་དགྲ་ལ་འགུགས་ པ་དང་། བོད་རྟ་རྐང་གི་དགྲ་ལ་བསྒྲིགས་ནས་དམག་ དཔོན་གྱི་བྱུས་ཁ་རྟ་ལ་རྣ་བ་གཅིག་ཏུ་གཏད་ནས་ཉན་ཏེ་ ། དགྲ་ལ་འཁུ་བའི་ས་སྐལ་མ་བཞག་ན་གཡག་ཆད་གད་ལ་ འཕྱོང་བ་འདྲ ། རང་ལ་འཁུ་བའི་ས་ཆ་མ་བཙལ་ན་གྲོགས་ པོ་མགོ་སྡུམ་དུ་ཆུག་པ་དང་~~།~~འདྲ་ཟེར་བ་ཡིན་པས་འདས་ མ་འོངས་ལེགས་པར་རྩིས ། ཐུགས་གསུམ་གྱི་འཆར་ ལྟབས་ལ་ལྟས་འཛིངས་པས་གཡུལ་ལས་རྣམ་པར་ རྒྱལ་ཏེ ། དཔའ་བོ་སྟག་མིང་བཟང་པོ་ཐོབ་སྟེ ། དེ་མིང་དམག་གི་གང་སླེབས་པ་ཆ་ཡུལ་མཁར་རྟ་རྨིག་ཁྲབ་ ཤམ་ཟེར ། དམག་བྱུས་ཀྱི་སྡུ་པོ་འཇོག་ཁའི་སྐབས་ལ་ ཡང་བརྗོད་མེད་དུ་དཔའ་ཚན་ལ་ཆོད་འགྲོ་བ་ཡིན་ནོ། ། ༈ གཉིས་པ་དྷརྨ་ཝའི་ཞལ་ལྕེ་འཁུམས་པའི་ཐ་སྙད་དུ་ |
![]() |
༡༡༣ བྱས་ཏེ ། དཔའ་བོ་རྫོང་མཁར་ལ་བསྐོར་ན་ཁ་འདོན་དང་འབུར་ སྙུག་མང་པོ་མི་བྱེད ། གཞི་འཁྲིད་སར་བཟུངས་མདའ་རྡོའི་རྒྱག་ ལག་ཆ་དགོས་མེད་ལ་མི་རྒྱག ། བཙན་དམིག་དང་ཆུ་སསྤེ་ལ་ གཟབ ། ཕྱི་ནང་འདྲེས་སུ་མི་འཇུག་ཇོ་མི་བཟང་བར་ཆིངས་ ལ་རྒྱུག་མི་འགུལ་ ། གཡུལ་དུས་འཕམ་ན་སྐུ་ཆེ་ཆུང་ལ་མ་ ལྟོས་པའི་ཁྲབ་རྨོག་དཔའ་བོ་ལ་སྤྲོད ། དེ་བབས་ས་མཐོང་ན་ བསད་པའི་དཔེ་མེད་ ། གལ་སྲིད་བསད་པ་བྱུང་ན་རྡར་མ་བཙོན་ ཐོག་ཏུ་དཔའ་ཟེར་བའི་ཁ་ཤགས་མི་ཐུབ་པས་ ། དམག་དཔོན་ ཐུག་ན་རྡར་མས་སྲོག་བབས་བཏར་ན་ ། ལག་པ་དར་མདུད་ ཀྱི་བཀྱིགས་པ ། རྟ་རང་རྟ་ལ་སྐྱོན་ནས་རང་དང་ཡུལ་ གཉན་ལ་དམགས་པའི་སྟེང་གོས་གཡོགས་ཏེ་ཚུལ་མ་དོར་ བ་ཁྲིད ། ཕལ་པ་དྲན་སྤྲ་ལག་ཅན་ལ་ལག་མ་རྒྱབ་ཏུ་ བཀྱིགས ། སྐྲ་སྙིལ་དོར་འཇོག་བྱས་ལ་ཁྲིད་པ་དང་ ། མགོ་མི་ཡིན་ན་རྟ་ངན་སྒ་ཆག་འཇུག་ཕབ་དྲེས་ཡོབ་དྲེས་ ཐག་བྱས་ཏེ་འཁྲིད་པའི་སྲོལ་འདུག ། རྗོང་མཁར་ནས་ ཕབ་ན་དམའ་འབེབས་ལ་གོང་འདྲ་ཞིང་ ། ལབ་ཞོག་ ནས་ཕོབ་ན་དམག་དཔོན་དམག་ལས་བབས་རྟེན་རྒྱུ་ནོར་ |
![]() |
༡༡༤ གྱིས་སྟེར་དགོས་ཤིང་། བབས་བསྟད་ནས་ཁ་ངན་ཚིག་ངན་ མི་གཏོང་གདན་བཟོས་བདག་རྐྱེན་སྔར་བབས་ལས་ལོད་པ་ མི་བྱེད ། སྐུ་ཆེ་བ་ཡིན་ཀྱང་འདི་སྐབས་ཆིབས་སུ་ཆིབས་ སྐྱེལ་མི་དགོས་ ། ལབ་རིན་གྱི་བུ་ལྟེ་ལ་ཆས་ཟུར་བསོས་ ལྷ་འགུ་མི་འགུ་གཏོང་ ། འགྲོ་རྫོངས་ཟབ་བརྩོན་ཡིན་ཀྱང་ ལབ་དོན་ལ་འཁྱོལ་ནས་གཏོང་བ་ལ་བཙན་རྫོང་དྲག་ཞན་ལ་ དམག་པ་སྟེ ། ཕྱིན་ཆད་ཀྱི་བསྡོམས་ལ་ཀོ་དམར་མདུང་ ཚོམས་ཁྲག་ཞོང་སོགས་སུ་རྩི་ཁ་དམ་པར་ལེན་ཞིང་ ། མི་རབ་ མ་སོང་བའི་བར་ལ་ཕམ་སློག་གྲོས་མི་བྱེད་པའོ།། ༈ གསུམ་བརྒྱལ་པོ་མེ་ལོང་གདོང་གི་ཞལ་ལྕེ་ འམ་སྣེ་མོ་ ལས་འཛིན་གྱི་ཞལ་ལྕེ་ནི ། རྒྱལ་པོའི་ལུང་གི་སྣེ་མོར་ བསྐོས་པ་རྣམས་ཀྱིས་རང་འདོད་ཁོ་ནོའི་སྐྱོན་སྤངས ། གཞུང་དོན་གཙོ་བོར་བྱས་སྟེ ། སྡེ་སྲིད་ཀྱི་སྐུ་རིམ་དང་ ཆོས་རྒྱལ་རྣམ་ཐར་འཕྲིན་ལས་སྒྲུབ་པ་ལ་དམིགས་པའི་ སངས་རྒྱས་ཀྱི་བསྟན་པའི་གཙོ་བོ་བྱས། ཆོས་ཕྱོགས་ ཞྭ་རིགས་དང་གྲུབ་མཐའ་མི་བསྣུར ། དུས་ཆེན་གྱི་ ཟླ་བ་ལྔ་ལ་རི་རྒྱ་ཀླུང་རྒྱུ་སྡུམས་པ། གཉེར་ཚར་ལ་དཀར་ |
![]() |
༡༡༥ བྱེད་པ། སྐུ་གསུང་ཐུགས་རྟེན་གྱི་ཞིག་གསོས། ལམ་འཕྲེང་ བཟོ་བ ། སོག་བཟློག་ལ་དམིགས་པའི་སྤྲེལ་ཟླའི་ཚེས་བཅུ་ ལ་ཡུལ་ཚན་སོ་སོར་སྐྲ་ཐོག་གསོལ་འདེབས་བྱེད་འཇུག་པ། འཕྲལ་ཆས་ཀྱི་གཉེར་འོག་ལ་ཐེལ་གཏོང་མ་གཏོགས་རྗོང་དཔོན་ གྱིས་གཏན་ཚིག་མི་སྟེར། ཏི་སིའི་བཀའ་ཆེམས་ལས་ དོན་གཡོག་གི་སྐྲག་ན་རྩམ་པ་བཟང་ངན་ལས་མེད་ཟེར་བས། རྫོང་དཔོན་གྱི་ཞི་བ་ཆེན་ནས་མི་ཟ། སྒེར་གྱི་འབུན་ཆགས་ འབྲེལ་གཞུང་ཁུངས་སུ་ཡོད་པ་རྣམས་ལ་སྒེར་གྱི་ཟ་འདེད་གཏོང་ མ་འཇུག ། སྡེ་གཟར་ཡུལ་འཁྱམས་ཀྱི་རེ་གཉིས་འཐོར་ རྐྱེན་དུ་འགྲོ་རིགས་མ་གཏོགས་ཤེ་བཾ་མི་གཏེར་ ། འབུན་རྙིང་ ལོ་སྐོར་དུ་ལོན་པ་ལ་དངོས་གཅིག་བདེ་གཅིག་འགྲིག་ན་ ། དེ་ལྷག་ ལ་སྤྲོད་ཤེས་ལེན་ཤེས་གཅོད་རྒྱ་བྱེད་པ་མ་གཏོགས་རྩིས་སྒྲུབ་ བྱེད་མ་འཇུག་། མངའ་ཞབས་དང་ལྟོ་ཟན་སར་ཁ་ཏས་ ཁྱབ་པས་ཧོར་འདྲ་མི་སྡེའི་ཁྱད་པར་ཧང་ཟོམ་དུ་མ་སོང་བ་བྱས་ ཤིང་ ། ཁྲིམས་ཀྱི་སར་བློ་སོར་བཞག་ཕྱོགས་ཆ་ཉེ་རིར་ མེད་པས་བདེན་རྫུན་ཤན་ཕྱེད་པས་ཁྲིམས་འགལ་ལ་སྙིང་ སྟོབས་ཀྱི་བརྡར་འདོད། ཁྲིམས་མཐུན་ལ་བྱམས་བརྩེས་ |
![]() |
༡༡༦ སྐྱོང་བ ། ཕྱི་ནང་གི་སར་ཁ་མཆུ་སྦྱོར་བ་དང་འཚོལ་བ་མི་ཕྱེད་ ། ཁྲིམས་སར་ཞུ་འབོད་བྱུང་བ་རྣམས་ལ་ལེ་བར་མི་འཇོག་པར་ སྦྱངས་བཤད་ཕན་ཚུན་བློ་ཁ་རྫོང་ཐབ་བྱེད་པ་མ་གཏོགས་དབང་ ལྟག་ཁུར་མི་བྱེད ། རང་ཁྲིམས་གསར་ལྡན་རིན་རང་གི་ ཉེ་བ་དང་དགྲ་ཕྱོགས་ལ་འདི་སྐབས་ཉེ་འགྱང་མི་བྱེད ། མདོར་ན་མི་ཤེས་གོང་ཕུད་ཀྱི་ཕྱོགས་སུ་མ་ལྷུང་བ་དང་ ། དཔོན་ཁུངས་གི་བྱ་བ་ཆེ་ཆུང་གང་ལའང་འཇིག་རྟེན་དུ་གྲགས་ པའི་ཐོགས་ནས་མིག་ལྟོས་ཡར་ལྟ་བྱས་པའི་ལ་ཡོགས་ འགྲ་བ་ཞིག་བྱེད་དགོས་པ་ཡིན་ནོ།། ༈ བཞི་པ་ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ་ནི ། དར་པོར་སྨོས་པའི་སྤང་བླངས་དང་ལྡན་པའི་ཐོག་མར་མི་ སྙོམས་ངོས་ཤེར་དང་། དོད་མི་སྙོམས་ན་གདོང་ཤེར་ མི་བྱེད་པར་སྐོར་སྦྱངས་གཏོང་བ་སོགས་བློ་ཁ་རྫོགས་ཐབས་ སུ་འགྲོ་བ་སྤྱིར་གྱི་བྱེད་དགོས་ཤིང་ ། ལྷག་པར་སྐྱིད་ ཤོད་ཁུལ་འདི་ལ་ཁྲིམས་འཆོལ་བའི་ཁྱིམ་ཚེས་སོགས་ རང་རང་གིས་འཁོན་བཟུང་ནས། ཁྲིམས་སར་ཉེ་བརྒྱུད་ ཀྱི་ཆད་ལ་ཆད་ལེན་ཞུ་རེས་བྱེད་པ |
![]() |
༡༡༧ གྱི་མྱོང་བ་གཅིག་འདུག་ནའང་། དེ་ནས་བཟུང་ཆད་པ་ཞུ་མི་རྣམས་ སྔ་འགྲོས་ཐལ་ཆ་མི་བྱེད་ག་ཤེར་འབོད་བདེན་རྫུན་བརྟགས་པའི་ ཆས་པ་ཐོབ་ངེས་ན་དེ་ཐོག་ཏུ་གཏོང་བ་གཞིར་བཅས་ཤིང་ ། གཡོ་ཞུས་ཡིན་ན་ཞུ་མཁན་གྱི་ཐོག་ཏུ་ཆད་པ་དེ་ཁ་སློག ། ཡང་ཧམ་རེས་བྱུང་ན་ཆད་པ་སྦུས་སུ་བཞག་པའི་འཁྲུ་དག་ གིས་ཡོ་གལ་བྱེད ། གཉིས་ཀས་དག་པ་མ་ཁྱོལ་ན ། ཆད་པ་རེ་རེའི་ཕྱེད་ཁྱེར་ནག་ཆེ་ཆུང་ལ་དམག་པའི་འགེལ ། ཁམ་མཆུ་ཁྲིམས་སར་ཐལ་བའི་སླར་ནང་འདུམ་བྱེད་པ ། ཉེས་པ་ཁྲིམས་འདེགས་ཀྱི་ཕྱེད་དང་ ། ཞུ་འགེགས་ འོས་བབ་ཁྲིམས་སར་ཕུལ་ནས་ཟློས་པ་ནང་འཇགས་སུ་ འདུམ་འཇུག་གོ ། ༈ ལྔ་པ་བཟང་བཀྱིགས་ཁྲིམས་རའི་ཞལ་ལྕེ་ནི ། ཁྲིམས་འགལ་གྱི་རིགས་ལ་ཐོག་མར་བཟུང་བཀྱིགས་ བབ་ཐོབ་ཏུ་འདུག་ཅིང་། དམིགས་གསལ་ཕྲེང་འོག་ ཏུ་གྲི་འདོན་རྒྱ་འདྲེ་བྱས་ན་བཟུང་བཀྱིགས། ལྟོགས་ ཧྲལ་བརྐུན་མ་བྱས་པར་བཟུང་བཀྱིགས། མགོ་མིར་ རར་ཤེད་བྱས་པར་བཟུང་བཀྱིགས། བློ་ངན་གྲོས་ |
![]() |
༡༡༨ ཚང་འབྲུ་བ་ལ་བཟུང་བཀྱིགས་མི་མཉམ་པའི་ཁ་ལན་ཀློག་པར་ བཟུང་བཀྱིགས་ ། ཉེས་པ་ཆེ་བ་ལ་སྡིག་བཀྱིགས་དམ་ཁས་ མནན་ནས་ཨན་དས་ལྕི་བ་སྤྲོད། དེ་ནས་ཁྲག་སྦྱོར་ཐོབ་པ་ རྣམས་ལ་ཁྲོམ་བསགས་ཁྲིམས་ཡིག་བསྒྲགས་ནས་རྔམས་ ཟིལ་ཆེ་བའི་ཁྲིམས་བཅད ། དེ་ཁར་དཔག་པའི་དྲག་ཞན་ གྱི་སྲོག་རིན་ཞེས་པ་ ། སྐུ་ངོར་གཏོང་བ ། ཆད་སྡོས་ གཅོད་པ་སོགས་ཇི་ལྟར་སྐབས་དང་མཚུངས་པ་བྱེད་དོ༎ ༈ དྲུག་པ་ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ་ནི ། མཚམས་ མེད་ལྔའི་ལས་བྱས་པ་དང་ ། བླ་མ་དགེ་འདུན་རྒྱལ་པོའི་ ཕྱག་རྫས་ལ་འབགས་པ། དཔོན་ཁུངས་སུ་ཞབས་འདྲེན་ ཚབས་ཆེན་ཞུས་པ ། དུག་སྦྱོར་གཏོང་བྱས་པ། ཕུང་ གཡོ་འཕྲུལ་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་མི་བསད་ རྟ་ཁྱེར་བྱས་པ ། དུས་བདེ་འཇམ་གྱི་ཁྲིམས་ཞོད་འཇཊ་ སྐབས་ཨར་ཇག་བརྡུང་འཇོམས་ ། གོ་གྱོན་མཚོན་ཐོགས་ ངན་གྲ་སྒྲིགས་འབངས་གྱེན་སློག ། མདོར་ན་མིག་ལྟོས་ ལ་གནོད་པའི་ཁྲིམས་འགལ་གྱི་བྱ་བ་བྱས་པར་ལུས་ སྟེངས་སུ་མིག་འདོན ། སྒྱིད་བྲེག ། ལྕེ་གཅོད། |
![]() |
༡༡༩ ལག་བྲེག། གཡང་སྒྱུར་ ། དམར་གསོད་བྱེད་པར་དཔགས་ པའི་ལུས་སྟེང་འཁེལ་ལུགས་ཕྱིར་འདོམས་ཆེ་བ་ཞིག་བྱེད་ དགོས་པ་ཡིན ། མི་མཉམ་པས་ལག་སློག་པ་ལ་ལྟེ་བོ་ཆུ་ ལ་བསྒྱུར་བའོ།། ༈ བདུན་པ་དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ་ནི ། ལུས་སྟེངས་སུ་རྩད་གཅོད་མི་ཐོབ་པའི་ཁྲིམས་དང་འགལ་ བ་རྣམས་ལ་ ། ཕྱིས་འདོམས་དྲན་འཛིན་གཏོར་དགོས་ཏེ ། ཉེས་ཆད་ཅེས་ཆད་བར་མིང་དུ་བཏགས་པའི་ཁྲིམས་སར་ བསྒྲུབ་དགོས་པ་འདི་ལ ། སྤྱིར་གྱི་ནི་དེ་ལ་སྤགས་པའི་ ཉེས་བྱས་ཆེ་ཆུང་གི ། གསེར་བསིལ་མའི་སྲང་གྲངས་ སུ་བྱེད་པ་དང་ ། སྨར་སེར་གྱི་སྲང་གྲངས་སུ་བྱེད་པ་དང་ སྨར་ཞོའི་གྲངས་སུ་བྱེད་པ་སོགས་འདུག་པར་ ། ཉེས་ བྱས་ཆེ་བའི་མི་དཔུང་གྲ་སྡེབས་ཀྱི་མི་བསད་པ་དང་འཁོན་ འཛིན་ལྟེས་ལེན་གྱི་ཇག་རྒྱག་པ་སོགས་ན་གྲ་སྒྲིགས་ཀྱི་ རིགས་ཁྲིམས་སར་དགོངས་ཕོག་ཆེ་བ་རྣམས་ལ་ གསེར་བསིལ་མའི་སྲང་བརྒྱད་ཅུ་ནས་བཅོ་ལྔའི་བར་ ཉེས་བྱས་ཆེ་ཆུང་དང་བསྟུན་ནས་གཏོང་བ་དང་ ། |
![]() |
༡༢༠ དེ་བས་རང་ཅུང་ཉེས་པ་ཆུང་བ་ལ་ ། བྱུར་ཆགས་ཐུག་པའི་མི་བསད་ ལྟོགས་ཧྲལ་གྱི་རྐུན་ཇག་སོགས་རིགས་དེས་མཚུངས་པ་རྣམས་ ལ་དམར་སེར་ཕྱེད་མའི་ལྔ་གསུམ་ཇི་ལྟར་འོས་སྐབས་དང་ མཚུངས་པར་བྱེད ། ཡང་ཕྲན་བུའི་སྤང་བླངས་འཛོལ་བའི་ དྲན་འཛིན་མར་ཞོ་དོ་གསུམ་རྣམས་ཇི་ལྟར་འོས་པ་གཏོང་དགོས་ ཤིང་ ། དེ་ལས་གསེར་བསིལ་མའི་བརྗི་བ་རྣམས་ལ་གསེར་ རྐྱང་མ་གཏོགས་སྤུས་ཆ་མི་འབུལ། གསེར་རྐྱང་སྲང་གང་ལ་ མགུར་ཞོ་ཉི་ཤུ་རྩ་བཞི་མའི་ཞོ་བརྒྱད་ལ་སྲང་གང་ ། མཛོ་ གཡག་སོགས་སྤུས་གང་གཙང་ལ་རིན་གྱི་ཁུངས་གཅོད་པ་གནང་ ཞིང་ ། དེ་ལ་དམར་གྱི་རིན་རྒྱབ་ཀྱི་གཟི་ཁུངས་ནས་སུ་འབེབས་པ་ དང་ ། མགུར་ཞོ་རེ་ལ་སེ་བ་ཉི་ཤུ་རྩ་བཞི་མིའི་དབང་དུ་བྱས་ ནས་སེ་བ་རེར་གཙང་བྲེ་ཚད་ཀྱི་ནས་ཁལ་རེ་རྩིས་པའི་ཞོ་གང་ ལ་ནས་ཁལ་ཉི་ཤུ་རྩ་བཞི་ཐོབ་པ་རིན་རྒྱབ་ཏུ་འབེབས་པ་དང་། མཁར་རུའི་སེ་ཁལ་མཛད་པ་དང་ ། ཚོང་འདུས་ཀྱི་གསེར་ རིན་ལག་ཡོད་གང་འདུག་ལ་ཆ་འཇོག་པ་སོགས་གནང་སྲོལ་ འདུག་ཅིང་ ། སྨར་གསེར་ཕྱེད་མ་ལ་སྤུས་གཙང་མ་་ བཞེས་པ་དང་ ། སྲོལ་ཉན་བཀོལ་ཉན་གྱི་དངོས་པོ་རིན་ |
![]() |
༡༢༡ རྒྱགས་གསུམ་ཚད་ལ་འབྲིང་དུ་ཕབ་པ་མཛད་སྲོལ་འདུག་ཅིང་། སྨར་གསེར་ཕྱེད་མའི་སྲང་གང་ལ་གསེར་ཞོ་བཞི ། སྨར་ཞོ་ལ་ གཙང་བྲེ་ཚད་ཀྱི་ནས་ཁལ་བརྒྱད ། གསེར་ཞོ་ལ་དེ་འདབ་འཕར་ བའི་ཁལ་བཅུ་དྲུག ། རྩེ་བྲེ་ཚད་ཕྱེད་པའི་སྲོལ་དང་ ། ཡང་མཁར་རུའི་ནས་ཁལ་དྲུག་ལ་དམར་ཞོ་ ། བཅུ་གཉིས་ ལ་གསེར་ཞོ ། ཡང་མཁར་རུའི་ཁལ་བརྒྱད་ལ་དམར་ ཞོ་དང་། བཅུ་དྲུག་ལ་གསེར་ཞོ། དབུས་ལ་གསེར་བྲེའི་ བཞི་ནོ་དང་། གསུམ་ཞོ་སོགས་གྲངས་ཤིན་ཏུ་མར་བ་ཞིག་ འདུག་པ་ཞོའི་ཚད་ནི ། ཚལ་པའི་ཁྲིམས་ཡིག་རྣམས་ སུ་ཞོ་བཟང་འབྲིང་ངན་གསུམ་དུ་བྱས་པའི་མཛོ་རྟ་དྲེལ་རྒྱབ་ ལོངས་པ་ལ་བཟང་ཞོ་དང་ ། བོང་བུ་ཕོ་རྒྱག་ཚད་ཀྱི་བརྒྱབ་ ལོངས་པ་ལ་འབྲིང་ཞོ ། བོང་མོ་གླང་ཆུང་གི་རྒྱབ་ལོངས་ ལ་ངན་ཞོ་བྱེད་པ་སོགས་འདུག་པ་ཐམས་ཅད་དུ་མཁར་རུའི་ དྲུག་ཞོ་ནི་ཚད་པར་ཤེས་བཞིན་ནས་སུ་ཕབ་ན་བརྒྱད་ཞོ་མར་ གསེར་གྱི་སྲང་གང་ལ་ནས་ཁལ་དགུ་བཅུ་གོ་དྲུག ། མཁར་ རུའི་དྲུག་ཞོ་ལ་བདུན་ཅུ་དོན་གཉིས་ཐོབ་པ་སྤུའི་ཐོག་ཏུ་ཆར་ ཆེན་དུ་ཕབ་ནས་སྔོན་གྱི་ཆོས་རྒྱལ་རྣམས་དང་ཚལ་དུས་ཀྱི་ |
![]() |
༡༢༢ སྐབས་། སྨར་གསེར་ཕྱེད་མའི་སྲང་གང་གི་ཆ་འགྲོས་དང་ ། བརྒྱད་སྟོང་པ་སྐྱ་སོད་དམ། གསེར་ཆོས་རྡོར་གཅོད་བཞེང་ དུ་འཇུག་པ་སོགས་ཀྱི་སྲོལ་རྒྱུན་བཟང་པོ་འདུག་ཅིང་ ། ཕྱིས་ ཇ་མར་ཧང་སྤབ་རྩེ་རེ་ལ་སྨར་གསེར་གྱི་སྲང་གང་རྩ་བ་དང་ ། གཡག་གྲུས་ཕོ་རེར་གསེར་ཞོ་རེ། མདོ་དར་ལ་བཞི་ལ་སྨར་ཞོ་ རེ་དང་ ། ཕུལ་གྱི་ཆུ་བགོད་འགྲེམ་སོགས་འགལ་ཆ་ལ་གཉེར་ ཚང་གི་ཆད་འགྲོས་ཐུང་ཐུང་རྣམས་ལ་ ། མར་ཆད་ཀྱི་མར་ ཞོ་རེ་ལ་དོ་སྐོར་གྱི་དབང་དུ་བྱས་པའི་སྨར་དུ་ལེན་ན་ཁལ་དྲུག། མར་རྐྱང་དུ་ལེན་ན་མར་ཁལ་གསུམ་རྣམས་ཡིན་ཅིང་ ། དེང་སང་ཁ་གཏམ་ལ་མར་གསེར་གྱི་སྲང་ཟེར་བ་འདུག་ཀྱང་། ཚལ་པའི་ཁྲིམས་ཡིག་རྣམས་སུ་སྨར་གསེར་གྱི་སྲང་ཞེས་ སྣང་བས་གསེར་ཤིན་ཏུ་སྨར་བ་ལ་ཆ་བཞག ། དེ་འོག་ སྨར་ཞོ་ཟེར་བའི་སྨར་ཞོ་དེ་ལ་ཆ་བཞག་པ་ཡིན་འདུག་པས་ དག་ཁུངས་སུ་ངེས་སོ། ། ༈ བརྒྱུད་པ་ཧོར་འདྲ་ཟ་རྐང་གི་ཞལ་ལྕེ་ནི་ ། ཧོར་འདྲ་ ཞེས་པ་རྒྱ་ནག་ཧོར་དུས་སུ་བོད་ལ་ལུང་རྒྱུགས་པའི་དུས་སུ་ རྒྱ་ནག་གི་མི་ལ་རྩི་འཇོག་ཤིན་ཏུ་ཆེ་བ་བྱེད་དགོས་ཀྱི་ཡོད་ |
![]() |
༡༢༣ འདུག་པ་དེ་འདྲ་བའི་ཐ་སྙད་དུ་བྱས། དཔོན་ཁུངས་གི་མི་ལ་རྩི་འཇོག་ ཆེ་དགོས་པ་དང་ ། མི་སྣས་ཀྱང་བབས་འབྲེལ་དང་མཐུན་པ་ཞིག་ བྱེད་དགོས་ཤིང་ ། ལྷག་པར་སྐྱིད་ཤོད་འདིར་ཕྱིས་ཁྲིམས་འཆོལ་ བའི་འདེད་ཀྱང་སྒེར་གཞུང་གི་དོན་ལ་དབྱེ་བ་མེད་པར་ཁས་སུ་ བཙན་གྱི་རྩེ་ནས་ཐེལ་རྩེ་རེ་བླངས་པའི་ཞོལ་སོགས་ནས་གང་ རིགས་རེ་ཁྲིད་ནས་ཟ་འདེད་རེ་གཏོང་ཞིང་ཟ་འདེད་ལ་ཡང་འདི་ ཕན་འདི་ཚུན་གྱི་མཚམས་མེད་པར་ཟ་མ་འཕྲལ་ཆས་ལ་ཆས་ ཁའི་ཁོངས་རྩིས་བྲེ་དོ ། ཆང་རིན་བྲེ་དོ་མ་བྱས་པའི་བྲེ་གསུམ་ མ་ཉི་མ་རེ་ལ་མི་སྣའི་རྐང་པས་གང་འཁོར་ལ་ཕྱིན་པའི་ལོན་རྩིས་ བ་ཞིག་འདུག་ཅིང་ ། གཙང་ལ་རང་གི་ཁ་གཙང་བ་ཞིག་བྱས་ཀྱང་ སྔོར་ཟ་འདེད་མང་བས་འཁྲེབ་འཆོས་ནས་དོན་འབྲས་ཆེ་ཆུང་ལ་ ཡང་འཁྲུལ་བ་ཞིག་མི་འདུག་ ། ད་ལྟའི་འདི་ཁ་བྱས་ན་ཆ་ ཞབས་ལ་ཡང་རྡབས་སོགས་ཆེ་བ་འདུག་པ། འོས་བབས་ ཀྱི་བཅད་མཚམས་བསྒྲིགས་པར་སྒེར་གྱི་བབས་འབྲེལ་མེད་ པར་ཟ་འདེད་གཏོང་ས་མེད་ཅིང་ ། མ་སྣས་ཀྱང་རྩེ་ནས་ དམིགས་གསལ་བྱུང་ན་མ་གཏོགས་སུས་ཁྲིད་ལ་མ་འགྲོ ། གཞུང་གི་འདེད་སྦྱངས་ལ་བཏང་བ་རྣམས་ཀྱིས་སྔོན་གྱི་ཁྲིམས་ |
![]() |
༡༢༤ ཡིག་རྙིང་པ་རྣམས་ལ ། ཆད་པ་སྲང་དུ་མ་ལོངས་ན་གདན་སྟོན་ གྱི་སྙད་མི་བྱེད ། སྲང་དུ་ལོངས་ན་གདན་སྟོན་ཆས་ཟ་རྒྱབ་རྐང་ སླ་སོགས་ཆས་པའི་གཞི་ཟུར་རིམ་འགྲོས་སུ་བྱས་པ་ཞིག་འདུག ཀྱང་ ། ད་སྒོས་གསེར་བསིལ་མའི་ཆད་པ་ཆེ་བ་རྣམས་ལ་མི་སྣ་ དཔོན་གཡོག་ཁྱི་རྟ་དྲེལ་སོགས་བརྗིད་ནོན་བཏགས་ནས་ཟ་མ་ ཟུག་འབྲེལ་རྒྱབ་ཆོས་སྤྲོད་གསུང་། བཀའ་ཤོག་ཏུ་གནང་བ་ལྟ་ བུ་ལ ། ཆད་པ་མ་འཕྲོད་བར་གྱི་མི་སྣའི་ཟ་མ་ལ། མི་ངོ་མར་ དུས་གཉིས་ལ་ཆུང་གཟུགས་རེས་དང་། ཆེ་གཟུགས་རེ ། གཡོག་ཏུ་ཡོད་ལ་དུས་གསུམ་ལ་ཆུང་གཟུགས་རེ ། ཇ་སྦྱོར་ལྔ ། ཆང་ ། རྟ་དྲེལ་རྣམས་ལ་ཆག་བྲེ་དོ་མ། ངོས་མའི་ཟ་མའི་ རྒྱབ་ཞོ་ལོན་ཅིང་ ། བུ་ཚ་ལ་རྒྱབ་མི་ཐོབ ། ཟ་རྒྱབ་ཆད་འདེད་ སླེབས་པ་ནས་བཟུང་ ། བསྡུས་ཤོག་ནམ་བྱུང་གི་བར་རྩི་བ་ དང་ ། དེ་སྔའི་བསྡུས་ཤོག་གི་ཚིག་རིགས་སུ་གདན་སྟོན་ ཆས་རྐང་སླ་ཆད་ཤུལ་བཞི་ཟུར་རིམ་འགྲོས་ལོང་ལས་ཕྱིར་ བསྡུས་ཕེབས་པ་འདི་ལ་ ། དེ་སྔ་གོ་བ་ཟུར་པ་རྒྱབ་ནས་ གདན་ཞེས་མི་སྣ་རང་ལ་དཔོན་གྱི་བཞུགས་དང་མཉམ་པ་ དགོས་ཟེར་བ་དང་ ། སྟོན་ཆས་ཞེས་པ་སྟོན་མོའི་རྣམ་ |
![]() |
༡༢༥ གྲངས་དང་ ། ཞལ་འབྱེད་ལ་བརྒྱ་གླང་ཞེས་ནས་ཁལ་བརྒྱ་རེ་དང་། བཤས་གླང་རེ་ལེན་པ་སོགས་མཚམས་རྩིས་མེད་པའི་ཁྱེར་ གང་ཐུབ་བྱེད་པ་ཞིག་འདུག་ཀྱང་ ། སྡེ་སྲིད་ཀྱི་བཀའ་ཁྲིམས་ ལ ། གདན་ཟེར་བ་ལ་བཀའ་ཤོག་ཐང་དུ་མ་ལྷུངས་བའི་ ག་འདོན་གྱི་ གླ་ལ་བཞི་ཟུར ། ཆད་ཤུལ་ལ་བཞི་ཟུར་རེ་རྣམས་མིང་སོ་སོར་ བྱེད་པ་ཁྲིམས་སའི་ཆེ་བ་ཡིན་ཞིང་ ། ལག་ཡོད་དེ་རྣམས་ བསྒྲིལ་བའི་གཞུང་དུ་ཆད་པ་གང་ཕུལ་གྱི་ཤུལ་ལས་སྤྲོས་པ་ མི་ལེན ། ཟ་རྒྱབ་ཆད་པའི་གཏིང་བསྐུལ་ཡིན་པས་ཞག་ཏུ་ སོང་གི་རྩིས་རྒྱག ། སྨར་གསེར་གྱི་སྲང་གྲངས་ལ་མི་སྣ་ ཉིས་སྦྲེལ་ཟ་མ་གཟུག་སྤྲོད་གསུང་བ་ལ་དུས་གསུམ་དུ་ཆུང་ ཟུག ། ཇ་ཆང་ ། རྟ་ཡོད་ན་གཟན་ཆག་འོས་འགབ་ལས་ སྤྲོས་པའི་ཟ་རྒྱབ་མི་ལེན ། ཆད་པ་སྲང་དྲུག་ཏུ་མ་ལོངས་ན་ མི་སྣ་འོས་འགབ་རེ་ལ་ཟ་མ་གཟུག་ཕྱེད་སྤྲོད་ཕེབས་པར་གཟུག་ གི་ཕྱེད་དང་། རྐང་སླ་བྲེ་ལྔ་དང་། སྲང་དུ་མ་ལོངས་པས་ གདན་སྟོན་ཆས་སོགས་སྙད་མེད་པར་བྱེད ། བོགས་ཡོང་ བཞེས་སོགས་ཁྲལ་བསྐུལ་ཀྱི་འདེད་པ་མི་ཉིས་སྦྲེལ་རེ་གནང་ |
![]() |
༡༢༦ བའི་ཟ་མ་འཕྲལ་ཆས་བསྒྲུབ་ཕེབས་པ་ལ ། རྒན་པོ་རྒན་ཆག་ ཡོད་པ་རྣམས་ཀྱི་རྒན་པོ་རང་གི་ཟ་མ་དུས་གསུམ་ལ་ཁ་ངོམས་ གྲོད་འགྲངས་རྒྱ་རི་ཟན་ཕོགས་ ། ཁྲལ་ཡོང་དུས་ཐོག་འགྲིལ་ ན་རྐང་གླའི་སྙད་མི་བྱེད ། དེ་ལས་འགྱངས་ན་ཉིན་རེ་རྐང་སླ་ བྲེ་ལྔ་རེ་བྱིས་སུ་བསྐུལ་ནས་ཉི་མའི་ཁ་གྲངས་བསྒྲིགས་དགོས་ པ་མ་གཏོགས་འདེད་ཡུལ་གྱི་ཐེབས་སུ་ཡོད་རྐང་པས་གང་ འཁོར་གྱི་འདེད་པ་མི་བྱེད ། རེ་གཉིས་ངན་ཁྲེབ་ཀྱི་རྒན་པོས་ མ་ཁུལ་ན་ ། མི་སྣ་ལ་ཁ་ལྟ་བྱས་པའི་ཁོ་རང་གཞག་གང་འཐོཊ་ ཀྱི་ཟ་རྐང་ལེན་དགོས་པ་དང་། ཟློས་པ་ཆེ་བའི་གཤེར་འབོད་ ལ་ཞོ་རེ ། སྡེ་སྲིད་གཞུང་དོན་གྱི་མནའ་ལ་མནའ་གོས་མི་ ཡོང་ཞིང་། རང་རང་བཟློས་པའི་མི་དྲག་པའི་མནའ་རྒྱབ་ལ་ སྲང་གང་དོ་སོགས་སྐབས་དང་བསྟུན་ཞིང་ ། འབྲིང་སྨད་ཀྱི་ ལག་འཇུ་ཅན་ལ་གསེར་ཞོ་དོ་རེ ། མནའ་ལ་གསེར་ཞོ་རེ ། རྡོ་ལ་ལྷ་གསལ་ལྷ་སྟན ། བཀྲབ་སླང་བཀྲབ ཁྱིམ་ལྕགས་སྐམ་ཟེར་མི་སྣའི་ཟ་གོ་དང་། རྡོ་ཁུང་སྒེར་གཞུང་ གང་གི་ཁོངས་ལ་ཡོད་ཀྱང་ ། དཔོན་ཁུངས་དེ་ལ་དགུ་ཚན་ བདུན་ཚན་གང་འོས་ ། མི་སྣ་ལ་རྡོ་རྒྱབ་གོམ་པ་རེའི་ |
![]() |
༡༢༧ སར་ཐོན་གསུམ་གྱི་སྲང་རེ ། སྣུམ་ལ་ལྷ་ཡོལ་ལྷ་གདན་སྣུམ་ སྣོད་ཀྱི་སླ་ང་ཟངས་གང་རུངས་སྣུམ་རྒྱབ་སྲང་རེ་རྣམས་འོས་ བབས་སྐབས་དང་བསྟུན་པའི་ལེན་ལུགས་ ། དཀྱུས་མའི་ འཇུ་ཅན་གྱི་མནའ་ལ་དམར་ཞོ་དོ། རང་མནའ་ལ་དམར་ཞོ་ གང་ ། ནང་ཚང་འབྲས་སྡུམ་ཟོག་ཐུལ་མ་འཆམ་པའི་བགོད་ཤ་ སོགས་ཕན་ཚུན་བདེན་པ་མེད་པའི་རང་ཤེད་ཅན་ལ ། དབུས་ ལུགས་ཀྱི་གསུམ་ཟུར་ ། དཀྱུས་མི་འདྲ་བབས་ལ་ཕན་ཚུན་ སྤྱི་ཐོག་ནས་བཅུ་ཁ་ལེན་པ་ཇི་ལྟར་འོས་པ་རང་ཤེད་ཆེ་ཆུང་ གི་བབས་འབྲེལ་དང་མཚུངས་པར་བྱེད ། ནག་ཅན་བཟུང་ བཀྱིགས་བྱས་པ་ལ་ཁོ་རའི་ལུས་འབྱར་གང་ཡོད་མི་སྣས་ ལེན ། དགེ་སྟོང་གི་སྤྲོད་མཇལ་ལ་ཚོགས་ཆས་སོགས་ ཐོབ་ཐང་འཆར་ཅན་ཁྲ་མ་ལྟར་ལེན་ཅིང་། གཞན་མ་དབུས་ ལུགས་ལ་བཅུ་ཁ་ལེན་པ་ཞིག་འདུག་ཀྱང་འདི་འགབ་ཡུལ་ ཆགས་པར་མི་འདུག་པས ། གཙང་ལུགས་ལ་ཕན་ཚུན་ ནས་ཟོང་ཕུད་ཟོང་བསྟན་ཟེར ། ཟོང་ཕྲག་ཉིས་ནས་སྤྲོད་ མཁན་གྱི་ས་ནས་ཕུད་དང་ ། ལེན་མཁན་གྱི་ས་ནས་གདན་ ཕན་ཚུན་སྙོམས་པའི་བློ་ཚ་རེ་ལེན ། སྨར་སྤྲོད་ |
![]() |
༡༢༨ དགོས་རྣམས་ལ་སྤྲོད་མཁན་གྱི་ས་ནས་དྲང་ཤིང་གི་བཅད་པ་ རྣམས་དང་། ལེན་མཁན་གྱི་ས་ནས་ཁལ་ཤུལ་བྲེ་འབྲེང་ ། སྤྲོད་མཁན་གྱི་བྲེ་གདན་འཕྱར་བ་སྣམ་བཞི་མ་རེ་ ། སྤང་ཁེབ་ གདན་འོས་རིགས་དང་དངོས་པོའི་ཁྲིམས་ཡིག་རྙིང་པ་རྣམས་ ལ་འདུག་པས ། མི་ཤ་གྲི་སྲི་ལྡང་བའི་རྟེན་འབྲེལ་དུ་ལག་དམར་ གྱིས་བསད་པའི་གྲི་ངོས་མ་དྲང་ཤིང་གི་ཚབ་ཏུ་སྤྲོད་པ་སོགས་ སྲོལ་འཁྱུད་དུ་འདུག་པ་ལྟར་ཁྱེད་ཁྲ་མ་དཀྱུས་མའི་ཞབས་ འཇུག་ལའང་ཆེ་ཆུང་གི་ཚོགས་ཆས་ཁྲི་འཁོད་ལྟར་དང་ ། རྐང་གླའི་དོད་དུ་སྤྲོད་མཇལ་ཡོད་ན་དེ་ཁའི་ཁལ་ཤུལ་བྲེ་ འབྲེང་སྤྲོད་མཁན་ནས་ལེན་ཅིང་ ། འདི་ལ་སྤྱི་ས་ནས་ལེན་ པ་སོ་སོ་ནས་ལེན་པ་བབས་འབྲེལ་མཚུངས་པ་བྱེད ། དངོས་པོའི་སྤྲོད་ལེན་མེད་པའི་ས་ཆའི་རྩིས་སྤྲོད་དམ་ ། ཁྲ་མ་ ཞབས་སུ་འཇུག་པ་རྣམས་ལ་དཀར་ཡོལ་གྱིས་གཙོས་ པའི་ལྔ་ཚན་ནས་གསུམ་ཚན ། ཇ་མགོ་སྡུམ་གྱི་གཙོས་ པའི་བདུན་ཚན་དགུ་ཚན་ ། གོས་ཡུག་རས་ཡུག་རྟ་ཁྲབ་ མཛོ་སོགས་རྣམ་གྲངས་དོན་རྩ་འགངས་ཆེ་ཆུང་གི་ཇི་ལྟར་ འོས་པ་བྱེད་ཅིང་ ། བཀའ་ཁྲའི་བབས་སྨྱུག་བཞི་ཟུར་རིམ་ |
![]() |
༡༢༩ འགྲོས་སྤྲོད་ལེན་ཕེབས་པ་ལ ། སྐུ་རྒྱལ་གྱི་གཞི་ཟུར་མགྲོན་ གཉེར་རམ ། ཡར་ཞུས་ཕྱི་ནང་གི་མི་སྣ་ལ་ཐོབ ། དེའི་བཞི་ ཟུར་སྨྱུག་གུ་མཆུ་རིན་དྲུང་ཡིག་གི་ཐོབ་པ་ཡིན་ནོ།། ༈ དགུ་པ་བསད་པ་སྟོང་གི་ཞལ་ལྕེ་ནི ། སྟོང་ཞེས་པ་ཁ་ སྐོང་ཤིན་ཏུ་མཐོ་བ་ལ་ཆ་བཞག ། སྔོན་གྱི་གཏམ་རྒྱུད་ རྙིང་པ་རྣམས་སུ ། སྟོད་ཡ་རྩ་རྒྱལ་པོ་ཧོར་གྱི་བསད ། རོ་དང་གསེར་ལ་མཉམ་རྗེས་བྱས ། སྨད་གེ་སར་རྒྱལ་ པོ་ལྡན་མས་བསད ། ད་དུང་སྟོང་ལ་འཁྱེར་དུས་མེད ། ཅེས་པའི་དོན་ཀྱང་མི་སྟོང་རྣམས་སྤངས་ཤིན་ཏུ་ཆེ་ཞིང་། ལྷག་པར་མི་རབ་འབྲིང་མཐའ་གསུམ་གྱི་རབ་དང་བཙན་ པོ་ཁ་དྲག་ཅན་གྱི་སྟོང་གི་ཁྱེར་ས་མེད་པའི་ཐ་སྙད་དུ་བྱས་ པ་ཡིན་ནའང་ ། ཕྱིས་མི་རབ་ཀྱི་རབ་དང་བུད་མེད་ བསད་པ་ཆེར་མེ་ཡོང་ཞིང་ ། གལ་ཏེ་བྱུང་ཡང་རབ་ལ་ ས་ཆའི་སྤྱོད་སྦྱོར ། གསེར་བསིལ་མའི་སྲང་གྲངས་ སྟོང་ཆེན་གྱི་སྤྲོད་མཇལ་སྐབས་དང་བསྟུན་པ་བྱེད་ཅིང་ ། བུད་མེད་རྣམས་ལ་སོ་སོའི་སྟོང་ཁུང་ལས་འདབ་ཀྱི་ཆུང་བ་ ཡིན་ནོ། ། ཚལ་པའི་ཁྲིམས་ཡིག་ཏུ་སྨྱོ་འབོག་བསམ་ |
![]() |
༡༣༠ མེད་བྱིས་པ་དུད་འགྲོ་ཡིས ། བསད་དང་རྐྱེན་གྱི་མིསྨྱོ་འབོག་ བསམ་མེད་ ། བྱིས་པ་ལོ་བརྒྱད་མན་གྱི་རྐྱེན་པ་རྣམས་ལ་ དགེ་འཐུད་མ་གཏོགས་མི་དགོས། དུད་འགྲོ་བསམ་མེད་ཀྱི་ རྐྱེན་པ་འང་དགེ་བའི་བཞི་ཟུར་སྤྲོད་པ་སོགས་དེང་སང་གི་བར་ དུ་དར་ཞིང་། དེ་སྔ་མི་བསད་དཀྱུས་མ་རྣམས་ལ་ད་ལྟའི་ རྒྱལ་ཁྲིམས་བཙན་པོ་འདི་མེད་པས ། སྒེར་དཔོན་བདག་ ཕ་མཚན་ལག་ཉེ་དཔུང་ཤེད་ཆེ་ཆུང་གིས་མི་བདག་ཤེད་ཆེ་ན། རོ་མཐོ་སྐྱེལ་བ་ཟེར་རོ་ས་ཞིང་ཐོག་ཏུ་བསྐྱལ་ནས་གཅོད་པ་ དང་། མི་ཤའི་དམག་བསགས་སློག་ལེན་པ་དང་ ། ཡུག་སའི་དུས་དྲན་དུ་ངུ་བ་ལ་གདན་གོས་སྐྱེལ་བ་དང་ ། བྱི་ཕྲུག་ཡོད་ན་མགོ་ཐག་མ་ཆོད་པར་རྒྱགས་སྐྱེལ་དགོས་ པ་ མཚན་གྱི་དམག་སློག་ ། ད་ཕྲུག་གི་རྒྱགས་ཕྱེ ། ཡུག་ སའི་འཆི་ཕྱིས་བྲང་གདན་སོགས་ལ་སྲང་གྲངས་འདི་ཞེས ། མི་བདག་གི་བློ་ཁ་རྫོགས་ཐབས་མཛད་འདུག་པ་རྣམས་ལ་ དགོངས་ནས། དེང་སང་སྙིང་གནོན་སྲང་ཆེན་གྱི་གཅོད་ རྒྱ་གནང་བ་འདི་ཡིན་ཞིང་ ། ཡང་དེ་སྔ་ལག་དམར་ |
![]() |
༡༣༡ ཤེད་ཆེ་ན་རོ་བབས་གཏོང་བ་ཞེས་རོ་ལ་མལ་སྟོན་སྐྱེལ ། རྟ་ནོར་ འདོགས་གང་ཐུབ་བྱས་ནས་སྟོང་ཡུག་ཆོད་དུ་འགྲོ་བ་དང་ ། དངོས་པོ་ལ་འདབ་བཅོད་དང་། སྟོང་ལ་ཞུ་ངོ་སྒྲོན་འཇུག་པ་ ལ་སོགས་ལག་དམར་གྱི་ཆག་ལ་དགོས་ནས་ཁྲ་མ་རྙིང་པའི་ ཚིག་རིགས་སུ་གོང་མ་ཆེ་བཙུན་གྱི་སྐུ་ངོ་བསྟན་པ་སྤྱིའི་ཆག་ ལག་དམར་འབབ་ཤེས་ཀྱི་རོ་བབས་སོགས་ལ་རོ་སྟོང་ནས་སྲང་ འདི་ཆག་ ~~ཆེ་བཙུན་གྱི་སྐུ་ངོ་བསྟན་པ་སྤྱིའི་~~ཟེར་བ་ལ་དགོངས་ནས་དེང་ སང་གྲ་ཕུད་ཀྱི་ཆག་གནང་བ་འདི་ཡིན་ཞིང་། དོན་ལ་སྟོང་ ལ་སྤོམ་ཆུང་ན་ཕྱིས་འདོམས་མིག་ལྟོས་ལ་ཡང་གནོད་དགོས་ པ་དང་། ཧ་ཅང་དགེ་ལ་ཆེས་ལག་དམར་གྱི་མ་ཐེག་པར་ཡུལ་ དོན་ཁ་མཆུ་ཧ་ཅང་ཡིད་དུ་སོང་ན་མི་ཤ་ལྟེས་ལེན་གྱི་མ་བདེའི་ རྒྱུར་སོང་དོགས་ལ་དགོངས་ནས་ ། གཉིས་འཇགས་ཚིག་གི་ སྒོ་ནས་བློ་ཁ་ཁྲིད་དེ ། མི་བདག་ལ་སྙིང་གནོན་སྲང་ཆེན་གྱི་འཕར། ལག་དམར་ལ་གྲ་ཕུད་ཀྱི་ཆག་སོགས་གནང་བ་འདི་ཡིན་ཞིང་། དེ་སྔ་ལག་དམར་གྱི་བབ་རྟེན་དང་མི་བདག་ཕན་ཚུན་གྱི་ཉན་ སྒྲུབ་ཀྱི་ཐེལ་གདན་ཟེར་བ་འདུག་པ་ལ ། དེང་སང་བབ་བརྟེན་ |
![]() |
༡༣༢ ལ་ཆད་པ་སྲང་གསུམ་དང་། ཐེལ་གདན་ཕན་ཚུན་གཉིས་ཕྱོགས་ ནས་སྐུ་རྒྱལ་འབུལ་དགོས་པ་ཡིན་ཞིང་། དེ་སྔ་སྤྲོད་འཇལ་གྱི་ སྐབས་ཀྱང་སྟོང་དཀར་སྟོང་ཁྲ་སྟོང་ནག་གསུམ་འཇལ་ལ་དམར་ དང་ཁྲག་དང་ཟོང་གསུམ། སྨར་ལ་སྨར་དང་སྨར་རི་ཟོང་གསུཾ་ ཁྲ་ལ་ཁྲ་དང་ཁྲག་ཆགས ། ཟོང་ལ་ཟོང་དང་ཟོང་ནག་ ། ཟོང་ ནག་སྦད་ཆོད་ཟེར་བའི་རྣམ་གྲངས་མང་བར་འདུག་པའི་སྟོང་ དཀར་ཞེས་པ་ནི་ལྕི་བ་ ། སྟོང་ཁྲ་འབྲིང་པོ་ ། སྟོང་ནག་ཅེས་ ཤིན་ཏུ་ཡང་བའི་ཐ་བསྙད་བྱས་ནས། སྟོང་དཀར་གྱི་སྐབས་ སྨར་དང་སྨར་རི་ཞེས་པའི་སྨར་ལ ། གསེར་དངུལ་ཇ་ནག་ རྩེ་ ། ནས་འབྲས་གཙང་བ་སོགས་དངོས་པོ་སྡིག་ཐུབ་རྔམས་ ཆེ་བ་ལ་ ། ཆ་བཞག་པ་ ། སྨར་རི་ཟེར་བ་དེ་ལས་ཅུང་ལོད་ པ ། ནས་གཤོར་ཐུབ་ལེན་ཐུབ། ཇ་མངའ་ཧང་ ། གོས་ སྣམ་ཕྲུག་ཐེར་ ། སྟོང་ཁྲའི་སྐབས་ཁྲ་དང་ཁྲག་ཆགས་ཞེས། ཁྲ་ལ་འབྲུ་པད་སྲན་ནོར་ཕྱུགས་བཀོལ་ཕེར ། གོས་ཕབ་ཚོང་ སྣམ ། ཁྲག་ཆག་འབྲུ་སྐམ་བསྲེས་ཤ་རིན་ལོ་བ ། དུད་ འགྲོ་ཤ་འཕེར ། རས། ཤ་ཆ ། ར་ལུག་ཐད་ཀོ༴། སྟོང་ ནག་གི་སྐབས་ཟོང་དང་ཟོང་ནག་ཟོང་ཞེས་པ་ཤོག་བུ་རེ་ here two leaves are missing from the original copy, 63–64 |
![]() |
༡༣༣ སློག་རྟ་བོང་རིས་མེད། འབྲུ་སྦང་བསྲེས། ཐོང་ཁུག་ཟེར་བ་ གོས་ཟན་ཟད་རོ ། སྣམ་བུ་ཟོང་བྱང་ ། ཟོང་ནག་ལ་འབྲུ་བཀྲབ་ བདུན ། དགྲ་མདའ་དཀྱུས་ལོད། ཕོར་སྡེར་གོག་པོ་ ། འབའ་ཆ་སྦང་སྐམ ། ཟོང་ནག་གི་སྦད་གཅོད་ཅེས་པ་སྤྲོད་ འཇལ་གྱི་འཇུག་ཏུ་ཤོག་བུ་དུམ་པ་དང་། ཐོག་དགུག་ལ་ སྲང་རེ ། སྒ་གོག་དོང་གོག་ལ་ཞོ་རེ ། མདོར་ན་རྡོ་བུག་པ་ ཕུག་པ་དང་ ། རྟ་རྒན་བོང་རྒན་ཁྲིམས་རའི་ཐེམ་པ་འགོམ་ ཐུབ་པ་ཙམ་རེ་ལའང་ཆར་ཆེན་དུ་གཅོད་ཀྱི་འདུག་ཅིང་ ། དེ་བས་ཀྱང་ལོད་པ་སྟོང་འཇུག་རླུང་ཁྱེར་ཟེར། མི་སྤྲང་ པོ་ཡིན་གྱི་ངོ་ལའང་སྲང་གྲངས་གཅོད་པ་བྱུང་འདུག་པའི་ འདི་ཡང་དགོངས་པ་སྔོན་གྱི་མི་ཚད་ལྡན་རྣམས་ཀྱི་མི་བདག་ ལག་དམར་ལ་ཆག་ཆེ་ཆུང་དཔགས་པ་དང་ ། ནག་ཆེན་ གྱི་སྟོང་མིང་བཏགས་པ་ཙམ་ལ་མིང་འདོགས་ཀྱི་སྒོ་ནས་ ཐབས་མཁས་པ་མཛད་པ་ཡིན་འདུག་ཀྱང་ ། ཕྱིས་འཆལ་ བའི་ཤིན་ཏུ་ཟོང་བ་ལ་སྟོང་སྤྲོད་དང་སྤྲོད་ཟེར་བ་ཁ་དཔེར་ བྱས་ནས་སྟོང་ལ་ཟེམ་ཟོལ་གང་འགྲོ་བྱེད་པ་ཞིག་བར་དུ་ དར་འདུག་ཀྱང་ ། ཆོས་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ |
![]() |
༡༣༤ བཀའ་ཁྲིམས་ལ་མི་ཤེད་ཆེ་ཆུང་གི་མི་སྣའི་དམག་སོགས་ ། རོ་བབས་རོ་ཐོ་སོགས་ཀྱི་མི་དཔུང་རྗེ་ལྡིང་བྱེད་པ་མི་འདུག་ཅིང་། བྱས་པར་ཤར་ཀྱང་སྟོང་ལ་ཆར་ཆེན་ལས་སྤྲོད་པ་མི་གནང་ ཞིང་། མི་ཤེད་བྱས་པར་ཆད་འཕར་གྱི་བརྡའ་འདེད ། མི་ལ་ རབ་འབྲིང་མཐའ་གསུམ་དུ་བྱས་ནས་རབ་ཀྱི་རབ ། རབ་ཀྱི་ འབྲིང ། རབ་ཀྱི་མཐའ་འབྲིང་མཐའ་གཉིས་ལ་ཡང་དེ་དང་ འདྲ་བའི་རབ་ཀྱི་རབ་ནི ། ཁྲིམས་ཡིག་རྙིང་པའི་ལོ་རྒྱུས་ལྟར། དཔའ་བོ་སྟག་གི་ཞལ་ལྕེའི་སྐབས་ཡིན་ཞིང་། རབ་ཀྱི་འབྲིང་ རྫོང་བདག་གཡོག་གསུམ་བརྒྱ་ཡིན་གྱི་དཔོན་རིགས་གཞུང་ གི་རྫོང་གཉེར་ལས་ཚན་ཆོས་སྡེའི་མཁན་པོ་སོགས་ལ་སྟོང་སྲང་ བཞི་བརྒྱ ། སུམ་བརྒྱ ། རབ་ཀྱི་ཐ་ནི ། གྲྭ་ཚང་གི་བླ་མ་ དགེ་འདུན་བསྙེན་རྫོགས་པ ། གཞུང་གི་དྲུང་འཁོར་གཡོག་བརྒྱ་ ལོངས་ཀྱི་དཔོན་རིགས་ལ་སྟོང་སྲང་ཉིས་བརྒྱ ། འབྲིང་གི་རབ་ ནི ། རྟ་པ་དྲུང་འཁོར་ལ་གཏོགས་ཙམ་དང་གྲྭ་ཚང་ཆོས་སྡེའི་ ལས་ཚན ། ཆོས་ཁྲིམས་སོགས་ལ་སྟོང་སྲང་བརྒྱ་དང་བཞི་ བཅུ་ལྔ་བཅུ་གང་རུང་ ། གཟིམས་ཆུང་ས་གྲྭ་ས་སྦྲེས་རིགས། རྟ་ཆུང་དཔོན་ཆུང་རྣམས་ལ་སྟོང་སྲང་བརྒྱ་བཅུ ། འབྲིང་གི་ |
![]() |
༡༣༥ འབྲིང་ནི་ཟ་ས་མདའ་བདག་སྐྱེམས་བསྡུས་གྲྭ་ས་ཆུང་བའི་ རིགས་ལ་སྟོང་སྲང་དྲུག་ཅུ་བདུན་བཅུ་གང་རིགས། འབྲིང་ གི་མཐའ་ནི ། སྒེར་པ་གཟུགས་བཙུན་གྱི་རིགས་ཡིན་ན་ སྟོང་སྲང་བཞི་བཅུ་སུམ་ཅུ་གང་རིགས་ ། ཐ་མའི་རབ་ནི་ ཁྲིམས་ཡིག་རྙིང་པར་ཀྱང་ ། ཡ་ཕོ་མགར་བ་གཤན་པ་ གསུམ་གང་བསད་ཀྱང་ ། སྟོང་ལ་དྲེད་ཐག་གཅིག་ཟེར་བ་ ལྟར་ ། འཁྱམས་པའི་མགར་བཤན་ཡ་སློང་རྣམས་ ལ་སྟོང་སྲང་བཅུ་ནས་བཅོ་ལྔའི་བར་དང་། ཡང་སྙིང་རྗེ་ ལ་དགོངས་ནས་ཉི་ཤུ་མ་ཙམ་ཡང་གནང་སྲོལ་འདུག་ཅིང་། རབ་འབྲིང་ཐ་གསུམ་སྲང་གི་སྟོང་ཐང་དེ་རྣམས་ལ ། དེ་ལྔའི་ ཁྲིམས་ཡིག་དང་གཏམ་རྒྱུད་རྙིང་པའི་བབ་ཐོབ་ཀྱི་སྲོལ་རྒྱུན་ རྣམས་ནས་གང་བསྡུ་བར་གནང་བའི་དེ་སྔའི་གོང་མ་ཆེ་ བཙུན་རྣམས་ཀྱི་ཞུ་ངོ་སྒྲོན ། བསྟན་པ་སྤྱིའི་ཆག ། རོ་ བབས་སོགས་ལག་དམར་གྱི་ཆག་ལ་གྲྭ་ཕུད ། སྟོང་སྲང་ རེའི་ས་ནས་བཅུ་ཟུར་གྱི་ཆག་དང་ ། དེ་སྔའི་མི་བདག་རྒྱལ་ གྱི་ཡུག་སའི་འཆིས་འབྲང་གདན་དང་ཕྲུག་གི་རྒྱགས་ཕྱེ་ཕ་ ཚན་མག་པའི་དམག་སློག་སོགས་མི་བདག་གི་བློ་ཁ་རྫོགས་ |
![]() |
༡༣༦ ཐབས་ལ་སྙིང་གནོན་སྲང་ཆེན་སྟོང་སྲང་སྟེང་ནས་གཉིས་སྐྱེ་ས་ ཀྱི་འཕར་དང་ ། སྟོང་ཟོང་ནག་སྦད་ཆོད་ནས་ཀྱང་ཆ་ཤས་ ལ་སྲང་ཞོ་འབེབས་དང་། དགེ་བ་སྟོང་སྲང་རེའི་སར་དགེ་ ནས་ཁལ་རེ ། དགེ་ནས་ཁལ་བཅུ་རེ་ལ་དགེ་མར་ཁལ་རེ། དགེ་བ་སྟོང་སྟེང་དུ་ཕན་པ་དང་མི་ཕན་པ ། ཟོང་ཞོ་ཆེན་དུ་འཇོག་ པ་དང་ ། སྨར་ཞོ་ཁྲག་ཞོ་ཟོང་ཞོ་འབྱེད་པའི་དབྱེ་བ་གནང་ནས་ཞལ་ ངོ་གོང་མའི་སྐབས་སུ་ཁྲིམས་བྲེ་ཁྲིམས་སྲང་མཁར་རུ་སྐྱོ་ཁ་ནང་ བཞེས་ལ་གནང་། བྲེ་ཚད་ཀྱི་ཡུལ་ཞོ་ཁལ་བརྒྱད་མ་འདུག་པ། བྲེ་ཁྱད་ཁོངས་རྩི་བར་གནང་ནས་མཁར་རུའི་དྲུག་ཞོ་གནང་། སྤྱིར་གྱི་ཞོ་ཐག་མཐོ་དམའ་ཡུལ་ཕྱོགས་མི་གཅིག་པ་ན ། བྲེ་ཆེ་ ཆུང་གི་ཁྱད་ཀྱི་བྲེ་ཆེ་བ་རྣམས་སུ་ཁལ་གཉིས་ལ་ཞོ་རེ་བྱེད་པའང་ འདུག་ཅིང་། ཞོའི་ཚད་འཇོག་པ་འདི་ཆེ་རྒྱབ་མཛོ་དྲེའུ་ནོན་ པ་ལ་ཞོ་བཟང་བ་དང་། འབྲིང་གླང་བོང་བུའི་རྒྱབ་ནོན་པ་ལ་ཞོ་ འབྲིང་པ་དང་། ཆུང་བོང་མོ་གླང་ཆུང་གི་རྒྱབ་ནོན་སར་ ངན་ཞོ་བྱེད་པར་འདུག་པར ། སྔོན་ཆོས་རྒྱལ་མེས་དབོན་གྱིས་ རྒྱལ་ཁྲིམས་བཅས་པའི་ཁྲི་མ་སྟོང་མའི་འགྱུར་གྱི་ ། གསེར་ བྲེ་གཏན་འབེབས་མཛད ། གསེར་བྲེ་ཚད་མ་ལ་བཞི་ཞོ་ |
![]() |
༡༣༧ ཞོ་ད་ལྟའང་སྐྱིད་ཤོད་ན་དར་གྱི་འདུག་པ་རྒྱབ་ཚད་དང་། གསེར་ བྲེའི་ཞོ་ཐག་སོགས་ནས་རྩིས་མཁར་རུའི་འབོའི་དྲུག་ཞོ་ནི་ཡུལ་ ཐམས་ཅད་དུ་ཚད་པར་ཤེས་ཤིང་། ཡང་དིང་སང་མཁར་ རུའི་བརྒྱད་ཞོ་གནང་བ་འདུག་པ ། དུས་ཀྱི་མི་འདི་པ་རྣམས་ མ་རུངས་སུ་ཡོང་བའི་ཁྲིམས་ཀྱང་ནོན་ཆེ་ཆེར་མ་གནང་ན་ མ་འོངས་པར་ཁྲིམས་འཆལ་དོགས་ཀྱི་དགོངས་པ་ཅན་དུ་འདུག་ པ ། དཔོན་ཁྲིམས་ལ་མཁས་ཟེར་བའི་དཔེ་ལྟར་དགོངས་ བཞེད་སོ་སོ་ནས་བསྟུན ། དཔེར་ན་བཟའ་པ་སྟོང་འབྲིང་ཞིག་ བྱུར་ཆག འདི་དང་འདི་བཞེས་པ་རྐྱེན་ལམ་དུ་བཏང་འདུག་པ་ ། ཆད་ མེད་གྲུབ་ན་དྲན་འཛིན་བསྔགས་སྦྱངས་སོང་གྲུབ་པ་དེ་ཡིན་ཞིང་ ད་སྒོས་དགེ་སྟོང་གི་འཇལ་སྤྲོད་ཀྱི་སྤང་བླངས་དགོས་རྒྱུ། འདས་པོར་སྟོང་མཐུན་གསུམ་གྱི་སྲང་དྲུག་བཅུ ། དགེ་ནས་ ཁལ་དྲུག་བཅུ ། དགེ་མར་ཁལ་དྲུག་ ། སྙིང་གནོན་སྲང་ ཆེན་གསུམ་དགོས་པའི་ཐོག་ནས་གྲྭ་ཕུད་སྲང་དྲུག་ཆག ། སྟོང་སྲང་གྲ་ཕུད་ཞོ་འབེབས་དང་ ། བྲེ་མཁར་རུ་ལ་ཆ་བཞག ། སྤུས་ཁ་ཐོན་གསུམ་ཞོ་ཐག་ཁྲག་ཐོག་ཏུ་ཕབ་པའི་བཞི་ཞོ ། |
![]() |
༡༣༨ རྩིས་སྤྲོད་དུས་ཐོག་མཐའ་བར་གྱི་དུས་ཚེས་མི་སྣའི་སྒོ་གསལ་ལྟར་ བགྱིས ། སོ་སོ་ནས་སྐུ་རྒྱལ་བཀྲ་ཤིས་ཁ་རྟགས་བཟང་དཀར་ རྩ་རིང་ ། ཇ་ང་ཧང་བར་སྡུམ ། སྨན་རྩེ་ཁ་བཅུ་གཉིས ། ཡུག་ སོགས་ལྔ་ཚན་བདུན་ཚན་གང་འོས་སྒྲུབས་བླངས་གྱིས་ཤིང་ ། བབས་སྨྱུག་བཞི་ཟུར་རིམ་གྲོས ། མི་སྣའི་ཚོགས་ཆས་ཇ་སྦྱོར་ གསུམ་རྡོར་བཅས ། ཤ་དཀར་ཁོག་ ། ཚག་ལག ། ཆང་ཚོད་བཞི ། རྩ་མ་ཁལ་དྲུག་གསུང་བ་དང་ ། དེ་ཕྱིན་ རྩ་་བ་འདི་རྟེན་གྱི་མི་ཤ་སྟེགས་ལན་དུས་འགྱངས་ཕྱི་ཕུལ་ བྱས་པར་ཤར་ན་འབའ་འདི་ཞེས་གསུང་བའི་བཀའ་ཤོག་ མནན་པའི་སྤྲོད་མཇལ་ལ་ ། སྙིང་གནོན་སྲང་ཆེན་ཞེས་པའི་ ཐ་སྙད་ནི་མར་ཞོ་འམ་ནས་ཞོ་བརྒྱད་ལ་སྲང་ཆེན་བྱས་པའི་མཁར་ རུའི་དྲུག་ཞོ་བྱས་ན་ཁལ་བཞི་བཅུ་ཞེ་བརྒྱད་ལ་སྲང་ཆེན་རེ ། བརྒྱད་ཞོ་བྱས་ན་དྲུག་ཅུ་རེ་བཞི་ལ་སྲང་ཆེན་རེ་བྱས་པའི་འདི་ལ་ སྨར་ཁྲག་ཆ་ཕྱེད་དུ་སྤྲོད་དགོས་པ་དང་། དགེ་ནས་དགེ་མར་ སྨར་རང་གི་ནས་ངོས་མར་ངོས་སུ་སྤྲོད ། སྟོང་སྲང་ རེ་བྱས་ཀྱང་ལག་ཡོད་ཞོ་རེ་ཕབ་སྨར་དྲུག་ཞོ ། ཁྲག་བཞི་ཞོ ། ཟོང་ཉིས་ཞོ་ཡིན་པར་ ། ལག་ཡོད་བཞི་ཞོ་ཉག་གཅིག་ |
![]() |
༡༣༩ བྱས་པའི་ཡས་བསྡུས་མས་སྣན་འགྲིགས་འགྲོ་ཞིང་ ། བཞི་ཞོར་ ཕབ་རྗེས་རིན་རྒྱག་ལུང་པའི་དགུ་ཐག་གི་རི་ཁུངས་རང་བྱས་པས་ ཐུས་པ་དང་ ། ཡང་ཐོན་གསུམ་ནས་སྨར་ནས་ཟོང་ལ་ཕབ་ ན་འདབ་གཅོད ། ཟོང་ནས་སྨར་ལ་སླེབས་ན ཁྲག་ལ་ཡས་མས་ནས་ཕུལ་དགུའི་འགྲོས་རྩིས ། ཡང་ བརྒྱད་ལ་ནི་གོང་དང་འདྲ་ཞིང་། རྐྱེན་རྩ་འཆི་མཁན་ནག་ཆེན་ བ་ཡོད་ན ། འདས་པོའི་ཚེ་ཚད་ཀྱི་གཏུགས་པའི་དེ་བཞིན་ བྱས་འདུག་ཀྱང་ ། སྨས་འོག་ནས་ཤགས་དང་། རོ་འོག་ ནས་རྨས་ཡིན་པས་གསུང་ཚིག་རིགས་གཞན་མ་གོང་དང་ འདྲ་བ་ལ་ ། དགེ་བ་དགེ་ཐོག་ཏུ་ཕན་ན་སྟོང་སྟོང་སྟེང་ལ་ འདབ་རྩི ། མ་ཕན་ན་ངོ་བོ་ཙམ་ལ་ཐོང་ལ་ཕེབས་བྱུང་ན ། དགེ་བ་དགེ་ཐོག་ཏུ་ཕན་མ་ཕན་འཛིན་ཕྱོགས་ཡོང་བས ། བཞི་བཅུ་ཞེ་དགུ་ཡན་ལ་སྤྲད་ན་དགེ་ཐོག་ཏུ་ཕན་པར་ཆ་འཇོག། ཞེ་དགུ་ཐོན་ནས་མ་ཕན་པར་ཆ་བཞག་ནས། ཞེ་དགུའི་ཐོག་ ཏུ་~~ཕན་མི་ཕན་འཛིན་~~དགེ་བ་སོང་འདུག་ན་དགེ་བ་གང་སོང་ ཐོན་གསུམ་གྱི་ཐོག་ཏུ་ཕན་ན་ངོ་བོ་རྩིས་ལ་སྟོང་ཕེབས་པ་ འདུག་ན་འང་ ། དགེ་བ་གང་འགྲོ་སྟོང་སྟེངས་ཐོན་གསུམ་ |
![]() |
༡༤༠ དུ་ཕན ། ཞོ་མལ་ཞོ་ཆེན་དུ་བཞག་རིན་དགུ་ཐག་རྩིས་པས་ དོན་དུ་སྟོང་དགེ་བ་སོ་སོར་སྤྲོད་དགོས་པས ། མིང་འདོགས་ ཀྱི་མི་བདག་ལག་དམར་གྱི་བློའི་ཁྲིད་ཕྱོགས་སམ། སྲོལ་རྒྱུན་ གྱི་ཁྱད་པར་ཡང་ཡིན་འདུག་ཅིང་ ། ཡང་ནག་ཆེ་ཆུང་ལ་མཛད་ པ་ཞིག་འདུག་ཀྱང་སྤྲོད་འཇལ་རྣམས་ཚར་བསྟུན་མི་སྣས་བཀའ་ ཁྲའི་རྒྱབ་ལ་ཆོད་ཡིག་གི་འདོམ་དགོས་ཏེ ། མདུན་གྱི་བཀའ་ ཁྲ་འདི་ནང་གི་སྤྲོད་འཇལ་སྒྲུབ་བླངས་གཙང་མར་གྲུབ་པས་ད་ཕྱིན་ ནས་ཁག་མེད་ཁག་འདོགས་ང་མིན་ཁོ་ཡིན་སོགས་སྙོག་མ་གཏིང་ སློང་བྱས་པར་ཤར་ན་གསེར་བསིལ་མའི་སྲང་འདི་སྒྲུབ་ཅེས་སོ་ སོའི་ཐེལ་རྩེ་བླངས། འདི་བཞིན་གྱི་མི་སྣ་ཆ་དཔང་འདི་བཞིན་ གྱི་ཐེལ་རྩེ་ཞེས་སྡོམ་དགོས་ཤིང་ ། ཡང་གཉེར་ཚང་རྫོང་ དཔོན་ལྟ་བུས་ཁྲ་མ་གཏོང་ན ། ལོ་ཟླ་ཚེས་གྲངས་འདི་ཞེས་ བྱ་བར་ཁྲ་མ་འདྲ་གཉིས་སུ་བཏང་དོན ། ཁྱེད་གཉིས་ལ་ འཁོན་རྩ་ཆེར་མེད་པར་བྱུར་ཆགས་ཀྱི་འདི་ཞེས་རྐྱེན་ལམ་དུ་ བཏང་འདུག་པ་ ། ཐོག་མར་ཁྲིམས་གོང་གི་སྐུ་རྒྱལ་འདི་ཞེས་ སྒྲུབ་པ་དང་ ། ལག་དམར་གྱི་ཁྲིམས་འདེགས་དྲན་འཛིན་ སྨར་གསེར་ཕྱེད་མའི་སྲང་གསུམ་སྒྲུབ་ཅིང་ ། དགེ་སྟོང་ |
![]() |
༡༤༡ གི་སྤྲོད་མཇལ་སྤང་བླངས་དགོས་པ་ཞེས་ཁྲིམས་སྲོལ་གང་ཡོད་ གོང་ལྟར་བྱེད་ཅིང་ཡང་བར་མི་བསམ་ཆེན་གྱི་ནང་སྡུམས་ལ་ ཁྲིམས་ས་ནས་དགོངས་པ་ཞུས་པའི་རིགས་ལ། དཔེར་ན་ ལོ་ཟླ་ཚེས་འདི་ལ་ཁྲ་ཆུང་འདྲ་གཉིས་སུ་བཏང་དོན་ ། རྐྱེན་འད་ དང་འདི་ཞེས་བྱུང་འདུག་ཚུལ་སོགས་རྒྱུ་མཚན་ཀྱང་ཕན་ཚུན་ བློ་ཁ་རྫོགས་ཐབས་རིགས་རིམ་རྒྱབ་ནས་ ། དེ་རྣམས་ཀྱི་ གསུང་རིགས་སྦྱངས་བཤད་ཁོག་ཏུ་མཐུས་པ་ཞུས ། སོ་ སོའི་དོན་དགོངས་བཞེས་གནང་དགོས། ཐོག་མར་ཁྲིམས་ སའི་ཞུ་འདེགས་ཟེར་བ་བྱས་ནས། སོ་སོ་ནས་མི་བསད་ ཆར་ཆེན་གྱི་སྐུ་རྒྱལ་སྟེང་དུ་ཆད་འགྲོས་ཀྱི་ཕྱེད་ཙམ་ཁོང་ རྩིས་པའི་ཚན་གྲངས་འདི་ཞེས་ཁྲིམས་སར་འབུལ་བ་དང་། དགེ་སྟོང་གི་སར་མ་བབས་ཁྲིམས་སྲོལ་གང་ཡོད་དང་ ། འདི་སྐབས་ལག་དམར་གྱི་མི་བདག་ལ་རྒྱལ་ཡུས་སྲང་གསུམ་ སྤྲོད་དགོས་ཤིང་ ། རོ་འོག་ཏུ་རྨས་ཟེར་ཀྱང་བར་གཟུ་ འདི་ལ་ ། འདས་པོས་ལག་དམར་ལ་རྨས་བཅོས་ན ། སྨས་ཚབ་ཆེ་ཆུང་གི་འཇལ་རྒྱལ་ཡུས་སྟེང་ནས་གཅོད་ཅིང ། ཚིག་འདྲ་མི་འདྲའི་བཤགས་བདེན་ཡུས་འདི་སྐབས་བྱེད་ |
![]() |
༡༤༢ སྲོལ་མེད་ཅིང་། སྤྲོད་འཇལ་ཞོ་ཐག་རྣམས་ནི་ཁྲིམས་སྲོལ་གང་ ཡོད་དགོས་པ་དང་། ཡང་ན་ཟླུམས་གཙང་མའི་ཁྲིམས་སར་ ཞུ་མ་ཐལ་བ་དང་ ། དགོངས་ལེན་མ་ཞུས་པར་ཡིན་ན་ ཐོག་མར་ཉན་ཡིག་བླངས་ཏེ ། དཔེར་ན་བར་མིའི་མང་བྱས་ ཏེ ། འདི་ཞེས་པ་ནང་པའམ ། ངེད་དོ་བདག་འདི་དང་འདི་ ཞེས་ཕན་ཚུན་མཐུན་གྲུབ་ཀྱི་ཉན་ཡིག་ཕུལ་དོན ། ད་ལམ་གྱི་བཟློས་ སྐོར་འདི་ལ་ཆེ་གཅོད་ཆུང་གཅོད་ཆེ་ཆུང་ཅི་འདྲ་ཞིག་གནང་སོང་ ཡང་། རེ་མཁངས་མདུན་བསྟན་ཕྱི་འགྲོས ། ཚེ་སྙན་ སྒུལ་བསྐྱོད་མི་བྱེད ། བྱས་པར་ཤར་ན་ཁྲིམས་བདག་ཞབས་ དྲུང་དུ་འབའ་གསེར་སྲང་འདི་བཞེས་སྒྲུབ་ཀྱི་ཉན་ཐེལ་དང་ ། སོ་སོའི་ཁག་ཁུར་བསྡུས་ཏེ ། ཁྲ་མའི་ཚིག་རིགས་དང་ གཞན་མ་གོང་འདྲ་ལ ། འདི་སྐབས་སུ་སྐུ་རྒྱལ་འདི་ལུང་ ཚན་གྱི་རྫོང་དཔོན་ནམ་སྐུ་ཚབ ། ཡང་ཕོ་བྲང་འོག་ཏུ་ ཡིན་ན་ཕྱག་མཛོད་འབུལ་ཞིང་། ལག་དམར་གྱི་མི་བདག་ ལ་རྒྱལ་ཡུས་སོགས་གོང་བཞིན་བྱས་ཏེ ། ཆོད་ཡིག་ སྐབས་འབའ་བསྡོམས། ནོར་གཏེ་མནའ་འཇོག་པ་ སོགས་ཇི་ལྟར་འོས་པ་བྱེད ། བར་པ་བསམ་ཆེན་ལ་ |
![]() |
༡༤༣ ཕྱོགས་ཕྱོགས་ནས་བར་པ་ཤགས་ཀྱི་དྲས་གདན་ཞེས་འདོད་ པའི་ཕྱོགས་ཕུལ་དང་། ལབ་རྒྱུ་དགོས་པ་ཡོང་ཡང་ ཕྱོགས་ཕྱོགས་ནས་བཀུར་སྟི་ཞབས་ཏོག་བཀའ་དྲིན་བསཾ་ ལུགས་ཁྲིམས་སར་ཐུག་ན་མི་སྣ་ཧོར་འདྲའི་འགྲོ་དགོས་ ནས་རྩིས་པ་སོ་སོ་ནས་བྱེད་དོ།། མི་བདག་མེད་རྐུན་བསད་ ཇག་པ་རྒྱ་འདྲེས་བསད་པ་ལ ། ཁྲིམས་ས་མི་བདག་གཙོ་ རྒན་གྱི་མི་བདག་བྱས་པའི་ཆད་པ་མི་བསད་དཔེ་འདྲེ་དང་ ། སྟོང་དགེ་ཐོག་ཏུ་སྒྲིལ་བའི་དགེ་འདུན ། ངག་སློང་སོགས་ ལ་དགེ་རྩར་འགྲོ་བ་བྱེད་དགོས་པས་ཁྲིམས་ལུགས་སུ་ འདུག་གོ། ༈ བཅུ་པ་རྨས་པ་ཁྲག་གི་ཞལ་ལྕེ་ནི ། སྔར་གྱི་ཁྲིམས་ ཡིག་རྙིང་པ་རྣམས་ལ་ ། མི་རབ་ཁྲག་ལ་ཐིག་ཞོ་དང་། མི་ཐ་ཁྲག་ལ་ཐིག་སེ་ཟེར་བ་འདུག་ནའང་། འདིར་མི་ དོད་མི་སྙོམས་པའི་འབངས་ཀྱི་གྱེན་སློག་ལྟ་བུ་འམ་རྨས་ པ་ལ་རྨས་ཚབ་ཆེ་ཆུང་གི་ཡིན་ལག་གི་སྟེང་དུ་རྩད་གཅོད། དཔོན་གཡོག་གི་སར་དཔོན་པོས་ལག་ཐལ་བ་ལ་རྨས་གསོས་ ལྷ་རྗེ་སོགས་ངོ་ཚ་ལ་སྤགས་པའི་བདག་རྐྱེན་བྱེད་ལུགས་ |
![]() |
༡༤༤ ཉེས་བྱས་ལ་སྤགས་པའི་བྱེད་པ་མ་གཏོགས་དཔོན་གཡོག་གི་ གོ་རིམས་ཀྱི་རྨས་འཇལ་གྱི་སྲོལ་མེད ། ཕན་ཚུན་འདྲ་ འོས་ཀྱི་སར་རྨས་འགྲམས་ལ ། སྔོར་རྨ་འོག་ཏུ་བཤགས་ དོར་ཟེར་བ་ཞིག་འདུག་ཀྱང་། དེས་ན་བདེན་པ་རྫུན་དུ་ འགྲོ་བ་འདུག་པས ། འདིར་བདེན་པ་གཙོ་བོར་བྱས་ནས་ མི་འོས་པའི་ལག་འཇོག་བྱས་པའི་རྐྱེན་ལ་མ་ཐེག་པའི་ཚུར་ ལག་སློག་པའི་རྨས་ལ་རྨས་གསོས་མ་གཏོགས་འཇལ་གཅོད་ མི་དགོས ། ཕན་ཚུན་གྱི་གྲི་འདོན་སྔ་མ་ལ་ཆད་པ་འོས་ རིས་དང་ ། མ་སྤམ་གྱི་བདེན་རྫུན་ཆད་འགྲོས་ཁྲིམས་ས་ ནས་བསྔགས་པའི་ཕན་ཚུན་རང་གི་སྐོར་ལ་ལུས་ཀྱི་གཉན་སར་ གསོད་གྲྭི་རྒྱབ་ན་རྨས་འཇལ་ཐོབ་ཐང་གི་སྟེང་དུ་གསོན་སྟོང་ སྨར་གསེར་གྱི་སྲང་གང ། ཕྱེད་སོགས་ཀྱི་འགྲོས་བདེན་ འབྲེལ་དང་མཚུངས་པར་བྱེད། སྨས་རང་གི་སྐོར་ལ་མི་ དྲུག་པའི་རིགས་ལ་གསོན་སྟོང་རྒྱལ་ཡུས་རྨས་གོས་ཁྲབ་གདན་ ཞེས་ ། རྨས་འཇལ་གསོན་པོའི་སྟོང་ནས་བཤས་པའི་ བཞི་ཟུར་སོགས་ཆ་ཆེ་ཆུང་གི་འགྲོས་རྨས་ཚབ་ཆེ་ཆུང་ལ་ དཔགས་པའི་གཅོད་པ་དང་། རྨས་གོས་ལ་གོས་གཟན་ |
![]() |
༡༤༥ གཡོག་དགོས་པ་དང་ཁྲག་གདན་ལ་འཕྱིང་པ་རྣམ་དཀར་སོགས་སྤྲོད་ དགོས་པའི་རྒྱུན་འདུག་ཀྱང་ ། ཕྱིས་མི་དྲག་པའི་རྨས་འགྲམས་ ཆེར་མི་ཡོང་ཞིང་། བྱུང་ཡང་སྐབས་བབས་བདེན་འབྲེལ་དང་ དང་བསྟུན་པ་བྱེད། ཟ་པ་འབྲིང་ལ་ཆ་བཞག་པའི་རྨས་ལ་ཉེས་ པ་ཆེ་ཆུང་བདེན་རྫུན་གཤེར་བའི་གཏན་ཚིག་གཞིར་བཞག་པ་ སོགས་གོང་གི་གཞི་ནས་བླངས་པའི་ ། ད་ལྟའི་ཡོངས་སུ་ གྲགས་པའི་མེ་ཞོ་དྲས་སྲང་ཞེས་མེ་ངུ་རྒྱབ་ལ་ཐོན་གསུམ་ ཡུལ་ཞོ་རེ་དང་ ། དྲས་ལ་ཡང་ཐོན་གསུམ་གྱི་སྲང་རེ་བྱེད་ པ་ཞིག་འདུག་པ་སྤྱི་ཙམ་དུ་དེ་ཁ་གོས་པ་འདུག་ཅིང་། ཞིབ་པར་ སྤྱད་ཀྱི་གྲངས་ཀྱང་ཚབ་ཆེ་ཆུང་ལ་དཔགས་པའི་སྲང་གྲངས་ མཐོ་དམན་བྱེད་དགོས་པ་དང་ ། རྨས་པ་ལ་ཡང་གཏིང་ གནད་ཆེ་བར་སྲང་དོ་གསུམ ། གཏིང་ནད་མེད་པའི་ཁ་ སོར་བཞི་ཆ་ལ་ཆ་བཞག་པར་སྲང་རེ་གཅོད་དགོས་པ་སོགས་ དེ་ཁའི་འགྲོས་ཤེས་སར་བྱེད་ཅིང་། དྲུས་པ་ལ་རུས་པ་ ཆེ་ཆུང་ལ་དཔགས་པའི་གསེར་དང་མཉམ་འདེགས་བྱེད་ ཟེར་བ་ཞིག་འདུག་ཀྱང་ ། དེ་རང་ཅུང་ཞིག་ནད་པ་གུས་ པར་འགྲོ་བསམ་པས་ ། རུས་པ་སྲན་མ་ཙམ་ལ་ཞོ་རེ་ |
![]() |
༡༥༦ བྱེད ། ཁྲག་ཤོར་ཆེ་བ་ལ་ཁྲག་གདན་སྣམ་པ་སྤེན་སྦུགས་སོགས་ སྐབས་དང་བསྟུན་པ་བྱེད་ ། དེ་ཁའི་ཐོག་ནས་བདེན་པ་རྨས་པོ་~~སོ་~~ལ་ མེད་ན ། རྨས་པོ་~~སོ་~~བདེན་པས་ཚན་གྲངས་ལྔ་ཚན་གསུམ་ཚན་ ཙམ་གཏོང་བ་མ་གཏོགས་འཇལ་ཐོག་ནས་མི་གཅོད། རྨས་མཉཾ་ བྱུང་བ་ལ་ ། དེ་ཁའི་ཕན་ཚུན་རྨས་འགྲམ་ཆེ་ཆུང་གི་འཇལ་གྱི་ སྤྱོད་སྒོ་རྩིས་འཐབ་རྨས་པོ་ལ་རྒྱག་མིས་ཞག་བདུན་ཁོངས་སུ་ རྩ་མ་ཁལ་གཅིག་ནས་དྲུག་གི་བར ། ལུག་ཤ་སྟོད་སྨད་ནས་ ཚག་པོ་སྟོད་སྨད་ཀྱི་བར ། མར་ཁལ་གཅིག ། ཆང་རྒྱུ་ སོགས་རྨས་ཚབ་ཆེ་ཆུང་ལ་དཔགས་པའི་སྤྲོད་པ་དང་། ལྷ་རྗེ་ ཚར་གཉིས་ཀྱི་བར་འབོད་ཅིང་ ། དེ་ཁའི་རིན་ལྟོ་ཆང་རྫོང་ང་ སོགས་ཀྱང་བབ་ཐོབ་ལྟར་བྱེད་དགོས་པ་རྨས་གསོས་མི་ལེན་ པ་ཀྱང་ཁྲིམས་ཡིག་ལ་མི་བཏུབ་ཅིང་། རྒྱག་མཁན་གྱི་རྨས་ གསོ་བའི་འདི་སྤྲོད་ལེན་བྱེད་དགོས་ ། འཇལ་གཅོད་ཀྱི་ སྐབས་རྨས་པོ་དང་ལྷ་རྗེའི་ལྟོ་རྫོངས་སོགས་འཇལ་ཐོག་ཏུ་འདབ་ཆོད་ དུ་རྩི་བ་ཁྲིམས་རྒྱུན་དུ་འདུག་པ་དང་། སོ་ཆག་སྐྲ་ཕྱི་བ་རྣམས་ལ་ དང་པོའི་ཁྲིམས་ཡིག་རྙིང་པ་རྣམས་ན་སོ་རྟ་སྐྲ་ལུག་ཟེར་བ་འདུག་ ཀྱང་ ། དེ་ཕྱིས་མི་དར་ཞིང་ ། སོ་ཆག་པ་ལ་གོང་གི་རུས་པའི་ |
![]() |
༡༤༧ ཆ་འགྲོས་ལས་ཆེ་ཙམ་བྱེད་པ་དང་། སྐྲ་ལན་བུའི་རྐང་གཉིས་ གསུམ་ཙམ་ལ་ཞོ་རེ་གཅོད་པ་སོགས་སྐབས་དང་བསྟུན ། དབང་པོའི་སྒོ་མིག་སོགས་དང་ ། ཡན་ལག་ཉིང་ལག་སོགས་ སྐྱོན་ཅན་དུ་བཏང་ན་ ། མི་དེ་ཁའི་ཁུང་སྟོང་གི་ཐོབ་ཆ་ནས་ རྩིས་པའི་བཞི་ཟུར ། གསུམ་ཟུར་ལྔ་ཟུར་སྤྱིར་དབང་པོ་ ཡན་ལག་གནངས་ཆེ་ཆུང་ལ་དཔགས་པའི་གཅོད་རྒྱུ་བྱེད་དགོས་ པ་ཡིན་ནོ།། ༈ བཅུ་གཅིག་པ་སྨྱོན་ཧམ་མནའ་དག་གི་ཞལ་ལྕེ་ནི ། ཡིན་ མིན་སྨྱོན་བྱུང་ན་མནའ་དག་བྱེད་དགོས་ཤིང་། མནའ་ཞེས་ པ་རང་ལུས་གདོང་གི་དྲང་པོར་གནས་པ་ལ་ ། སྣ་ཡོད་པའི་ དཔེ་དེར་བཞག་ནས་མནའ་ཀྱང་ཡིན་ཞིང་ ། ངོ་བོ་ཡེ་ཤེས་ ཀྱི་སྤྱན་དང་ལྡན་པ་རྣམས་དང་ ། རྫུ་འཕྲུལ་ཟག་བཅས་ཀྱི་ མངོན་ཤེས་ཡོད་པའི་བསྲུང་མ་དཔང་དུ་བཙུགས་ནས་ བདེན་རྫུན་འབྱེད་དགོས་པ་འདི་ལ་ ། མནའ་མི་བསྡུ་སྐབས་ ཁྲིམས་ཡིག་རྙིང་པ་རྣམས་ལ་ ། གསེར་བྱ་ངང་པ་རྙི་ལ་ མི་འཛིན ། དུག་སྦྲུལ་ནག་པོ་འཐུར་ལ་མ་རྒྱུགས ། ཕོ་རོགས་ནག་པོ་ལ་རྡོ་མ་རྒྱག ། ཁྱི་མོ་ཚང་མ་ལ་དབྱུག་ |
![]() |
༡༤༨ གསེར་བྱ་ངང་པའི་དོན་ནི ། བླ་མ་དང་དགེ་བའི་བཤེས་གཉེན་ ཡུལ་གཉན་པ་དང་། བཙུན་པ་ལ་མནའ་མེད་པས་མནའ་ མིར་མི་བསྡུ ། དུག་སྦྲུལ་ནག་པོ་སྔགས་པ་ནུས་ཅན་གྱི་ཐབས་ རྟེན་འབྲེལ་གྱི་སྒོ་ནས་མནའི་ཉེས་པ་སེལ་ནུས་པས་མནའ་ མིར་མི་བསྡུ ། ཕོ་རོག་ནག་པོ་ནི་ ། མི་ལྟོགས་ཧྲལ་ དང་རང་འདོད་ཅན་ལྟོ་གོས་དང་། རང་འདོད་ཀྱི་ཉེས་པ་དོར་ནས་ མནའ་ཟ་བས་མནའ་མིར་མི་བསྡུ ། ཁྱི་མོ་ཚང་མ་ནི་སྐྱེས་ དམན་རང་གི་འཛའ་འདོད་ཕྲུ་གུའི་ཕྱེད་དུ་མནའ་ཟ་བས་མནའ་ མིར་མི་བསྡུ ། གཡུ་ཆུང་དྲུག་དམར་ནི་བྱིས་པ་རྣམ་དབྱེ་ མ་ཕྱེད་པ་དང་། གླེན་ལྐུག་རྣམས་ཀྱི་མནའི་ཉེས་པ་དང་ སྤང་བླངས་མི་གོ་བས་མནའ་མིར་མི་བཟུང་ ། མནའ་མི་ ལག་འདོགས་ཀྱི་འོས་ཅི་འདྲ་ཞིག་དགོས་ན་ ། མི་དོན་ གཉིས་ཤེས་ཤིང་ཧ་གོ་བ ། དྲང་ཞིང་ཚད་པ་ལས་རྒྱུ་ འབྲས་རྩི་བ ། སྐྱེལ་དགག་ལ་དགྲ་ཡ་དང་ཁ་མཐུན་ པ་ཞིག་དགོས་ཤིང་ ། དེ་ལྟར་མ་རྙེད་ན ། མངོན་ སུམ་བདེན་རྫུན་སྟོན་པའི་རྡོ་སྣུམ་འདམ་བསྐོལ་ཆུ་ལ་སོགས་ |
![]() |
༡༤༩ བྱེད་དགོས་ཤིང་། འདི་རྣམས་ལ་བདེན་པ་ཡོད་མེད་རི་ཚིག་རྟེན་ འབྲེལ་ཆས་སོགས་གྱི་ཐོན་མི་ཐོན་ཡོང་བ་སྟེ ། བདེན་པ་གཙོ་ བོར་ཡིན་ཀྱང་རི་ཚིག་ཟུར་གྱི་ཡོན་ན་མི་ཐོན་པ་ནི ། བྱ་བ་ཆེ་ ཆུང་གང་ལ་ཡང་བསམ་པ་ལ་ཤར་རི་ཟེར་བ་བཅུག་ན ། མི་ནི་འགྱུ་བ་དང་། སེམས་འདི་ལ་གང་ཡང་འཆར་བས་ དཔེར་ན་དེས་མཚོན་པའི་རི་ཚིག་ཟུར་འགྲོས་ཀྱི་མནའ་ལ་ ཐོ་ཕོག་པའི་རི་ཚིག་མ་འཇུག ། རྟེན་འབྲེལ་གྱི་བདེན་པ་མེད་ པ་མེད་ཀྱང་ཐོན་པ་ནི་བསྲུང་བ་ཟབ་མོ་མན་ངག་སོགས་དང་ ། མི་དྲན་གསལ་གྱིས་གཞན་པ་ཞིག་གི་ཐོད་པ་མགོ་ཐོག་ཏུ་བཀབ་ ནས ། ཐོད་པ་འདིའི་འོག་ཏུ་འདི་འདྲ་ཞིག་མི་བྱེད་ཟེར་བ་ཞིག་ སྐྱལ་ནས་ཐོད་པ་དེ་བོར་ན་ ། དེའི་རྟེན་འབྲེལ་གྱི་ཐོན་པར་འགྲོ་ པ་སོགས་དཔེ་འདྲེ་བ་དང་ཆས་ཀྱི་སྒོ་ནས་མནའི་ཉེས་པ་ནི ། ལུས་གཅེར་བུ་ བྲང་ལ་གྲོད་པ་ཁྲག་གི་བསྐང་ནས་ཞལ་ཞལ་དུ་ཡོང་བར་བྱས། རྣམ་རྟོག་གི་རྗེས་ས་འབྲེང་ནས་མནའི་ཉེས་པ་ཡོང་བ་སོགས་ དེས་མཚུངས་ཤིང་ ། ཡང་རྣམ་རྟོག་མེད་ཅིང་བདེན་པས་ ཡུས་པ་ཞིག་ཡོད་ན ། གོང་གི་རྣམ་རྟོག་རྣམས་ཅི་ཡོད་ |
![]() |
༡༥༠ ཁོ་རང་གི་བདེན་པའི་ངོ་བོ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་ ། ཡེ་ཤེས་ཀྱི་ལྷ་ལ་བདེན་པ་བརྡར་དཔང་དུ་ཡེ་ཤེས་པ་བཞུགས་ པའི་གཟིགས་པས་བདེན་ཐོག་ཏུ་ཐོན་པ་ཀྱང་ཡོད་ནའང་ ། མི་བྱིངས་ཀྱི་རྣམ་རྟོག་ལང་བ་དང་ ། རྣམ་རྟོག་གི་རྗེས་སུ་ འཇུག་པ་པས། དེས་ན་ཁྲིམས་སའི་བར་པ་ཚད་མ་ཞིག་ བྱེད་དགོས་ཏེ ། དེ་ལ་ཐོག་མར་དགག་ཁྲ་ལྷ་དཔང་འདས་ མ་འོངས་ད་ལྟ་དུས་གསུམ་གྱི་བདེན་རྫུན་གཟིགས་པ་ཡེ་ ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་དང་ ། དེ་ཁའི་རྗེས་གཅོད་ ཅིང་ཡིན་མིན་གྱི་ཆད་པ་མྱུར་དུ་འབེབས་པར་འཇིག་རྟེན་གྱི་ ལྷ་དྲག་རྩལ་ཆེ་བ ། མནའ་སྐྱེལ་མཁན་རང་གི་ཕོ་ལྷ་ སོགས་དཔང་དུ་བཙུགས་ནས་མནའ་བྱེད་པ་གསེར་སྐྱེམས་ མནའ་ཆུ་སོགས་ཆས་སྒྲིགས་པ་དང་རྡོ་སྣུམ་འདམ་བསྐོལ་ ཆུ་ལྷག་སོགས་བྱེད་ན ། ལྷ་ཡོལ་ལྷ་གདན་མགར་བའི་ ཆས ། རྡོགས་གྲུམ་མེད་པ་ ། ཟངས་སམ་ལྕགས་ སླང་དུ་སྣུམ་གཙང་མ་ལག་མགོ་ནུབ་ཙམ་ ། རྡེའུ་དཀར་ ནག་ཞོ་བཏེག་གི་ཡང་ལྗི་མེད་པའི་ཐེབ་མགོ་ཙམ་གཉིས་ དང་ ། ཡང་འདམ་བསྐལ་ཆུ་ལག་བྱས་ན་ཁྲོའི་ནང་དུ་འདམ་ |
![]() |
༡༥༡ གར་སླ་ཞོ་ཙམ་ལག་མགོ་ནུབ་ཙམ་དང་། ཡང་ཆུ་སྙོག་མ་རྡེའུ་མི་་ ཐོང་བ་ལག་མགོ་ནུབ་ཙམ་སྒྲིགས་ནས་དེ་རྣམས་རི་ཚིག་ལ་ཕན་ ཚུན་བསྡུ་ཡང་བྱས། ཁྲིམས་ས་བར་པ་དབྱིངས་སུ་ཉེ་འགྱངས་ མེད་པར་སྡུད། རི་ཚིག་རྣམས་སོ་སོའི་འདོད་ཁ་དང་ཚིག་ཟུར་ གྱི་ངན་གཡོར་མ་སོང་བ་ཁྲ་མར་བཀོད ། ཐོག་མར་རི་ཚིག་ དག་དཀྲུས་བྱེད་མི་ངོས་ཕུད་ཡད་ན་དང་ ། ཡང་སྐྱེལ་དགག་ མ་འཆམ་ན་ཤོ་རྒྱག་བྱས་པའི་གོང་གི་ཁྲ་མའི་ཚིག་རིགས་ལ་ ཡོང་བ་ལྟར་ཐོབ་པོས་མནའ་བཟུ་འདེམས་པ་དང་ ། ཤོར་པོས་ སྐྱེལ་དགག་འདེམ་དགོས་པའི་ཤོ་ནང་དུ་གང་ཤར་གྱི་སྐྱེལ་ མཁན་དེ་ལ་མི་སྣེ་བར་པས་རི་ཚིག་ཚར་གསུམ་གྱི་བར་ལ་རྣ་བར་ སོན་པ་དང་། སེམས་ཡུལ་དུ་ངེས་པ་བསྒྲགས་དང་ ། འབྲུ་རེ་གཉིས་ནས་སྦྱངས་བཤད་གཏོང་ཞིང་དེ་ལ་ཐོན་པ་ཐག་ ཆོད་བྱུང་ན་མནའ་ས་མགོན་ཁང་གཞིས་བདག་གཉན་ས་ལ ། རྒྱལ་པོའི་སྐོར་ཁང་སོགས་སུ་ཁྲིད་ལ་སྐྲ་སྙིལ་བ་དང་གྲི་བསྲུང་ བ་སྟེང་གོས་འཇོག་པ་ ། ལུས་ཀྱི་སྟོད་གཅེར་བུ་བྱེད་པ་ སོགས་མི་དྲག་ཞན་དང་། དོན་འབྲས་འགངས་ཆེ་ཆུང་ སོགས་སྐབས་དང་བསྟུན་པ་བྱེད་ཅིང་། མནན་པ་ཆེ་ |
![]() |
༡༥༢ ཆུང་གང་ལའང་ལག་འདོགས་ཀྱི་སྟེང་ བ་ལས་སྤྲོས་པ་མནའ་ཆས་མི་དགོས། གསེར་སྐྱེམས་བཏང་ བདེན་པ་བརྡར་ནས་དགག་ཁྲ་ལ་ཐེལ་རྩེ་ཁོ་རང་གི་མཆིལ་མས་ རྒྱབ་སྟེ ། ལག་སྦྲེལ་དང་ལག་འདོགས་ཡོད་ན་ལག་དང་ བྱས ། ཡི་གེ་ཤེས་ན་རི་ཚིག་ཀློག་པ་དང་། ཡི་གེ་མ་ ཤེས་ན་ད་ལམ་རི་ཚིག་འདི་ནང་བཞིན་ཐོན་པ་དང་། འགལ་ བར་སོང་ན་འདི་ནང་གི་ཆད་པ་མངོན་སུམ་དུ་ཕབ་ཅེས་རི་ ཚིག་མགོ་ཐོག་ཏུ་ལེན ། ཡང་རྡོ་བྱེད་ན་རི་ཚིག་གོང་ གི་སྟེང་དུ་ད་ལམ་རྡོ་དཀྲུས་འདི་བདེན་པ་གཏན་ཚིག་ ~~གི་སྟེང་དུ་ད་ལམ་~~ཀྱི་སྒོ་ནས་བླངས་པ་མ་གཏོགས་ །ཐབས་ རྟེན་འབྲེལ་གྱི་སྒོ་ནས་བླངས་པ་ཡིན་རི་སྤར་ནས། རྡོ་ལེན་ མཁན་རྩེ་སྤྲོད་ཡིན་ན་སོ་སོར་གོང་གི་ཆས་རྣམས་བསྒྲིགས་ ནས་ཨ་ཡས་གསོལ་ཁ་བདེན་མར་བྱས། མགར་བས་ ཐབ་ཁ་སོ་སོར་བཅས་ནས་རྡོ་མེ་ཐུབ་འཛོག་པ་ཙམ་ཆེ་ཆུང་ མེད་པ་རེ་སྲེག ། རྡོ་ལེན་མིའི་ལག་པ་ཆུ་དང་འོ་མས་ལེགས་ པར་དཀྲུས་ལག་པའི་རྨེན་པ་སོགས་སྔར་གྱི་སྐྱོན་རྙིང་ པ་རྣམས་ལ་སྣག་རྟགས་རྒྱབ། རྡོ་~~རྒྱབ་~~སྐྱ་ཧྲིལ་མ་ |
![]() |
༡༥༣ སོང་བར་བསྲེགས་ནས་བཀབ་སླང་ནང་དུ་བཏོན་ནས་ས་ཡན་མེ་རོ་མེད་ པར་བཀྲབ ། དེ་ནས་བཀབ་སྡེར་དུ་སྟོན་ནས་གོང་བཞིན་ བྱས་ནས་ལེན་མཁན་གཉིས་ཀྱི་ལག་པར་ལྟད་ནས ། གོམ་པ་ གསུམ་མམ་བདུན་གྱི་བར་དུ་ཕར་སྒྲིལ་ཚུར་སྒྲིལ་བྱས་ནས་ གོམ་ཚད་ཀྱི་སར་འཇོག། རྡོ་མེ་ཐུབ་ངེས་ཐེངས་གསུམ་ གྱི་བར་དུ་མེ་དཀྱིལ་ནས་འཐོར་ན་བདེན་པ་ཡོད་པའི་ལེན་མི དགོས་ཀྱང་ཟེར ། དེ་ནས་ལག་པ་རས་ཀྱི་གཏུམས ། ཁྲིམས་སའི་དམ་ཕྲུག་གི་མནན ། ཞག་གསུམ་མམ་ བདུན་གྱི་བར་དུ་བཞག་སྟེ ། རྡོ་ཁ་ཕྱེ་བས་ཐོན་པ་རྣམས་ ལ་རྡོ་ལམ་ཞེས་པ་ལག་པའི་གུང་ལ་སེར་ཐལ་ཙམ་རེ་ཡོང་ ཞིང་ ། གཞན་མ་སྐྱོན་མེད་དུ་འདུག་ན་གཙང་མར་ཐོན་པ་ དང་ ། ཆུ་བུར་སྲན་མ་ཙམ་ཞིག་བྱུང་ན་ཕྲན་བུའི་སྐྱོན་ ཡོད་པས་ ། ཐོན་མ་ཐོན་ཕྱེད་མར་བྱེད ། གསུམ་ཤར་ ཚེ་མ་ཐོན་པར་འགྲོ ། སྔར་གྱི་སྣག་བརྟགས་རྒྱབ་པའི་ སྐྱོན་རྙིང་པ་རྣམས་འདིར་མི་རྩི་བ་སོགས་ཞིབ་ཆུག་པར་ བྱས་ཏེ་བདེན་རྫུན་འབྱེད ། ལྷ་ཡོལ་ལྷ་གདན་ཨ་ ཏའི་ཟ་གོ་དང་། བཀྲབ་སླང་བཀྲབ་སྡེར་མགར་བའི་ |
![]() |
༡༥༤ ཟ་གོར་གཅོད ། སྣུམ་བྱེད་པར་ཤར་ན་རི་ཚིག་གོང་དང་འདྲ་བ་ ལ་ ། ཚིག་གི་འདོན་ཆ་བསྒྱུར་བའི་གོང་བཞིན་ཞིབ་པར་ བྱས་ནས་ ། གཞུང་གི་དགོངས་ཚོམ་དག་བཀྲུས་ལ་། སྣུམ་སྣུམ་སྣོད་གཉེར་ནས་གནང་། རྩེ་སྤྲོད་ལ་སོ་སོ་རང་ ནས་བསྒྲིགས་ཅིང་ ། ཡང་ཡོ་གལ་གྱི་གཅིག་གི་ལེན་ན་ སྣུམ་སྣུམ་སྣོད་སྤྲོད་མཁན་གྱི་ཐབས་ཐོབ་ཡིན་ཀྱང་ ། ངན་ བྱེད་བྱུང་ པར་འདུག་ཅིང་ ། དེའི་དོད་སྤྲོད་མཁན་གྱི་མི་སྣ་ལ་བབས་ ཐོག་ཏུ་སྤྲོད་ལེན་སྐབས་ལེན་མིའི་ལག་པ་བཀྲུས་དགག་ ཁྲ་སློག་ལུགས་ཐེལ་རྩེ་རྒྱ རྡེའུ་དཀར་ནག་སྣུམ་བཀོལ་ཐག་ཆོད་པའི་ཚད་ནས་སྐྱུར་ ནས་གས་འགྲོ་བར་ཆ་བཞག ། བགག་ཁྲི་མགོ་ཐོག་ཏུ་ ཁྱེར་ལག་པ་བཀྲུས་པས་རྡེའུ་གང་བྱུང་གཅིག་ཁྱེར ། ཐོན་ ངེས་ན་སྣུམ་འཇམ་ཞིང་དངས་པ་རྡེའུ་དཀར་པོ་ལག་ཏུ་སྤྲོད་ཅིང ། རྡེའུའི་ཤུལ་མ་གཏོགས་སྐྱོན་མི་ཡོང་ཞིང་ ། མི་ཐོན་ན་ སྣུམ་ལུད་པ་དང་མེ་འབར་བ་སོགས་བྱེད་ཅིང་དཀྲུགས་པས་ རྡེའུ་ནག་པོ་ལག་ཏུ་སྤྲོད་པ་དང་། ལག་པར་ཆུ་བུར་རྒྱབ་ |
![]() |
༡༥༥ པ་དང་ཚིག་འགྲོ་བ་སོགས་མི་རུང་བ་ཡོང་ཞིང་། ལག་སྐྱོན་བྱུང་ན་ རྡེའུ་དཀར་པོ་ལོན་ན ། ཐོན་མ་ཐོན་ཆ་ཕྱེད་དུ་ཡོད་པའི་རྟགས་ཡིན་ཀྱང་། དེང་སང་དུས་སྣུམ་ཐོན་པའི་གྲལ་དུ་མཛད་ཀྱི་འདུག་པས་དེ་ག་བཞིམ་ བྱེད་དགོས། ཡང་རྡེའུ་མེད་པར་སྣུམ་འཛུམ་མོས་དཀྲུས་ནས་ སྐྱོན་བྱུང་མ་བྱུང་རྟགས་པ་བྱེད་པ་ཞིག་འདུག་པས། དོན་འབྲས་ འགངས་ཆེ་ཆུང་ལ་དཔག་པའི་དེས་ཀྱང་བྱེད་ཅིང་། ལྕགས་ན་ གདམས་ངག་བཞིན་འགྲོ་བས་ན་ཕྱིས་བྱེད་མཁན་ཆེར་མི་ཡོང་། བྱེད་ཀྱང་རི་ཚིག་སོགས་བྱེད་ལུགས་རྡོ་དང་འདྲ་བ་ལེན་པ་དང་ ། འདུག་པར་བྱས་པའི་སྐྱོན་བྱུང་མ་བྱུང་ལ་རྟགས་པ་བྱེད ། འདམ་ཆུ་སོགས་བསྐོལ་བའི་རྡེའུ་འཇུག་པ་སོགས་བྱེད་ལུགས་ སྣུམ་དང་འདྲ་བ་ཡིན་ནོ།། ༈ བཅུ་གཉིས་པ་རྐུས་པ་འཇལ་གྱི་ཞལ་ལྕེ་ནི ། པོའི་ཁྲི་འཇལ ། དཀོན་མཆོག་གི་བརྒྱད་དུ་འཇལ ། མཉམ་ པོའི་བདུན་འགྱུར་ངོས་བརྒྱད ། བརྒྱད་འཇལ་ངོས་དགུ་སྐྱིན་ ཁྲིད་ཚབ་གསུམ། རྐུན་ཤས་ཁྱིས་ཁྱེར ། ངོ་ཚ་སྤྲོད་ རིན་སོགས་རྣམ་གྲངས་མང་བར་འདུག་པར་བཙན་པོ་ནི ། དཔོན་པོའི་ལུང་པའི་གཙོ་བོ་ ། ཡུལ་གྱི་མིག་དཔོན་ལ་ |
![]() |
༡༥༦ ཆ་བཞག་པ་ཡིན་ཞིང་། དཀོན་མཆོག་ནི ། བླ་མ་དགེ་འདུན་ གྱི་རྫས་ལྷ་ཁང་གི་རྟེན་མཆོད་ཆ་ལ་སོགས་པའོ།། ཡུལ་པ་མ་ སེར་འདྲ་བ་མཉཾ་ཉེ་ལམ་གྱི་ས་ནས་ ། རྐུས་པ་ལ་བདུན་འགྱུར་ ངོས་བརྒྱད། ཁྱིམ་ཚེས་ཡུལ་ཚེས་རྐུས་པ་ལ་བརྒྱད་འཇལ་ ངོས་དགུ ། ཐག་རིང་མི་ལོག་གི་རྐུས་པ་ལ་སྐྱེས་ཁྲིད་ཚབ་ གསུམ ། འདི་རྣམས་ལ་འཇལ་དང་བསྟུན་པའི་ཆད་འགྲོས་ ཀྱང་ཐོབ་ཅིང་གླེན་ལྐུག་བསམ་མཐའ་ཁོབ་སྐད་རིགས་མི་ གཅིག་པ་ཡུལ་འཁྱར་ནས་ལྟོགས་པའི་མ་བཟོད་པ་ལ་ངོ་ཚ་ སྤྲད་རིན་ཟེར ། ལྟོ་གོས་ཀྱི་མཐུན་རྐྱེན་སྟེར་དགོས་པ་དང་ ཡང་མ་རྐུས་པར་རྐུས་ཁག་བྱུང་ནས་བཙུགས་པ་ལ་ ། བརྐུས་ རབ་བཙུགས་རབ་ཟེར་ཆད་པ་ཙམ་མ་གཏོགས་ ། བརྐུས་ པ་དང་ཁྱད་མེད་པའི་འཇལ་འཛུགས་མཁན་ལ་འཁྲི་ཤིང་། ཡང་སྙེད་ཉེས་པ་དང་། བརྐུས་ལེགས་པར་ཟེར ། སྙེད་ པ་སྦེད་བློ་བྱས་པ ། གཞན་དུ་བཙུགས་པ་དང་ཧམ་པས་ སྙོན་པ་སོགས་ལ་སྐྱིན་ཚབ་ཀྱི་འཇལ་གཅོད་དགོས་ཤིང་། བརྐུས་ཤ་ཁྱིས་ཁྱེར་བ་ནི། རྐུས་མས་ཁྱེར་བ་གཞན་ གྱིས་འཕྲོག་པ་ནོར་བདག་ལ་སྤྲོད་པ་རྔན་པ་ཟོག་གི་ཕྱེད་ |
![]() |
༡༥༧ སྤྱོད ། སྙེད་པ་ཚོང་འདུས་སམ་~~ཚེ་~~འདུ་ས་ཆེ་སར་གཏམ་སྒྲགས་ སྙེད་ཟེར་བ་ལ་ཟོག་གི་སུམ་ཟུར་རྔན་པར་སྤྲོད ། སྙེད་པ་ཟོན་མེད་དུ་ བཞག་ནས་རྟ་བོང་ལ་སྒ་མི་རྒྱག ། ར་ལུག་ལ་སྤུ་མ་དྲག་པར་ ལོ་འཁོར་ནས་སྤྲད་པ་ལ་དངོས་པོའི་བཞི་ཟུར ། གཞན་མ་ སྐྱེད་པ་དཀྱུས་མ་རྣམས་རྔན་པའི་སྟེར་ལུགས་ལྟོ་སྟེར་ཆང་ སྟེར་ཁྲིམས་དང་མཐུན་པར་བྱེད་ཅིང་། རྐུན་མ་རྨས་པ་ལ་ འཇལ་མི་དགོས། རྐུས་རྒྱང་མདས་རྒྱང་མདའ་རྒྱ་རྡོས་ བསད་པ་ལ་སྟོང་ཟོང་ནག་གི་སྦད་གཅོད་སྟོང་གཞུག་རླུང་ཁྱེར་ སོགས་ཤིན་ཏུ་ཟོང་བ་མ་གཏོགས་དགེ་བ་མི་དགོས། རྐུན་མ་ ལ་ཟུང་བསད་བྱས་ན་དགེ་སྟོང་ཁྲིམས་མཐུན་སྤྲོད་དགོས ། རྐུན་མ་བཙོན་དུ་བཟུང་བ་ལ་སྲོག་རིན་སྲང་ལྔ་ནས་གཅིག་གི་ བར་སྣང་ ། ཆེ་ཆུང་གི་ལེན་པ་སྐབས་དང་བསྟུན་པའོ།། ༈ བཅུ་གསུམ་པ་ཉེ་འབྲེལ་འདུམ་གྱི་ཞལ་ལྕེ་ནི ། དཔེར་ ན་བཟའ་ཚོ་དགའ་འདུས་ཀྱི་བྱས་པ་དང་། བར་མི་བཅུག་ ནས་བྱས་པ་སོགས་དང་སྐྱིད་སྡུག་བསྲེས་པ་གང་ལ་ཡང་། ཐོག་མའི་ཁ་དན་གྱི་རིགས་དང་འབྲེལ་དགོས་པའི་རྐྱེན་ཁའ་ རྩ་བ་ནས་ཞིབ་ཏུ་དཔྱད་པའི་བདེན་པ་གཙོ་བོར་བཞག་དགོས་ |
![]() |
༡༥༨ ཤིང་ ། དེ་ལ་དང་པོའི་ཁྲིམས་ཡིག་རྙིང་པ་རྣམས་ན་ཕོ་སྐྱུར་ ཞོ་བརྒྱད་སྟག་གི་བྱ་རུ་ཅན ། མོ་སྐྱུར་ཞོ་བཅུ་གཉིས་གཟིག་གི་ ཐིག་ལེ་ཅན་ཞེས་པ་འདུག་པ་ངོ་བོ་གོང་གི་བདེན་པ་ཕོ་ཆེ་ན་ སྐྱུར་མོས་ཐོན་གསུམ་གྱི་ཞོ་བཅོ་བརྒྱད ། བདེན་ཡུས་ལུས་ གང་སྤྲོད་པ་དང་། གོས་གཟན་ཙམ་གཡོག་དགོས་པ ། ཆེ་ བ་ལ་གསོན་སྟོང་བསྒྲིགས་པ ། ཆུང་མལ་གསུམ་ཚན་ གཏོང་བ་སོགས་བདེན་པ་ཆེ་ཆུང་ལ་དཔགས་པའི་སྤྲོད་ འཇལ་བྱེད་ས ། བདེན་པ་མོ་ཆེ་ན་ཕོས་སྐྱུར་ཆ་ཞོ་བཅིུས་ དང་གཡོག་སླ་ཟད་འཐུད་རྩིས་ཉིན་སླ་བྲེ་གསུམ ། མཚན་ སླ་བྲེ་གསུམ། ཡང་ཉིན་སླ་སེ་བ་རེ་དང་། མཚན་སླ་ བྲེ་གསུམ་མའི་ཆ་ཆེ་ཆུང་མིའི་ཁུངས་དང་འགངས་ཆེ་ཆུང་ ལ་དཔགས་པ་བྱེད། ཟད་འཐུད་མོ་རང་སྡོད་རིན་ཕ་མིང་ གི་སྦྱིན་པའི་གོས་བཟན་གང་ཟད་ཀྱི་ཁུངས་སྒྲིགས་། ཕོ་ ནོར་མོ་ནོར་ཞེས་བདེན་པ་ལ་མ་ལྟོས་པའི་ཕ་མིང་གི་བཏགས་ པ་མོ་ལ་འཇགས་པ་དང་། ཁྱོ་ཕོས་བཏགས་པ་ཁྱོ་ཕོ་ རང་ལ་སྤྲོད་པ་ཀུན་ལ་བྱེད་ཅིང་། མོ་བདེན་པ་ཆེ་ཡང་ ཁྱོ་པོས་བདེན་ཡུས་ཀྱི་མིང་དུ་བཏགས་པ་མོ་ལ་སྤྲོད་མི་ |
![]() |
༡༥༩ དགོས་ཀྱང་ཕྲུ་གུས་འབྲེལ་ན་བུ་ཕས་བདག་བྱེད་པ་དང་ ། བུ་མོ་མས་བདག་གསོ་དགོས་པ་སོགས་བུ་ལ་ནུ་རིན་ཞོ་ གྲངས་སུ་འགངས་ཆེ་ཆུང་ལ་དཔགས་པའི་གཅོད་པ་དང་། བུ་མོ་ལ་ལྟོ་སྐལ་གཅོད་པ་དང་། མ་ལ་ལྟོ་སྐལ་ས་ ཞིང་ཁང་བཏགས་པའི་ལུས་ཆས་འཇགས་པ་སོགས་ བྱེད་ལུགས་སྐབས་དང་བསྟུན་པར་བྱའོ།། ཡང་སྤུན་ ཕ་བུ་ནང་ཚང་གི་འབྲེལ་འདུམ་ལ་ཕྱོགསུ་མི་ངོ་མང་ཉུང་ ལ་དམགས་པའི་སྐྱེས་རྒྱལ་སྐལ་བའི་བཞི་ཟུར་ཙམ་འགྲོས་ སྐྱེ་དམན་ལ་ཕྱེ་ནས། མི་མགོ་ཐལ་ཤས་ཀྱི་ས་ཁང་ནོར་ རྫ་ས་ཡང་ཡོད་བགོད་ཁྲ་བསྙོམས་པར་བྱས། ཕ་དང་ མ་ལ་རྒན་རྒོན་ལ་འདམ་ག་གཏོང་གཞན་མ་ཤོ་རྒྱབ་འདམ་ རེས་སོགས་གང་རུང་བདེན་མགོ་དང་བསྟུན་པ་བྱེད ། ཡང་བུ་མོ་ཁྱིམ་དུ་འགྲོ་རྒྱུ་ཡོད་ན་སྐལ་རྫོང་གང་ཐོབ་ ལུང་སྲོལ་ལྟར་སྤྱི་ཐོག་ནས་འཇོག ། ཡང་བཙུན་མ་ཡོད་ན་ཐབ་ ཆས་ཞིང་སྐལ་ལམ་ ། ཆོས་རྒྱག་སྐྱེལ་དགོས། གོས་གཟན་ བཅོ་དགོས་སོགས་དབྱེ་བ་འབྱེད། བཙུན་པ་ལ་ཡང་དེ་དང་ མཚུངས་པའི་རྒྱ་སྤང་རིགས་པས་སྤྱད་ནས་འབྱེད་དགོས་ཤིང་། |
![]() |
༡༦༠ ཡང་ཏིག་རུས་མི་གཅིག་པ་སྐྱིད་སྡུག་མཉམ་དུ་ཚོགས་ནས་ སླར་བྲལ་བ་ལ་ ། ཚོགས་དུས་ཀྱི་རྒྱུ་ཆེ་ཆུང་དང་བཅས་པ་ རྩ་བ་ཡིན། མི་བདེན་པ་ཆེ་ཆུང་སོགས་ཀྱི་སྒོ་ནས་བདེན་ ཐོག་འཁེལ་བའི་གཅོད་རྒྱ་བྱེད་དགོས་པ་ཡིན་ནོ།། ༈ བཅུ་བཞི་པ་བྱི་བྱས་བྱི་རིན་གྱི་ཞལ་ལྕེ་ནི ། སྔོན་གྱི་ཆོས་རྒྱལ་གྱི་ཁྲིམས་ཡིག་རྣམས་ན ། བྱི་བྱས་ པའི་ཡན་ལག་གི་བྲན་གཅོད་ནས་ཡུལ་གཞན་དུ་བཅུག་པ་ ཞེས་འདུག་ཀྱང་ ། འདི་ནི་བླ་མ་དཔོན་པོ་སོགས་ཀྱི་ བཙུན་མོ་ལ་མི་འོས་པའི་བྱི་བྱས་ན་དེའི་ནག་ཏུ་གཅོད་ཟེར་ བའི་ཚིག་དོན་ཡིན་ཞིང་། གཞན་མ་རང་བཞིན་གཅོད་རྒྱ་ བྱེད་པ་ལ་ཁྲིམས་ཡིག་རྙིང་པ་འགའ་ཞིག་ཏུ་ ། རླིག་ཞོ་ སྤོག་སྲང་གྲ་ལུག་རྩེ་དར་ཁྱབ་རྟ་ཞོལ་གཡག་ཅེས་ཟེར་བ་ འདུག་ནའང་ ། འདིར ཁུངས་མི་སྙོམས་པའི་བྱི་འཇལ་སྲང་གསུམ་དང་ ། གསོན་སྟོང་གི་ཁུང་གི་བཞི་ཟུར ། རྒྱལ་ཡུས་ཇ་བར་ཏུམ་ གྱི་བཙོས་པའི་ལྔ་ཚན་བྱེད ། ཁུངས་འདྲ་བ་ལ་ཁྲིམས་ མེད་ཀྱི་བྱ་བ་བྱས་ན་བྱི་འཇལ་གསོན་སྟོང་སོགས་ཀྱི་་་ |
![]() |
༡༦༡ |
![]() |
༡༦༢ བསྡོམས་པར་སྲང་གསུམ་ནས་དོའི་བར་དང་ ། རྒྱལ་ཡུས་གོས་ བཟན་གྱི་བཙོས་པའི་བདུན་ཚན་ལྔ་ཚན་གང་རུང་། སྐྱེས་དམན་ གྱི་འགེབས་བྱས་ན་བྱི་འཇལ་སྲང་གང་དང་། རྒྱལ་ཡུས་དཀར་ ཡོལ་གྱི་བཙོས་པའི་གསུམ་ཚན་ཙམ་མ་གཏོགས་གསོན་ སྟོང་གི་མིང་མི་དགོས། བཙུན་མ་ཕབ་པར་དགོན་པའི་ སྒྲིགས་བཅའ་ཡིག་བཞིན་གང་ཡོད་བྱེད། ཡང་བདག་ ཅན་གྱི་ཁྱོ་ག་ཁྱིམ་མཚེས་ཀྱི་སྐྱེས་དམན་སླད་ཐབས་བྱས་ ནས་། སྐྱེས་དམན་བདག་ཅན་མོ་རང་ལ་རྒྱལ་ཡུས་ ཇ་བར་ཏུམ་གྱི་བཙོས་པའི་བདུན་ཚན ། དཀར་ཡོལ་གྱི་ བཙོས་པའི་ལྔ་ཚན་སོགས་གནམ་སྤང་ཆེ་ཆུང་ལ་དཔག་ པའི་གཅོད་རྒྱ་བྱེད་ཅིང་ ། ཡང་བྱེས་སམ་ཐེངས་རེ་གཉིས་ ཀྱི་ཁྱོ་གས་བཀབ་པའི་འཛེམ་ཆའི་རིགས་ལ་རྒྱལ་ཡུས་ སོགས་སྤྲོད་མི་དགོས་པ་ཡིན་ནོ། ། ༈ བཅོ་ལྔ་ནམ་ཕར་ཚུར་གྱི་ཞལ་ལྕེ་ནི ། དཔེར་ན་སེམས་ ཅན་རྟ་དྲེལ་མཛོ་གཡག་སོགས་གང་རུང་གཅིག་མི་ གཅིག་གི་གཡར་ན་ ། གཡར་མཁན་གྱི་ལག་ཏུ་ཤི་ ན་ཟི་ཁུགས་ཀྱི་རིན་འཇལ་བ་དང་། སྐྱོན་མེད་དུ་འཕྲོད་ |
![]() |
༡༦༣ ནས་ཞག་ལོན་ནས་ཤི་ན་གཡར་མཁན་ལ་ཁག་དཀྲི་ས་མེད་ པ་དང་། ཡང་སྐྱོན་མེད་དུ་འཕྲོད་ནས་ནམ་ཕྱེད་ཚུན་ལ་ ཤི་ན་གཡར་མཁན་གྱི་རིན་སྤྲོད་དགོས་པ་དང་། ནམ་ཕྱེད་ ཕན་ལ་ཤི་ན་ནོར་བདག་གི་རིན་གྱི་རྩོད་གླེང་མི་བྱེད་པ་རྣམས་ སྔོན་གྱི་ཁྲིམས་ཡིག་རྙིང་པ་རྣམས་ནའང་འདུག་ཅིང་ ། ད་ལྟ་ ཡང་དེ་ཁ་བྱེད་དགོས་པ་དང་ ། དཔེར་ན་རྒལ་རྨ་སོགས་ཀྱི་ རྐྱེན་རྩ་ལ་བརྟེན་ནས་ཤི་བ་བྱུང་ན ། རྐྱེན་རྩ་ཆེ་ཆུང་གི་ཆ་ ཤས་སྤྲོད་ཅིང་། དཔེ་དེས་མཚུངས་པའི་གཡར་པོ་ཐམས་ ཅད་དཔེ་འདྲ་བྱེད་དགོས་པ་ཡིན ། ཚོང་འདུས་ཀྱི་རྟ་ལེ་ ཟེར་བར་ཟན་འདི་ཡང་ཁྲིམས་བཙན་པོ་ཞིག་འདུག་པས་ ཐམས་ཅད་ཀྱི་ལུང་སྲོལ་ལྟར་འཁུར་དགོས་ཤིང་ ། གནས་ པོ་བར་པས་ཀྱང་བྲེ་ལོག་སྲང་ལོག་འཛུག་པས་གཞི་བདག་ སྐོར་བ་སོགས་ལ་དངོས་པོའི་རིན་གྱི་གསུམ་ཟུར་གནས་ པོས་འཇལ ། ཤ་མིན་ཟོག་མིན་བཙོངས་པ་ལ་དངོས་ པོ་ཚད་ལྡན་གྱི་རིན་ཚོང་ཡ་ལ་སློག་ཅིང་ ། ཁྲིམས་པའི་ ཆད་འགྲོས་ཞག་དུ་སོང་གི་ཚོང་སློག་པ་ལ་དངོས་པོ་ ཁལ་ཉི་ཤུ་རི་བ་ལ་བཞི་སློག ། མི་འོས་པའི་བཅོས་ |
![]() |
༡༦༤ སླད་ཅན་ལ་ཚོང་ཐག་ཆོད་ཀྱང་ཚོང་སློག་པ་ལ་ཚོང་སློག་མི་དགོས། རྩིས་སློག་ལོ་འཁོར་ཀྱང་གནས་པོས་བསྡོམས་པའི་སླར་ རྩིས་བསྡུར་དགོས ། གཞན་ཡང་སྣ་ཚོགས་ས་ལ ། ཚེར་ མ་ཤིང་བཟན་སོགས་ལ་མེ་རྒྱབ་ན ། ཉེས་ཆད་གོང་བཞིན་ འགྲོས་དགོས་པ་གཞིར་བཅས་ཤིང་། བདག་པོ་ལ་དེ་ ཁའི་ཚབ་འབུན་འགྲོས་སུ་བསྒྲིགས་པ་དང་ ། རྒྱལ་ཡུས་ འོས་འགབ་ཏུ་གཏོང་བ་དང་། ཡང་དབྱར་གྱི་དུས་ཞིང་ལ་ བསམ་ངན་གྱི་ཆུ་གཏོང་བ་སྡོ་རས་བྱེད་པ་སེམས་ཅན་གཏོང་བ་སོགས་ བྱས་ན་གོང་དུ་ཆད་འགྲོས་གཞིར་བཅས་ཤིང་ ། བདག་པོ་ལ་དེ་ ཁའི་སྟོན་ཐོག་གི་ཁུངས་སྒྲིགས་པ་དང་། རྨོས་ཁྲོལ་ས་བོན་གྱི་ ཚབ་སྤྲོད་པ་སོགས་སྐབས་དང་བསྟུན་པར་བྱེད། ཡང་རྩྭ་ རིགས་བདག་ཐོབ་མཐོ་མཚམས་ནས་སེམས་ཅན་རྩ་ཟ་རྙེད་ཆེར་ ལྟད་དུ་བྱས་ནས་ ། མཐོ་ཁོངས་སུ་གང་སླེབས་ཀྱི་སེམས་ ཅན་གཅུས་གཏོང་བ་དང་། སྔོར་གྱི་ཡིག་དན་ཡོད་ན་འབའ་ སེལ་ཙམ་འགེལ་བ་སོགས་བདེན་ཡུས་ཀྱི་དཔགས་པ་བྱེད་ ། ཡང་ཤེད་མ་ཆུག་པའི་སེམས་ཅན་ཤོར་བ་རྣམས་ལ་སྤྲོད་འཇལ་ བྱེད་མི་དགོས་སོ།། |
![]() |
༡༦༥ ༈ བཅུ་དྲུག་པ་ཀླ་ཀློ་མཐའ་ཁོབ་ཀྱི་ཞལ་ལྕེ་ནི ། ལྷོ་མོན་ཧོར་སོག་རྣམས་ལ་དར་ཞིང་། དེ་ཡང་ལྷོ་མོན་ཀླ་ ཀློ་ཁོ་ནར་སོང་བས། གླེན་ཞིང་ལྐུགས་པས་ཁྲིམས་ཆེར་ མི་དར་ཞིང་། གི་རྣམ་དབྱེ་ཙམ་ལས་གཞན་མ་འདིར་མ་བྲིས་ཤིང་ ། ཧོར་ སོག་གི་ཁྲིམས་དམ་པ་གཅིག་ལ་ཨེ་ཕྱི་ཞེས་གཞུང་ཆེན་པོའི་ མི་སྣ་གསེར་ཡིག་ལ ། སྣེའུ་ལ་ཤུ་སུ་སྤྲོད་ཅེས་རང་གཞན་ གྱི་སྡེ་གང་དུ་སླེབས་ཀྱང་རྟ་འུལ་གང་དགོས་རྟ་ཁྱུ་ནས་ཟིན་ཆོག་ པ་དང་། ཞག་འཕོག་གྲོ་ཁ་ཚུགས་གང་དུ་བབས་ཀྱང་ གཞོན་མ་དང་འགེལ་པ་ཕུད་ནོར་ལུག་ཁྱུ་ནས་མི་མང་ཉུང་ གི་ཟ་ཚོད་ཟུང་ཆོག་ཅིང་ ། ནང་ཁྲོལ་མགོ་ལྤགས་མི་འཁྱེར་ ནང་འཐབ་བྱུང་ན་འཇོག་ཐོབ་དང་གར་བ་ལ་ལྕགས་སྐོར་རྒྱག་ རེས ། དེ་བས་གར་བ་རྟ་ཐོག་ཏུ་ནས་གཞུ་སྟོང་ཐེངས་ འགེངས ། རྟའི་ཁ་སྐོར་ཕར་ཤུར་ཚུར་ཤུར་བྱེད་པ་ཙམ་ མ་གཏོགས་གྲི་མི་འདོན ། མདའ་མི་རྒྱག་ ། གྲི་བཏོན་ ཡ་ལ་རྟ་འཕྲོག ། མདའ་སྟོན་ན་གཞུ་འཕྲུག་པ ། རྒྱབ་ པར་སོང་ན་རྟ་ལེན་ནོ།། རྨས་ན་རྟ་ཁྲབ་བླངས་ཏེ་ཁྲབ་དཔོན་ |
![]() |
༡༦༦ གྱི་ལེན ། རྟ་རྨས་པ་ལ་སྤྲོད། བསད་པ་རྣམས་ལ་མོན་རུ་ མི་འབྲིང་ལ་གཡུ་མིག་བརྒྱད་ཅུ་མ་ཟེར ། གཡུ་མིག་རེ་ལ་ གླང་རེའི་ཐག་བྱས་ནས་བ་གླང་བརྒྱད་ཅུ་རེ་སྤྲོད་པ་སོགས་ འདུག་ཅིང་ ། ཧོར་ལ་མཛོ་མལ་དྲུག་ཅུ་རེས་མི་འབྲིང་ སྟོང་བྱས་ནས ། མཛོ་མལ་རེ་ལ་འབྲི་ཁལ་ཞེས་འབྲི་གཞོན་ པ་རེ་གཡག་འགེལ་པ་རེ་བྱེད་ཀྱི་འདུག ། བོད་སྨར་ཞོ་འབེབས་ ཀྱི་ཚབ་ལ་གསུམ་སྤྲོད་བྱེད། སྙིང་གནོན་གྱི་ཚབ་ལ་ལག་ དམར་གྱི་བུ་མོ་གཉེན་སྡེབས་ནས་ལེན་འདྲ་མཉམ་ལ་ནོར་ལུག་ གང་འོས་ ། དེ་བས་ཆེ་བའི་རྐུན་མ་ལ་འཁོལ་མོ་ཁ་བཏགས་ཟེར ། ནོར་གང་ཡོད་ཀྱི་ཕྱེད་བླངས་ནས་ ། དེའི་ཕྱེད་དཔོན་གྱི་ལེན ། ཕྱེད་ནོར་བདག་སྤྲོད ། ལོང་ཅན་ར་ཅན་གྱིས་བསད་པ་ལ་ རུ་དམར་ལ་རྒྱུག་སའི་སྐབས་སུ་རྒྱུག་རྟ་བཟང་བ་རྣམས་སྔོན་ལ་ རྒྱུགས་ཏེ་རང་རང་རྟའི་བཟང་ཁྱད་ཀྱི་གང་ལོན་པ་རང་རང་གི་ བདག ། རྟ་མཉམ་མགྱོགས་བྱུང་ན་ལྕག་གང་སླེབ་ཀྱི་ནོར་རང་ གི་བདག ། རམ་ཟླ་སླེབས་པའི་སྣར་འཕར་འཆོར་ལ་ཁད་མ་རོགས་ སླེབས་ཏེ་ལྷོག་ན་བགོ་ཤ ། དམག་ཐོག་ཏུ་རྒྱུགས་པའི་མི་ཟིན་ པ་དང་བསད་པའི་དོན་ལ་ ། དགྲ་དེ་རང་རྟ་གོ་ཁྲབ་ལེན ། |
![]() |
༡༦༧ རི་དྭགས་པ་རྣམས་ཀྱི་དོན་ལེན་ལུགས། སྔ་མ་རྟ་ཕོའི་མགྱོགས་ དར་ཡིན་གཞུང་ཀོ་མི་ཕོའི་འཐེབ་དར་ཡིན ། ལྕེ་བྲན་དཔའ་བོའི་ དཔའ་རྩལ་ཡིན། འབྲོང་ལ་མདའ་ལྔ་མ་སུས་ཐེབས་པ་དེས་ དོན་དེ་རྣམས་ལེན་ནོ།། ཡང་དོན་རྫི་བ་ལ་ཟུག་བཞི་ལེན་པ་ དང་། རྐང་ཡ་ལག་~~མ་~~ཡ་ལེན་པ་ཀྱང་འདུག་གོ ། རི་དྭགས་ གཅིག་གི་དེད་པས་ཁ་རྩར་རྒྱུགས་ཏེ་བསད་ན་དེ་ལ་ཡ་ལ་ཆེན་ པོ་བྱེད ། ཇག་གི་རིགས་ལ། དེ་སྔ་ཤེད་གྲ་གྲ་རོགས་རོག་ ཟེར་གཙང་བ་གཅིག་དང་ ། གསུམ་སྤྲོད་ཟེར་འབྲིང་བ་གཅིག་ དང་། ཕྱེད་ཤེར་ཟེར་ལོད པས ། གཞུང་གི་སྒེར་རུ་དང་བྱང་རིགས་སྦྲ་ནག་འཛིན་ མི་ལ་གསུམ་སྤྲོད་དང་། མིན་རོང་ཀླ་ཀློ་རྣམས་ལ་ཕྱེད་ ཤེར་སྤྲོད་པའི་སྲོལ་དུ་བྱས་པ་ མནའ་སྐྱེལ་ཟེར ། ཇག་པ་རང་གི་འབྲང་དཔོན་གྱི་སྐལ་ ཡིག་རྒྱབ་ཟས་པ་བརྡུང་བ་དང་ལ་ལུས་ཕུད ། བགོད་ཁུངས་ སུ་སེམས་ཅན་ཁ་གྲངས་འདི་ལས་བྱུང་རི་གསུང་རི་གསུང་ རབ་མགོ་ཐོག་ཏུ་བཞག་ནས་མནའ་སྐྱེལ་ ། དཔོན་གྱི་གནང་ཕུད་ གཡོག་གི་གནང་ཕུད་ ། ཨ་མཆོད་ཀྱི་ལས་ཚན་རྣམས་ཀྱི་ |
![]() |
༡༦༨ ས་ཁང་སློང་བ་རྣམས་མི་ཡོང་ ། ཤེར་ལེན་གྱི་མི་སྣ་ལ་ཆས་ ཤ་རྒྱུ་སྤྲད་པ་རྣམས་ཤེར་ཐོག་ཏུ་རྩི་དགོས་དེ་ཕྱིན་ལག་ཐོག་ཏུ་ སྤྲོད་རྒྱུ་རྣམས་ལ་གསུམ་སྤྲོད་སེམས་ཅན་ཆེ་ཆུང་ཅི་ཤོར་ ཀྱང་ཁ་གྲངས་ཇག་པས་མནའ་སྐྱལ་བ་རྣམས་ལ་གསུམ་ཟུར་ དུ་བྱས་ནས་ ། གསུམ་གཅིག་ལ་ཁ་ཚང་གསུམ་གཉིས་ ལ་དབྱར་གཉིས་གསུམ་ ། ཟུར་ལ་བེའུ་ལུག་སྤྲོད་པ་དང་། ཇག་པ་ཕྱོགས་ནས་ཀྱང་བར་པ་ཟེར་ ། མི་གང་ཕྱུག་བྱས་ ནས་བར་བཟན་ཟེར ། ཤེད་ཆེ་ཆུང་ལ་དཔགས་པ་ཟ་གང་ ཐུབ ། བྱ་འབབ་གཉེར་ཟེར་དཔོན་ཚང་གི་ལས་ཚན་རྣམས་ ལའང་སྟེར་དགོས ། ལྟས་མིག་དམར་ལབ་ཁ་དམར་ ཟེར ། དཔོན་གྱི་རྟ་རྫི་རྫིའུ་ཆུ་ལ་སོགས་པ་ཐམས་ཅད་ འཚངས་ནས་ ། དེ་རྣམས་ཀྱི་འང་འབྲེལ་གང་ཐུབ་བྱེད་ པ་ཞིག་འདུག་ནའང་ ། སྡེ་སྲིད་ཆོས་ཀྱི་རྒྱལ་པོ་འདི་ཉིད་ ཀྱིས་མཐའ་ཁྱབ་ཀྱང་ཁྲིམས་ལ་བཅུག་ཏེ ། གཞུང་གི་ སྒེར་དུ་དེད་པ་ལ་ཤེར་གྲྭ་གྲྭ་རོག་རོག་ཏུ་བྱས་ནས ། ངོ་ ཡོད་ངོ་དང་ངོ་མེད་སྐྱིན་ཚབ་ཏུ་སྒྲིགས་དགོས་པ་ལ་བཟའ་ བཏུང་ཕུད་པས ། ལག་ཡོད་འདི་~~དང་~~ལས་བྱུང་རི ། ད་ལྟ་ |
![]() |
༡༦༩ ལག་ཐོག་ནས་ངོ་མ་འདི་ལས་ཡོད་རི ། ངོ་མ་རྣམས་ལ་ཚབ་ལོ་ངེས་ མི་སྤྲོད་རི། སྟག་ལུང་མཆོད་ཁང་དམར་པོའི་ཤར་སྒོའི་ཇག་པའི་ དཀྲོག ། དེའི་སྤྲོད་འཇལ་ལ་དཔོན་ཚང་དམག་དཔོན་གྱི་ནང་ཕུད་ ཀྱང་འཇོག་དགོས། མར་པ་དཔན་ཚང་རང་གི་མི་བཟང་ བསམ་པ་ཆེ་བ་གཉིས་སམ་གསུམ་ཤེར་ལྟོས ། ཆེ་ཆུང་གི་ ཐོག་མ་ནས་རྒྱལ་མཆོད་དུ་མི་བར་པ་བཅུག་པ་དེས་བར་གཟན་ འབྲི་གཡག་དྲུས ། ལུག་གཉིས་གསུམ་སོགས་ཀྱི་མཐོ་དམན་ གཤེར་འགངས་ཆེ་ཆུང་དང་ ། བར་པ་ཁུར་ཆེ་ཆུང་གི་སྟེར་ ལུགས་བྱེད ། ལས་ཚན་རྣམས་ཀྱི་སློང་ན་ལུག་རེ་གཉིས་ གསུམ་བཞི་གང་འོས་སྟེར་དགོས། གཤེར་འདོན་ས་དཔོན་ ཚང་རང་གི་སྦྲའི་མདུན་དུ་བབས་པ་མ་གཏོགས་ལྟག་ཏུ་བབས་ ན་རྣམ་རྟོག་བྱེད ། ཆས་དཔོན་ཚང་རང་གི་ཀྱང་སྟེར ། ཤེར་པས་ཀྱང་འདེད་དགོས་ཤེར་དཔོན་མི་སྣ་ལ་བཅུ་ཁ ། དཔོན་ཚང་གི་སྟོན་མོ་ལ་ཤ་ཚང་ར་བྱུང་ཡང་ཁྱེར་ཆོག ། མི་བཟང་སྒེར་མགྲོན་གྱི་སྟོན་མོ་ལ་ཤ་ཚང་ར་བྱུང་ན་ཟས་ ལྷག་ཡོན་བདག་མར་ཕར་སྟེར ། རུ་བ་འདེགས་འགྲིམས་ ལ་ཚེར་དུ་སྡུད་ན་རྣམ་རྟོག་བྱེད་པས་མཉམ་པོར་འགྲིམས ། |
![]() |
༡༧༠ གཞུང་དུ་ཉེས་ཆད་སྟོད་པས་གཡག་གྲུས་ཕོའི་ཁ་གྲངས་དང་ ། རྨད་པས་ཇག་པའི་རྟ་འབུལ་བ་འདི་ཕྱིས་དཔོན་པོའི་ཚན་དོན་ གྱི་ཧོར་ཁྲིམས་ལ་ཆུགས་ཏེ་སྲལ་དོད་ཡིན་ཞིང་ ། གཞུང་ནས་ དོ་དམ་གནང་བའི་ཤེར་ལ་གཞན་མ་གོང་འདྲ་དང་ ། གཞུང་དུ་ ཆད་པ་མི་ཡོང་གནང་ཕུད་ཆ་ཕྱེད་དུ་སློག་པ་དང་ ། གསུམ་ སྤྲོད་དུ་སློག་པ་གཞུང་གི་དགོངས་པ་དང་སྟུན ། མནའ་གྲྭི་ མདུང་ཚོམས་ལྷ་རྟེན་གྱི་འོག་ཏུ་འཛུལ་བབ་མཐུས་པ་སོགས་ ཀྱི་སྲོལ་ཡོད་དོ།། དེས་རིགས་མཚོན་པའི་བྱ་བ་ཆེ་ཆུང་ གང་ཡང་བཟློས་པ་རྣམས་ལ་ཁྲིམས་ས་བར་པ་སུས་བྱས་ཀྱང་ཕྱོཊ་ ལྷུང་མེད་པའི་མི་ཤེས་གོང་ཕུད། དཀོན་མཆོག་དཔང་དུ་ བཙུགས་ནས་ ། སྲང་པོའི་རྒྱབ་སྐོར་གཡོ་ཅན་རྣམས་ཟོན་ སྐྱིམས ། སྤྲ་ཚལ་གྱི་ཚོ་ཟིན་ཉེས་པའི་ཚང་འབྲུ ། མ་ ཉེས་པ་ཟོལ་གྱི་བསྐྱངས་ནས་བདེན་ཐོག་ཏུ་ཁྱོལ་བ་ཞིག་ བྱས་ནས ། མི་སྣ་སྣེ་མོར་སླེབས་པ་རྣམས་ཀྱི་ཞབས་ རྟོག་ཏུ་འགྱུར་ཞིང་ ། རང་གི་དགེ་བ་ཙམ་བྱས་པ་ལས་ཚོགས་ ཆེ་བར་མི་རྣམས་ཀྱི་འདི་བཞི་སྤང་བླངས་བྱས་ནས་རང་མི་ གྲལ་ལ་ཆུག་ཅིང་ ། སྤྱི་ཁ་བྱམས་པ་ ། མི་ཐ་མལ་ |
![]() |
༡༧༡ བ་ཞིག་ཡིན་ཀྱང་སྤྱི་དཔོན་དུ་དེ་ཁའི་དགེ་བ་དང་བསོད་ནམས་ ཀྱི་རང་བཞིན་ལྷུན་གྲུབ་ཏུ་འགྱུར་བ་སོགས་དཔེར་ན་མང་བསྐུར་ རྒྱལ་པོའི་རྣམ་ཐར་གྱི་དཤེས་པར་བྱའོ།། གཟུར་གནས་དྲང་ པོའི་གཏམ་གྱི་གཞུང་བསྲངས་ཤིང་། མི་ཤེས་གོང་ཕུད་ཆོས་ རྒྱལ་རྣམ་ཐར་ལས།། རྒྱ་མཚོའི་ཆུ་ཐིག་ཟེག་མ་འཐུངས་པ་ཡིས།། འཇིག་རྟེན་ཞལ་ལྕེའི་སྤངས་བླངས་སྙོམས་འདོར་ལས།། ངོམས་པའི་ཡིད་དགའ་ཆ་ཙམ་འདོད་པ་ཡས། ། བློ་རྨོངས་རྣམས་ཀྱི་འདི་ལ་ཉམས་བཞེས་མཛོད།། ནར་འཕྲུལ་འདུག་ན་ཆོས་རྒྱལ་སྔ་ཕྱི་དང་། ། འཇིག་རྟེན་ཤེས་ལྡན་མཁས་པས་བཟོད་པར་གསོལ།། །། |
![]() |
༡༧༢ ༈ སྭསྟི ། སྲིད་ཞིའི་ཕུན་ཚོགས་འཆི་མེད་ལམ་ཡོངས་པོར ། ཚོགས་གཉིས་ངོ་མཚར་སྣང་བས་ཡོངས་འགེངས་པའི། ། རྫོགས་པའི་སངས་རྒྱས་ནམ་མཁའི་ནོར་བུ་ཆེ། ། ཆོས་དང་དགེ་འདུན་བཅས་ཀྱི་དགེ་ལེགས་སྩོལ།། ཨེ་མ་སྒྲོན་བསྐལ་གཉིས་པ་བཞིན། ། གསར་དུ་ཤར་བའི་རུས་བཟང་པོ། ། མཆོད་ཡོན་ཉི་ཟླ་ཟུང་གཅིག་གི། བཀའ་ཁྲིམས་སྟོབས་ཀྱི་འཁོར་ལོས་བསྒྱུར། ། མངའ་འབངས་དུས་བདེའི་དཔལ་ལ་སྤྱོད། ། སྐྱིད་པའི་ཉི་མ་གུང་ནས་ཤར། ། འདི་འདྲའི་བསྐལ་བཟང་མཐོང་མཉམ་བགྱིས། ། སྔོན་བསགས་བསོད་ནམས་མཐུ་ལས་འོངས། ། ཞེས་བརྗོད་ནས། འདི་སྐར་དུ ། ཕྱུག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། ། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་།། གང་ལ་ བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། |
![]() |
༡༧༣ ཞེས་གསུངས་བ་ལྟར ། བོད་ཁ་བ་ཅན་འདིར་འཕགས་པ་ འཇིག་རྟེན་དབང་ཕྱུག་ག་ཞིེང་ཁམས་དམ་པར་གྱུར་པས་གང་ལ་ གང་འདུལ་གྱི་ཚུལ་དུ་ ། སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུཾ་ དང་། ལོ་པཎ་བླ་མ་དགེ་བའི་བ་ཤེས་གཉེན་ ། རྒྱལ་བློན་སྐྱེ་ བོ་བྱང་སེམས་ ། རི་དྭགས་རྒྱལ་པོ་རུ་རུ་དང་། རྟ་མཆོག་ བཱ་ལ་ཧ་ལ་སོགས་པའི་བྱོལ་སོང་། མདོར་ན་གྲུ་ཟམ་པ་སོགས་ སེམས་ཅན་གྱི་དོན་དང་ཕན་ཐོག་ནུས འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབའ་ཞིག་ཡིན་པར་ ལུང་དང་རིག་པས་འགྲུབ་པ་བཞིན། ད་ལྟའི་རྒྱལ་མཆོག་དམ་ བ་འདི་~~ནི་~~ཉིད་གྱི་མཛད་པ་འཕྲིན་ལས་དང་ ། མཆོར་ཡོན་རྣམ་ གཉིས་ཀྱི་བཀའ་ཁྲིམས་བཟང་པོ་དུས་བདེ་ས་འཇམ་པས ། རྒན་ མོ་གསར་ལུག་མགོ་ཙམ་འཁྱེར་ནས་ཀྱང་རྒྱ་དབུས་ཀྱི་བར་བགྲོད་ ཅིང་བསྟན་པའི་གཙོ་བོ་ཇོ་ཤཱཀ་རྣམ་གཉིས་ལ་ཐོད་པ་གཏུགས་ ཏེ་རང་གི་ཐེག་པའི་སེམས་བསྐྱེད་དང་བསྟུན ། སྨོན་ལམ་གང་ ལ་གང་མཚམས་འདེབས་པ་དང་། རང་རང་གི་རྒྱུ་ལོངས་སྤྱོད་ ཅིང་འབྱོར ། ཇོ་ཤཀ་སྤྱན་སྔར་མཆོད་ཅིང་སྤྲོ་བས ། དགེ་ འདུན་གྱི་སྡེ་རྣམས་ལ་དགེ་བ་རྒྱ་ཆེར་བསྒྲུབས་མཆོག་པ་ལ་ |
![]() |
༡༧༤ སོགས་ཏེ་ ། ལུགས་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་ པ་ནི ། ཤབ་དང་ཤབ་མ་ཡིན་པར་ཐམས་ཅད་ཀྱི་གཟིགས་པ་ འདི་གའོ།། དེ་ཐམས་ཅད་ཀྱི་མཛད་པའི་རྣམ་ཐར་ནི ། སངས་ རྒྱས་ཀྱི་ཞིང་ཁམས་འབའ་ཞིག་ཏུ་སང་བས། བདག་སོགས་ བློ་དམན་རྣམས་ཀྱིས་གཞལ་བར་ག་ལ་ནུས་ཤིང་། འོན་ཀྱང་ སོ་སོའི་མོས་ངོར་ཤར་བའི་གཏམ་རྒྱུད་ཁུངས་བཙུན་གྱི་ལོ་རྒྱུས་ ཟུར་ཙམ་ཞིག་བརྗོད་པར། དེ་ཡང་བན་རྒན་བོང་བུས་ གཟིག་ལྤགས་གྱོན་ཏེ ། རྗོང་གསར་སྔགས་བདེ་ཆེན་དུ་ལོ་ ཤས་བསྡད་སྐབས་མི་བདག་གི་བླ་མ་ལམ་ཟབ་མོ་རིམ་པ་ལྔ་ ཁྲིད་ལ་སྐུ་དྲིན་ཆེ་བའི་བ་ཤེས་གཉེན་དོན་དང་མཐུན་པ་གླིང་སྨད་ ཞབས་དྲུང་རིན་པོ་ཆེའི་གསུང་རྒྱུན་དང་། སྐྱིད་ཤོད་ཆོས་ ཁྲིམས་པ་ཞེས་སྐྱེ་བོ་ཤེས་རབ་ཆེ་ཤིང་དབང་པོ་ཡོད་པ། མདོ་ རྒྱུད་ལ་མཐོང་རྒྱ་ཆེ་བ་ ། ཆོས་འབྱུང་དེབ་ཐེར་གྱི་རིགས་ལ་ འགྲིས་པ་ཞིག་ཡོད་པ་དེ་དང་། ཆོས་རྗེ་སྐུ་སྐྱེ་ཞེས་དགེ་ ལུགས་བླ་མ་ཞིག་གི་སྐུ་སྐྱེ་ཡིན་པ་ལ་ལས་དཔང་གི་ཁྱིམ་ འཐབ་ཏུ་བབས་པ། གཏམ་རྒྱུད་ཡིག་རིགས་ལ་ཤིན་ཏུ་ འདྲིས་པ་ཞིག་ཡོད་པའི་གཏམ་རྒྱུད་ ། སྐྱེད་ཤོད་ལུང་པ་ |
![]() |
༡༧༥ འདི་འདུས་པ་ཆེ་བའི་ལྷོ་བྱང་སྟོད་སྨད་ཐམས་ཅད་ཀྱི་མནའ་གཏམ་ ཁུངས་བཙུན་པ་ཐོས་པ་དང་། ཡིག་བྲིས་འདྲ་ཡང་མཐོང་བས་ མཆོད་ཡོན་གྱི་མཛད་པ་རྒྱ་མཚོ་ལས་ཆུ་ཐིག་ཙམ་ཞིག་བརྗོད་ པར་བྱ་ཏེ ། རྒྱལ་མཆོག་དམ་པ་འདི་ཉིད་ཀྱི་འཁྲུངས་རབ་ཐོག་ མ་འཕགས་པ་སྦྱན་རས་གཟིགས་ཀྱི་རྣམ་པར་སྤྲུལ་པ་འབྲོམ་ སྟོན་རྒྱལ་བའི་འབྱུང་གནས་འདི་ཉིད་ཡིན་ལ། དེའི་རྣམ་ སྤྲུལ་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་། ཐམས་ ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཞེས་མཁས་གྲུབ་གཉིས་ འཛོམས་དགེ་བའི་བ་ཤེས་གཉེན་དེའི་སྤྲུལ་བ་ཐམས་ཅད་ མཁྱེན་གཟིགས་ཆེན་པོ་བསོད་ནམས་རྒྱ་མཚོ་དེ་ཉིད་གྱི་སྤྲུལ་ པའི་སྐུ་མཆོག་ཐམས་ཅད་མཁྱེན་པ་མཁས་ཤིང་གྲུབ་པ་ བརྙེས་པའི་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རིམ་པར་དེ་མ་ཐག་ ཕེབས་པ་རྣམས་ནི་སོ་སོའི་རྣམ་ཐར་ཆེན་མོ་རྣམས་ལ་གསལ་ བ་ལྟར་ ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ རྒྱལ་དབང་དུ་རྣམས་ཀྱི་ཐུགས་རྗེའི་རྒྱ་མཚོ་ལས་ ། ཡིད་ བཞིན་གྱི་ནོར་བུ་མངོན་པར་སྤྲུལ་པ་། རྒྱལ་བ་བློ་བཟང་རྒྱ་ མཚོ་ཞེས་ཐུགས་རྗེའི་འཕྲིན་ལས་དང་། སྙན་གྲགས་ |
![]() |
༡༧༦ ཀྱི་བ་དན་དཀར་པོ་སྲིད་གསུམ་གྱི་རྩེ་ནས་མངོན་པར་འཕྱར་བ་འདི་ ཉིད་ཀྱི་བར་དུ་ཟམ་མ་ཆད་པ་ཕེབས་ཤིང་། རྒྱལ་བ་འདི་རྣམས་ ལ་སྔོན་རྒྱ་གར་དུ་སངས་རྒྱས་རེ་རེར་འཁོར་ལོས་བསྒྱུར་བའི་ རྒྱལ་པོ་རེ་རེ་འབྱུང་བ་དང་། དུས་ཆོས་མཚུངས་པར་ ། ཐམམ་ཅད་མཁྱེན་ཅིང་གཟིགས་པ་རྗེ་རིན་པོ་ཆེ་བསོད་ནམས་ རྒྱ་མཚོ་དང་དུས་མཚུངས་པར་སོག་ཡུལ་ཡངས་པའི་རྒྱལ་ ཁམས་ ། ཨལ་ཏན་ཆོས་ཀྱི་རྒྱལ་པོ་བསོད་ནམས་ དང་སྟོབས་འབྱོར་གྱི་མངོན་པར་མཐོ་བའི་རྒྱལ་རྒྱུད་ཆེན་པོ་ ཞིག་བྱུང་ཞིང་ ། མདོ་རྒྱུད་རྣམས་ནས་ལུང་བསྟན་པ་ ལྟར ། སངས་རྒྱས་ཀྱི་བསྟན་པ་འདི་བྱང་ནས་བྱང་གི་ ཕྱུགས་སུ་རྒྱས་པར་འགྱུར་རོ།། ཞེས་གསུངས་པ་ལྟར་ སྨོན་ལམ་གྱི་དབང་གི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ བསོད་ནམས་རྒྱ་མཚོ་དང་ ། ཨལ་ཏན་ཆོས་ཀྱི་རྒྱལ་པོ་ མཆོད་ཡོན་དུ་འབྲེལ་། སོག་ཡུལ་མཐའ་ཁོབ་ཀྱི་ ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ བར་མཛད་ ། རྒྱལ་བ་འདི་ཉིད་ཀྱི་སྤྲུལ་པ་རྒྱལ་བ་ཡོན་ ཏན་རྒྱ་མ་ཚོ་ཞེས་མཁས་ཤིང་གྲུབ་པ་དེ་ཉིད་ །ཐུ་མེད་ |
![]() |
༡༧༧ ཀྱི་རྒྱལ་རྒྱུད་དུ་འཁྲུངས ། འདི་དང་དུས་མཉམ་དུ་རྒྱལ་པོ་ འཁོར་ལོ་ཆེ་ཞེས་སྟོབས་དང་མངའ་ཐང་ཞིག་བྱུང་ཞིང་། མཆོད་ ཡོན་འདི་ཉིད་ཀྱིས་ཀྱང་ ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ བྱེ་བྲག་ཏུ་ཡང་གསར་སྔགས་རྡོ་རྗ་ཐེག་པའི་བསྟན་པ་ཆེས་ཆེར་ རྒྱས་པར་མཛད་ཅིང་ ། རྒྱལ་བ་དེའི་རྣམ་པར་སྤྲུལ་པ། རྒྱལ་ མཆོག་དམ་པ་བློ་བཟང་རྒྱ་མཚོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་ ལུགས་གཉིས་ཀྱི་སྒོ་ནས་མངོན་པར་མཐོ་བ ། ཐམས་ཅད་ མཁྱེན་པ་ཆེན་པོ་དང་མཐུན་པ་མཁས་ཤིང་གྲུབ་པ་འདི་ཉིད་ ཟ་ཧོར་ཆོས་ཀྱི་རྒྱལ་པོའི་རིགས་སུ་ངོ་མཚར་བའི་ལྟས་དང་ བཅས་ཕེབས། དེ་དང་དུས་མཉམ་པར་སྔོན་གྱི་སྨོན་ ལམ་ཟབ་མོས་མཚམས་སྦྱར་ཏེ་བསྟན་འཛིན་ཆོས་ཀྱི་རྒྱལ་ པོ་ཞེས་གྲགས་པ་འདི་ལྟ་སྟེ ། སྔོན་བསགས་བསོད་ནམས་ གནམ་གྱི་ཤེ་མོང་དེས། །བོད་ཡུལ་གངས་ཅན་རྒྱལ་པོར་ དབང་བསྐུར་བ། །ཆོས་ཀྱི་རྒྱལ་པོ་བསྟན་འཛིན་རྣམ་པར་ རྒྱལ། །ལུགས་གཉིས་བསྟན་པའི་བདག་པོ་དེ་ལ་འདུད། ཅེས་བསྟོད་པར་འོས་པའི་རྒྱལ་རྒྱུད་ཆེན་པོ་དཔའ་ཞིང་བརྟུལ་ ཕོད་པ་ ། དགོངས་པ་སྐྱེལ་ཟབ་པ། རང་བཞིན་བཟང་ |
![]() |
༡༧༨ བ ། སངས་རྒྱུས་ཀྱི་བསྟན་པ་ལ་གུས་པ་ ། དམ་ཚིག་ལ་གནས་ པ། མངའ་འབངས་ལ་བྱམས་པ། བཀའ་ཁྲིམས་ བཙན་པ ། རྒྱུ་ནོར་ལ་གསེར་དང་བོད་པ་མཉམ་པ ། ཆོས་ཀྱི་རྒྱལ་པོ་མཚན་དོན་དང་མཐུན་པ་འདི་བྱུང་། དེའི་ སྐུ་རིག འཛམ་གླིང་འདིར་རྒྱལ་པོ་ཆེ་བའི་རིགས་དྲུག་ཡོད་པ་ནི ། རྒྱ་གར་ཆོས་ཀྱི་རྒྱལ་པོ། གེ་གསར་དམག་གི་རྒྱལ་པོ ། འབའ་དྷ་ཧོར་གྱི་རྒྱལ་པོ། བོད་ནི་བློ་བུར་གྱི་རྒྱལ་པོ་སོགས་ ཡོད་པ་ལས་ ། རྒྱ་གར་ཆོས་ཀྱི་རྒྱལ་པོ་ནི། གླང་ཆེན་ སྣ་ལ་བུམ་པ་ཐོགས་ཏེ་དབང་བསྐུར་བ་དེས་རྒྱལ་ས་འཛིན་པ་ དང་། རྒྱ་ནག་གི་རྒྱལ་པོ་ནེ་ཚེ་རིངས་གནམ་གྱི་ཤེ་མོང་ ཞེས། ཤེལ་གྱི་དམ་ཁ་བྱ་ཚེ་རིང་གིས་གང་ལ་གཏད་པ་ དེས་རྒྱལ་ས་འཛིན་པ་དང་། འབའ་དྷ་ཧོར་གྱི་རྒྱལ་པོ་ འཇུ་ལང་གི་ཁྲི་འཛིན་པ་དེས་རྒྱལ་རྒྱུད་འཛིན་པ་དང ། སྙག་གཟིག་ནོར་གྱི་རྒྱལ་པོ་ནི། ཕྱིའི་རྒྱ་མཚོ་ནས་ཡིད་ བཞིན་གྱི་ནོར་བུ་ལོན་པ་དེས་རྒྱལ་ས་འཛིན་པ་དང་ ། གེ་སར་ དམག་གི་རྒྱལ་པོ་ནི ། ཕ་རོལ་རྒོལ་བའི་དམག་གི་དཔུང་ལས་ |
![]() |
༡༧༩ རྣམ་པར་རྒྱལ་བ་དེས་རྒྱལ་ས་འཛིན་པ་དང་ ། བོད་འདི་མང་པོས་ བསྐུར་བ་ཞེས་སྤྱི་ཁ་མཐུན་པས་རྒྱལ་ས་འཛིན་པ་སོགས་ཡོད་པ་ལས། རྒྱ་དཀར་ནག་དང་བོད་རྟོགས་པར་སླ་ཞིང་། སྟག་གཟིག་ནོར་གྱི་ རྒྱལ་པོ་ནི་རྒྱ་གར་ཁ་ཆེའི་མཐའི་སོག་པོ་ཕྱིའི་རྒྱ་མཚོ་ཆེན་པོ་ནས་ ནོར་བུ་ལེན་པ་འདི་རྣམས་ཡིན་ཞིང་། འབའ་དྷ་ཧོར་གྱི་རྒྱལ་པོ་ ནི ། སོག་པོ་གཞུང་དྲུག་ཏུ་བྱས་པ་འདི་ཡིན་པ་དང་། གེ་སར་ དམག་གི་རྒྱལ་པོ་ནི ། ཨ་རོད་ཚོ་པ་དྲུག་གི་རྒྱལ་བརྒྱུད་དེའི་ནང་ ནས་བསྟན་འཛིན་ཆོས་ཀྱི་རྒྱལ་བོ་འདི། ཀླུ་དབང་རྒྱལ་པོའི་ གཙུག་གི་ནོར་བུ་ལྟར་མངོན་པར་མཐོ་བ་འདི་ཉིད། རྒྱལ་མཆོག་ དམ་པ་འདི་ཉིད་ལ་སྐུ་ཚེ་ཚེ་རབས་སྔོན་མ་ནས་སྨོན་ལམ་བཟང་ པོས་མཚམས་སྦྱར་དུས་མཉམ་པར་ཕེབས་བ་འདིའོ། ། རྒྱལ་མཆོག་དམ་པ་འདི་རྣམས་ན་རིམས་སུ་འཕྲིན་ལས་ཁ་ལོ་ པ་། གུ་ཤྲིའི་ལས་ཁ་འཛིན་པ ། བློ་གྲོས་བསོད་ནམས་ ཀྱིས་མངོན་པར་ཕྱུག་པའི་དཔའ་བོ་ཆེན་པོ་རིམ་པར་བྱོན་པ་ནི ། སྔོན་ཕག་གྲུ་བཀའ་རྒྱུད་ཀྱི་སྐབས་དྲུང་ཆེན་རིན་པོ་ཆེའི་ཏའི་སི་ཏུ་ ཞེས་ལེགས་གཉིས་ཀྱི་སྒོ་ནས་ཐེལ་པའི་བསྟན་པ་དང་ ། སྦྱན་ སྔ་ན་རིམས་ཀྱི་འཕྲིན་ལས་ཆེས་ཆེར་སྤེལ་བར་མཛད་ཅིང་ ། |
![]() |
༡༨༠ དེང་སང་གི་བར་དུ་ཡང་སྡེ་སྲིད་སྣེའུ་གདོང་རྩེ་པ་ཞེས་སྡེ་དཔོན་ཁུངས་ བཙུན་པར་བྱེད་པ་འདི་དང་ ། ཞང་རིན་པོ་ཆེ་ཚལ་པའི་དུས ། བླ་མཞང་གི་གདན་ས་ན་རིམས་ཀྱི་འཕྲིན་ལས་པ་དཔོན་རབས་ཚལ་ པ་ཁྲི་དཔོན་དགའ་བདེའི་དཔལ་སོགས་རྒྱ་ནག་གོང་མའི་ལས་ཁ་འཛིན་ ཅིང་ ། ཚལ་པའི་བསྟན་པ་སྐྱོང་བའི་དཔོན་རབས་རིམ་པར་བྱུང་ འདུག་པ་དང་། དཔོན་རབས་ཀྱི་ཐོག་མར་ནང་སོ་རྒྱ་ལེ་ནས་ཞེས་ དཔའ་བོ་ཕུར་བུའི་བློ་གྲོས་དང་ལྡན་པ་རིམ་པར་བྱོན་པ་རྣམས་ཀྱི་ སྐུའི་རིགས་རུས་ཀྱི་དབང་དུ་བྱས་ན། མདོ་ཁམས་ཀྱི་ཕྱོགས་ སུ་ཡུལ་ལྡན་མ་ན ། གྲོང་ལེ་མ་གྲོང་ཞེས་ཡོད་པར ། རྒྱའི་མི་ དཔོན་སྐུ་བསོད་དང་དད་པ་ཆེ་བ་རང་བཞིན་བཟང་བ་སངས་རྒྱས་ ཀྱི་བསྟན་པ་ལ་ལྷག་པར་གུས་པ་ཞིག་ཡོད་པ་དེ ། མདོ་ཁམས་ སུ་ཡར་འཕོས་ལེ་མ་གྲོང་དུ་ཕྱག་ཕེབས་པས ། དེ་ལ་སྐུ་ཆེད་ ཀྱི་རིགས་རུས་རིམ་པར་བྱོན་པའི་ནང་ནས་ ། དད་པ་བློ་གྲོས་ དང་ལྡན་པ་མཆེད་གཉིས་ཀྱི་ལྷ་ལྡན་ཇོ་ཤཱཀ་གི་སྙན་གྲགས་ལ་ དད་པ་ལྷག་པར་འཁྲུངས་ཤིང་ ། རྒྱལ་བ་ཙོང་ཁ་པ་བློ་བཟང་གྲཊ་ པའི་བསྟན་པ་སྐྱིད་ཤོད་ན་དར་བའི་སྙན་གྲགས་གསན་ནས་ ། ཉི་མ་དབུས་ཕྱོགས་སྐྱིད་ཤོད་དུ་ཕེབས་ ། ཡུལ་སྟོད་ལུང་ |
![]() |
༡༨༡ དུ་གདན་ཆགས་སར་སྐུ་རུས་རྒྱ་ཡིན་པ་དང་ ། ཁམས་ཀྱི་གྲོང་མིང་ གཉིས་ཀའི་མཚན་ཆགས་ཏེ ། སྟོད་ལུང་རྒྱ་ཆེར་གྲགས ། མཆེད་ གཉིས་ཀྱི་སྐུ་རུས་དཔའ་བརྟུལ་དང་འབྱོར་པ་བློ་གྲོས་དང་ལྡན་པས་ སྐྱིད་ཤོད་ཀྱི་སྐྱེ་བོ་ཐམས་ཅད་ཀྱི་བློའི་གཏོད་ རྒྱགས་ཀྱི་སྐྱི་ས་བྱེད་པ། ཤེས་བྱ་འགྲན་པའི་ཟླ་ཐམས་ཅད་དང་ བྲལ་བ་རིམ་པར་བྱོན་པའི་ནང་ནས ། ས་ཡི་ཚངས་པ་ཆེན་པོ་ རྒྱ་ལེ་ཆོས་ཀྱི་མཛད་པ་མཁའ་ལྟར་ཁྱབ་པ་གྲགས་ལྡན་སྐུ་བསོད་ ཀྱི་མངོན་པར་མཐོ་བ་དེས། རྒྱལ་བ་བསོད་ནམས་རྒྱ་མཚོ་དང་ ། ཡོན་ཏན་རྒྱ་མཚོ་གཉིས་ཀྱི་གུ་ཤྲིའི་ལས་ཁ་འཛིན་པར་མཛད། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ ། ཡང་སྒོས་དཔལ་རི་དགའ་ ལྡན་པའི་བསྟན་པ་མཐའ་རྒྱས་སུ་མཛད་ཅིང་རིགས་རུས་དེ་རྣམས་ ལ་འཁྲུངས་པའི་ད་ལྟའི་སྡེ་སྲིད་བསོད་ནམས་ཆོས་འཕེལ་ཞེས་ ལུགས་གཉིས་ཀྱི་མཛད་པ་བསམ་གྱི་མི་ཁྱབ་པ་ ། མངོན་མཐོ་ བསོད་ནམས་ཀྱི་དཔལ་ལ་ལེགས་པར་གྲུབ་པས་རྒྱལ་རྒྱུད་ཆེན་ པོ་རྣམས་དང་། སྐྱེ་བོ་མཆོག་དམན་རྣམས་ཀྱི་གཙུག་ཏུ་ འཁུར་བ་འདི་ཉིད ། རྒྱལ་མཆོག་དམ་པ་འདི་དང་དུས་མཉཾ་ པར་སྨོན་ལམ་རྟེན་འབྲེལ་གྱིས་མཚམས་སྦྱར་ནས་ཕེབས། |
![]() |
༡༨༧ འཕྲིན་ལས་ཤིང་རྟ་གྱེན་དུ་འདྲེན་པའི་ཁ་ལོ གུ་ཤྲིའི་ལས་ཁ་ཡང་འཛིན་པར་མཛད། བསྟན་འཛིན་ཆོས་ཀྱི་ རྒྱལ་པོ་དང་ཐུགས་ཡིད་གཅིག་ཏུ་འདྲེས ། གནམ་ལ་ཉི་ཟླ་ཟུང་ གཅིག་དང་ས་ལ་མཆོད་ཡོན་རྣམ་གཉིས་སུ་གྲགས་པ་ ། འུར་ གཏམ་སྙན་ངགས་ཀྱི་སྒྲོ་བཏགས་མ་ཡིན་པ་འདིའོ།། རྒྱལ་མཆོག་ དམ་པ་འདི་ཉིད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་ མཛད་ཅིང་། རྒྱ་ནག་གོང་མ་རིན་པོ་ཆེ་དང་མཆོད་ཡོན་དུ་ འབྲེལ་ཅིང་། ཐུགས་རྗེ་དང་རྫུ་འཕྲུལ་གྱི་རྒྱ་ནག་ལོ་ཕྱེད་ གཉིས་ལ་ཞབས་ཀྱི་བཅགས་ ། ལྷ་ལྡན་གྱི་ཡུལ་དུ་སྙན་གྲགས་ བསམ་གྱི་མི་ཁྱབ་པ་དང་བཅས་ཕྱག་ཕེབས ། སྔོན་འགྲོ་ མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ལ་ཕེབས་པའི་ས་ཧོར་ མཆོད་ཡོན་དུ་འབྲེལ་བའི་རྣམ་ཐར་ཡིག་ཚང་ལས་ཀྱང་ ། རྒྱལ་མཆོག་དམ་པ་འདི་ཉིད་ཐུགས་རྗེ་དང་རྫུ་འཕྲུལ་ཆེ་བར་ གྲགས་སོ།། མཆོད་ཡིན་འདི་གསུམ་གྱིས་ལུགས་གཉིས་ ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པ་ དང་། སེམས་ཅན་གྱི་བདེ་ཐབས་དགའ་བདེའི་དཔལ་ལ་ ལོངས་སྤྱོད་པར་གྱུར་ཅིག ། ལྷག་པར་དཔལ་རི་བོ་ |
![]() |
༡༨༣ དགའ་ལྡན་པའི་བསྟན་པའི་མེ་རོ་རྨངས་ནས་གསོ་བར་མཛད་ནས། སེར་འབྲས་དགེ་གསུམ་གྱིས་གཙོས་ཆོས་སྡེ་སྙིང་པ་རྣམས་ཀྱི་ ཉམས་གསོས་དང་། གསར་འཛུགས་ ། ཆོས་སྡེ་དང་ གྲྭ་ཚང་ཆེ་ཆུང་སོགས་དགེ་འདུན་ཁྲི་ཁྲག་མིང་པོ་འཛུགས་པར་ མཛད་ནས་ཞྭ་སེར་ཅན་གྱི་ནམ་མཁའི་མཐའ་ཚུན་ཆད་ཁྱབ་པར་ མཛད་ཅིང་ ། དཔལ་གྱི་ཆོས་འཁོར་ལྷ་སའི་ཞབས་ཏོག་རྒྱ་ ཕིགས་འཕར་མ ། མདའ་ཡབ་ ། བྱ་འདབ་ལ་སོགས་ པ་དང་། ཁྱམས་ཀ་བཾ་རྒྱ་དང་བརྒྱད་། ཤིང་བརྩེགས་བཅུ་ གཉིས་ཀྱིས་བརྒྱན་པ། ཤིང་རྩི་ལྡེབ་རིས་བསྐལ་བཟང་ སངས་རྒྱས་སྟོང་གི་ཡབ་ཡུམ་རིམ་གྲོ་པ་དང་འདུས་པ་ལ་ སོགས་པ་ན་བཟའ་དང་ཡུལ་ལྗོངས་མཚོན་ཁྲ་ཙམ་མ་ གཏོགས་འཛམ་བུ་ཆུ་བོའི་གསེར་སྦྱིབས་བྱུགས་སུ་མཛད་ ནས་འོད་ཀྱི་མཚན་མོ་ཡང་ཡི་གེ་ལྷོགས་པ་ཙམ་~~མ་~~གྱི་མདངས་ གསལ་བ་ ། གསེར་དངུལ་རིན་པོ་ཆེའི་རིགས་དང་ ། ཟ་འོག་གོས་དར་གྱི་མཆོད་སྤྲིན་བསམ་གྱི་མི་ཁྱབ་པ་མཛད་ ཅིང་ ། དམར་པོའི་རི་ལ་འཕགས་པ་སྦྱན་རས་གཟིགས་ ཀྱི་ཕོ་བྲང་པོ་ཏ་ལ་སྒྱུ་མ་སྤྲུལ་པ་བཞིན་བཟོ་བཀོད་ཕུན་སུམ་ |
![]() |
༡༨༤ ཚོགས་པ་བཞེངས་པ་གནང་ཞིང་། འཕགས་པ་ལོ་ཀེ་ཤྭ་ར་རྟེན་གྱི་ གཙོ་བོར་བཞུགས་སུ་གསོལ། དེས་གཙོས་པའི་རྒྱ་ནག་གི་སྐུ་ གསུང་ཐུགས་རྟེན་ལི་མ་ཁྱད་འཕགས ། སངས་རྒྱས་བྱང་ སེམས་ཀྱི་འཕེལ་གདུང་ ། བཀའ་འགྱུར་བསྟན་འགྱུར་སོགས་ བོད་སྤྱིའི་བསོད་ནམས་གསོགས་པའི་བྱིན་རླབས་ཀྱི་རྟེན་ཏིལ་ གྱི་གང་བུ་བཞུགས་སུ་གསོལ་བར་མཛད། རྗེ་རིན་པོ་ཆེའི་ མཛད་ཆེན་གྱི་ཐོག་མར་ལྷ་ས་སྨོན་ལཾ་ཆེན་མོར་དགེ་འདུན་གྱི་སྡེ་ ཁྲི་ཕྲག་མང་པོ་ལ་བསྙེན་བཀུར་ཞབས་ཏོག་མང་འགྱེད་ སོགས་དཔལ་གྱི་ཆོས་འཁོར་ལྷ་ས་འདི་སྤྱི་མཆོད་ཆེན་མོར་ སོང་བའི་ ། སྔ་རབས་སྡེ་དཔོན་བླ་མ་གྲུབ་མཐའ་རིས་མེད་ ཀྱི་ཞབས་ཏོག་གནང་བའི་ཡིག་ཚངས་དང་ལོ་རྒྱུས་མང་བར་ འདུག་ནའང་ ། དེ་ཐམས་ཅད་ཀྱི་ནང་ནས་ ། མཆོད་ ཡོན་འདི་གསུམ་གྱི་ཞབས་ཏོག་གནང་བ་ནི་འགྲན་གྱི་ཟླ་དང་ བྲལ་བ་ཡིན ། མཆོད་ཡོན་འདི་གསུམ་གྱི་ལུགས་གཉིས་ བཀའ་ཁྲིམས་བཟང་པོའི་བཀའ་ཤོག་དམར་ནག་གི་ལུང་ གིས་སྟོད་ཛཱ་ཏི་རྒྱུག་པས་བརྡུང་ས་ནས ། སྨད་རྒྱ་མོ་ དར་འཐག་ས་ཚུན་ཁྱབ་པར་མཛད་པའི་བཀའ་ཁྲིམས་བཟང་ |
![]() |
༡༨༥ ཆོས་ཁྲིམས་དར་གྱི་མདུད་པ་ལྟར་འཇམ་ཞིང་། རྒྱལ་ཁྲིམས་ གསེར་གྱི་གཉའ་ཤིང་ལྟར་བརྗིད་ཞིང་ནོན་པ་ནི་འདི་ལྟ་སྟེ ། ཆོས་རྒྱལ་ནམ་མཁའི་ནོར་བུའི་ལུང་གི་ནི།། སྣེ་མོ་ལས་འཛིན་འོད་སྟོང་འཕྲོས་པ་ཡིས།། མངའ་འབངས་པདྨོའི་འཚལ་རྣམས་མ་ལུས་པ། ། དགེ་ལེགས་འདབ་བརྒྱ་བཞད་པའི་དཔལ་དུ་མཛད།། ཅེས་བཀའ་ཁྲིམས་ཀྱི་རྩ་བའི་སྡོམ་གནང་བ་ནི་འདི་ལྟ་སྟེ། སླར་འདི་ཁའི་མཚམས་ལ་སྐྱེལ་རྩིས་བྱས་ད་ལམ་འདིར་མ་ བཀོད། ཅེས་ལུང་བཟང་པོ་རྒྱ་བོད་ཐམས་ཅད་དུ་གྲགས་པ་ གནང་འདུག་པ་དང་། ཆོས་ཁྲིམས་ཀྱི་དགོངས་པ་ཟབ་མོ་ ནི། སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ རིན་པོ་ཚེ་ ~~གཙོ་བོར་དགེ་འདུན་སྡེ་ཆེ་ཆུང་~~ལ་རག་ལུས་པར་དགོངས ། དེ་ཡང་བསྟན་འཛིན་གྱི་སྐྱེས་བུ་དམ་པའི་བཤད་སྒྲུབ་དང་། འཛིན་སྐྱོངས་ལ་རག་ལས་པར་ན། བསྟན་པ་རིན་པོ་ཆེའི་ རྩ་བ་སོ་སོར་ཐར་པ་ལུང་གི་བསྟན་པ་ཡིན་པས་གཙོ་བོར་ དགེ་འདུན་སྡེ་ཆེ་ཆུང་རྣམས་ཀྱི་གདན་ས་ ། མཁན་སློབ་ཟུར་ |
![]() |
༡༨༦ འཆད་དང་བཅས་པས་བསྟན་པ་རིན་པོ་ཆེའི་ཁུར་ཆེན་རྩལ་དུ་བཏོན་ ངོས་ ། གྲྭ་པ་དགེ་འདུན་རྣམས་ཀྱིས་རང་རང་གི་ས་ནས་ཀྱང་ ཚུལ་ཁྲིམསཾ་རིན་པོ་ཆེ་བསླབ་པ་རྣམ་པར་དག་པ་ལ་གཞི་ བཅོལ ། བཅས་པ་རང་བཞིན་ཁ་ན་མ་མཐོ་བའི་འཕམ་ པ་དང་ ། ཉེས་བ་ལྟུང་བ་མེད་ངོས་ཐོས་བསམ་རང་བཤད་ ཉན་ལ་རྩལ་དུ་འདོན་པ་དང་། སྒྲུབས་སྡེའི་སྒོམ་གྲྭ་སོ་སོའི་ བླ་མ་རྣམས་ཀྱིས་སྙིང་པོའི་བསྟན་པ་ ། འཁྲིད་སྟོན་སྒོམ་ སྒྲུབ་སོགས་ཚུགས་ལ་བཟང་བ་ Original copy ends here; is incomplete. Probably little is wanting, perhapts one or two leaves. Last leaf of original copy 89 Copied by Gegan Dungyik Phuntshogs. In March 1923. Finished 24/3/1923. Original copy brought from Tibet, on loan, by the Dorjedan Geshe. J.M. See for this work its summary in the Gazetteer of Sikhim, pp. 46 ffl., on "Sikhim Laws". It is the same work as the one described there. |